གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་ལྟ་བཤེར་སྒྲིག་གཞི་སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ།

སྤེལ་དུས 2018-06-14 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར།
                འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་དུས་འཚོགས་པའི་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱི་རིམ་ཁག་ལྟ་བཤེར་ཨུ་ལྷན་བཙུགས་པ་ནས་བཟུང་། ཟླ་བ་བཞི་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། རིམ་ཁག་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་ཚད་ལྡན་ནུས་ཆེའི་འཁོར་སྐྱོད་ལམ་སྲོལ་རགས་ཙམ་བཙུགས་པ་དང་ལྟ་བཤེར་སྒྲིག་གཞི་སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་སྟེ། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་གནད་དོན་གྱི་ཁུངས་སྣེ་1962ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་65.2%འཕར་བ་དང་། གྱོད་གཞི་285ཐོ་འགོད་285བྱས་པ་དེ་དུས་མཚུངས་ལས་42.5%འཕར་བ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་མི་322ཟིན་པ། སྲིད་དོན་ཆད་པ་ཕོག་པའི་མི་104ཟིན་པ། རྩ་འཛུགས་ཀྱིས་མི་27ཐག་གཅོད་བྱས་པ། ཁྲིམས་འཛིན་ལས་ཁུངས་སུ་མི་10རྩིས་སྤྲས་པ། རྣམ་པ་བཞི་སྤྱད་ནས་མི་1611ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་33.8%འཕར་བ། མཚོ་སྔོན་ཞིང་ཆེན་ལྟ་བཤེར་ཨུ་ལྷན་དང་མཚོ་ཤར་དང་མཚོ་བྱང་སོགས་གྲོང་ཁྱེར་དང་ཀྲོའུ་6གི་ལྟ་བཤེར་ཨུ་ལྷན་དང་རྫོང་དང་ཆུས་8ཀྱི་ལྟ་བཤེར་ཨུ་ལྷན་གྱིས་བརྟག་ཞིབ་བྱ་ཡུལ་42ལ་བཀག་ཉར་གྱི་བྱ་ཐབས་སྤྱད་ཡོད།
                ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་ལྟ་བཤེར་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་དང་། གྲོང་ཁྱེར་དང་ཀྲོའུ། རྫོང་དང་། གྲོང་ཁྱེར། ཆུས་བཅས་རིམ་གསུམ་ཏང་ཨུད་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་ཡང་དག་པའི་ཕྱོགས་སུ་བདེ་བླག་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱས་ཡོད། འདི་ལོའི་ཟླ་2ཚེས་13ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8དང་རྫོང་དང་། གྲོང་ཁྱེར། ཆུས་བཅས་43གྱི་སྒྲིག་ཨུད་ཚང་མ་ཁྲིམས་བཞིན་བཙུགས་ཏེ་ཀྲུང་དབྱང་གི་གཏན་འབེབས་བྱས་པའི་དུས་ཚོད་ལས་ཟླ་ཕྱེད་ཀྱི་སྔ་སྣུར་དུ་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱས་པ་རེད།
                སྒྱུར་བཅོས་བྱེད་རིང་། མཚོ་སྔོན་གྱིས་སྒྲིག་གཞི་དང་། སྒྲིག་ཁོངས། གོ་གནས་ཀྱི་གྲངས་ཚད་བཅས་མང་དུ་མི་གཏོང་རྒྱུ་མངོན་འགྱུར་ཐུབ་པ་དང་། ལས་ཀའི་སྟོབས་ཤུགས་ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་གྱི་འཐབ་ས་དང་པོར་ཕྱོགས་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་ལས་ཁུངས་ཀྱིས་ནང་ཁུལ་དུ་སྒྲིག་གཞི་18བཙུགས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྡེ་ཚན་གྱི་སྒྲིག་གཞིའི་གྲངས་འབོར་དང་སྒྲིག་ཁོངས་གྲངས་འབོར་གྱིས་སྤྱི་འབོར་གྱི་77.8%དང་66.5%བཟུང་ཡོད། གྲོང་ཁྱེར་དང་ཀྲོའུ་ཡི་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་ལས་ཁུངས་ཀྱིས་ཆ་སྙོམས་ནང་ཁུལ་གྱི་སྒྲིག་གཞི་11བཙུགས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྡེ་ཚན་གྱི་སྒྲིག་གཞིའི་གྲངས་འབོར་དང་སྒྲིག་ཁོངས་གྲངས་འབོར་གྱིས་སྤྱི་འབོར་གྱི་74.2%དང་72.8%བཟུང་ཡོད། རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་ལས་ཁུངས་ཀྱིས་ཆ་སྙོམས་ནང་ཁུལ་གྱི་སྒྲིག་གཞི་7བཙུགས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྡེ་ཚན་གྱི་སྒྲིག་གཞིའི་གྲངས་འབོར་དང་སྒྲིག་ཁོངས་གྲངས་འབོར་གྱིས་སྤྱི་འབོར་གྱི་81.2%དང་82.1%བཟུང་ཡོད།
                སྒྱུར་བཅོས་བྱས་རྗེས་ཀྱི་ཞིང་ཆེན་ཡོངས་ཀྱི་ལྟ་བཤེར་བྱ་ཡུལ་མི་ཁྲི་8.94ནས་མི་ཁྲི་18.09བར་མང་དུ་ཕྱིན་པ་དང་ལས་འབོར་ལྡབ་འཕར་གྱིས་མང་དུ་ཕྱིན་པའི་དོན་དངོས་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་གསུམ་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་ཨང་དང་པོར་བཞག་པ་དང་། ཁྲིམས་བཞིན་བརྟག་ཞིབ་བྱ་ཐབས་ནན་པོ་སྤྱད་པ། རུལ་སུངས་ལ་ཆད་པ་ནན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ། ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར་གྱི“རྣམ་པ་བཞི”བེད་སྤྱོད་ནུས་ལྡན་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད།