ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

པདྨ་རྫོང་ནས་གནའ་བོའི་བྲག་བརྐོས་རི་མོ་རྙེད་པ།

སྤེལ་དུས 2018-05-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
              མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། བྲག་བརྐོས་རི་མོ་ནི་རྡོ་བརྐོས་རིག་གནས་ཤིག་ཡིན་ཞིང་། མིའི་རིགས་ཀྱི་མེས་པོ་ཚོས་རྡོ་ཆས་ལག་ཆར་བྱས་ནས། ཁོང་ཚོའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ནང་དོན་མཚོན་པར་བྱེད་པ་དང་ཟིན་ཐོར་བཀོད་ཡོད། དེ་ནི་མིའི་རིགས་སྤྱི་ཚོགས་ཀྱི་སྐལ་བ་ཡ་ཐོག་གི་རིག་གནས་སྣང་ཚུལ་ཞིག་ཡིན་ལ། མིའི་རིགས་ཀྱི་མེས་པོ་ཚོས་རྗེས་རབས་པར་བཞག་པའི་རིན་བྲལ་གྱི་རིག་གནས་ཤུལ་བཞག་ཞིག་ཀྱང་ཡིན་པ་རེད།
              ཉེ་ཆར། པདྨ་རྫོང་ཁོངས་ནས་གནའ་བོའི་བྲག་བརྐོས་རི་མོ་ཚོ་གཅིག་གི་རྗེས་ཤུལ་རྙེད་པ་རེད། ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད། བྲག་བརྐོས་རི་མོ་འདི་དག་ཧྲག་ཅིང་བསྡུས་ལ་བབ་ཆགས་གནའ་ཉམས་དོད་པ་དང་། རང་བྱུང་གི་བྱ་ཐབས་སྤྱད་དེ་བྲིས་པ་ཤ་སྟག་ཡིན་ཞིང་། ནང་དོན་དུ་མི་སྣའམ་སྲོག་ཆགས་ཡིན་པ་རེད།
              ཐེངས་འདིར་གསར་རྙེད་བྱུང་བའི་གནའ་བོའི་བྲག་བརྐོས་རི་མོ་འདི་དག་གཅིག་ཏུ་འདུས་ཡོད་པ་དང་། ཁྱོན་རི་མོ་100ལྷག་ཙམ་རྙེད་པ་འདི་དག་གསལ་པོར་མཐོང་ཐུབ་པ་དང་། རི་མོའི་རྣམ་པ་ནི་འབུར་ཀོང་ཚུལ་དུ་བཀོད་ཡོད་པ། ཕལ་ཆེར་བ་ནི་རླུང་བཀག་ཉི་གཏད་ཀྱི་རི་སུལ་དང་། བྲག་ལྡེབས། རྡོ་ཐལ་བྲག་རྡོ་བཅས་ཀྱི་ཐོག་ཆགས་ཤིང་། གཙོ་བོ་ནི་གསའ་དང་ཤྭ་བ། རྟ་རྒོད་། འབྲོང་། བྱ་རྒོད། སྤྱང་ཀི ལུག་སོགས་ཡིན་པ་རེད།
              པདྨ་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཡ་དགའ་རྡོ་རྗེས། ཐོག་མར་ས་གནས་དེ་གའི་རྒན་རབས་པས་རྙེད་པ་དང་། དེ་ནས་ཡུལ་དངོས་སུ་བསྐྱོད་ནས་བརྟག་དཔྱད་དང་ཆེད་ལས་མཁས་པར་བློ་འདྲི་བྱས་རྗེས། པདྨ་རྫོང་གི་བྲག་བརྐོས་རི་མོ་འདི་དག་ལ་ཧ་ལམ་ལོ་ངོ་བརྒྱ་ལྷག་གམ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་ཅེས་བཤད།