གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ལིའུ་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།

སྤེལ་དུས 2018-07-12 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལིའུ་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་ཐེངས་བཞི་བ་ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡཱང་ཁྲོན་ཐང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཤིས་ཚིག་ཕུལ། ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧན་ཡོང་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨོའུ་ཡཱང་ཅན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཙི་ཡུན་སོགས་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
            ཡཱང་ཁྲོན་ཐང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་བྱས་ནས་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལིའུ་ཕན་རི་བོ་ས་ཁུལ་ནི་རྒྱལ་ཡོངས་ཀྱི་ཧ་ཅང་དཀའ་ཁག་ཆེ་བའི་གཅིག་བསྡུས་མུ་འབྲེལ་ས་ཁུལ་བཅུ་བཞིའི་གྲས་ཀྱི་གཅིག་ཡིན་པ་དང་། ལོ་ངོ་མང་པོའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གི་གནད་ཕིགས་དབུལ་ཐར་དང་གནད་ཕིགས་དབུལ་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་པ་ལྟར། ལིའུ་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་རྒྱབ་སྐྱོར་ཤུགས་ཆེན་འོག སྤྱི་ཚོགས་ལས་རིགས་སོ་སོ་དེའི་ཁྲོད་ཞུགས་པ་དང་། ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཡིན་ན་ཡང་རང་བྱུང་ཆ་རྐྱེན་དང་རྨང་གཞི་ཞན་པ། དབུལ་ཕོངས་ཀྱི་ཚད་ཟབ་པ། ཉེན་ཁ་འགོག་པའི་ནུས་པ་ཞན་པའི་རྐྱེན་གྱིས། དེའི་འཕྲོའི་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་མ་རྩ་སྔར་ལས་མཐོ་བ་དང་དབུལ་ཐར་བྱེད་པའི་དཀའ་ཁག་སྔར་ལས་ཆེ། 2018ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། དབུལ་ཐར་མཁྲེགས་གཏོར་གྱི་དུས་ཚོད་ཐད་ནས་བྲེལ་མྱུར་ཆེ་ཞིང་ལས་འགན་ལྕི་བས། ངེས་པར་དུ་བདེན་འཛིན་དངོས་གཉེར་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ། བྱ་བའི་ཁྲོད་ནས་ཀྲུང་དབྱང་གི་དགོངས་དོན་དང་མི་དམངས་ཀྱི་རེ་འདོད་མངོན་པར་བྱེད་པ། སྤོབས་པ་སྔར་ལས་ཆེན་པོ་དང་བྱ་བའི་སྤྱོད་ཚུལ་སྔར་ལས་བརྟན་པོས། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་རྒྱལ་ཁ་ལེན་དགོས་ཟེར།
            ཝང་ཅན་ཅོན་གྱིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལིའུ་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་དེ་ཐེངས་གསུམ་ལ་བསྡུས་པ་དང་། གྲོས་ཚོགས་རེ་རེའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་ཤེས་ཐུབ་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་སྲིད་གྲོས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཐད་བློ་འདོན་ཤུགས་འབུལ་བྱས་པའི་འགན་འཁྲི་ཁག་ཁུར་ཡང་མངོན་པར་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱི་རོགས་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ། ཆབ་སྲིད་ཀྱི་ལངས་གནས་ཇེ་དྲག་ཏུ་བཏང་བ་དང་། མཁྲེགས་གཏོར་འགན་འཁྲི་ལག་བསྟར་བྱས་ལ། གནད་ཕིགས་ཇུས་ཆོད་རྒྱུན་འཁྱོངས་བྱས་པས། བསྡོམས་པས་དབུལ་ཕོངས་མི་གྲངས་འབུམ་དགུ་དང་སྟོང་བདུན་ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་བྱུང་ཚད་དེ2012ལོའི་བརྒྱ་ཆའི་ཉེར་དྲུག་ལྷག་ནས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཅིག་ཏུ་ཇེ་དམའ་རུ་སོང་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཐེངས་འདིའི་གྲོས་ཚོགས་བསྡུས་པ་དེས། མཚོ་སྔོན་ཞིང་ཆེན་དང་བཅས་པའི་ལིའུ་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་ཆེན་པོ་གཏོང་ཐུབ་པ་ཁོ་ཐག་ཡིན་ཟེར།
            ཚོགས་ཐོག་ཏུ་ལིའུ་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཧན་ཡོང་དང་ཨོའུ་ཡཱང་ཅན། ཝང་ཙི་ཡུན། རྡོ་རྗེ་རབ་བརྟན་བཅས་ཀྱིས་སོ་སོར་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་སྲིད་གྲོས་ཀྱི་ཚབ་བྱས་ནས་བརྗེ་རེས་གཏམ་བཤད་སྤེལ།
            རྒྱལ་ཁབ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་ཡན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཨོ་ཆིན་ཕིང་། རྒྱལ་ཡོངས་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སུང་ལེ་ཡན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུས་ཀུ་ཧྲིན། ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཆང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞི་གཞོན་པ་ཧྲང་ཞུན་ཝུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སི་དང་ཅུའུ་ཡི་འགན་ཁུར་བློ་མཐུན། ཧྲན་ཞི་དང་ཀན་སུའུ། ཉིན་ཞ། མཚོ་སྔོན་ཞིང་ཆེན་བཅས་ཞིང་ཆེན་དང་རང་སྐྱང་ལྗོངས་བཞིའི་སྲིད་གཞུང་དང་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། ལིའུ་ཕན་རི་བོ་ས་ཁུལ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་སྲིད་གྲོས་ཀྱི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས། །