གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སེམས་མཐུན།• ཀྲུང་གོའི་སེམས་པ་མཉམ་གཏོད། བརྩེ་བ་ས་མཐོའི་ལོ་ཆུང་རྐང་རྩེད་སྤོ་ལོ་བར་བཅངས།

སྤེལ་དུས 2018-07-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་གོང་། “ཀྲུང་གོའི་སེམས་པ་མཉམ་གཏོད་”ཀན་ལྷོར་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད། དང་བླངས་པ་800ལྷག་རྫོང་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་ནས་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། གཅེས་སེམས་འབུལ་བ། ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་ཞིབ་བཤེར་དང་རོགས་སྐྱོབ། སྤེལ་རོགས་སྟོན་ཁྲིད། ཁ་ཕྱོགས་གཏན་འཁེལ་གྱི་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
           ཟླ་7ཚེས་10ཉིན། ཀླུ་ཆུ་རྫོང་དུ། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”གཅེས་སེམས་དང་བླངས་པ་ཤར་ཕྱོགས་རྩེད་རྐང་རྩེད་སྤོ་ལོ་རོལ་རྩེད་ཁང་གི་རྩལ་སློབ་དགེ་རྒན་ཞུས་ཀྲན་དང་སྨན་བཅོས་ཆེད་མཁས་ཅན་དང་བླངས་པ་20ལྷག་མཚོ་ཉིན་ཤང་ལྟེ་བའི་སློབ་གྲྭར་སླེབས་ནས། སློབ་གྲྭ་དེར་གཅེས་སེམས་དངོས་ཟོག་གི་ཞལ་འདེབས་ཕུལ་བ་མ་ཟད། ལོ་ཆུང་བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་བརྟག་བཤེར་བྱས།
           མཚོ་ཉིན་ཤང་ལྟེ་བའི་སློབ་གྲྭའི་བུ་སློབ་རྐང་རྩེད་སྤོ་ལོ་རུ་ཁག་ནི་ཀན་ལྷོ་ཁུལ་གྱི་སློབ་ཆུང་སློབ་མའི་རྐང་རྩེད་སྤོ་ལོ་རུ་ཁག་ཁྲོད་སྐད་གྲགས་ངེས་ཅན་ལྡན་ཡོད་པ་རེད། ལོ་ཆུང་རྐང་རྩེད་སྤོ་ལོ་རུ་ཁག་དང་ཞུས་ཀྲན་གྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400ལྷག་ཙམ་ཡོད་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོ་ར་བར་རྣམ་པ་གསར་པའི་རྩྭ་ཐང་གི་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱས།
           ཞུས་ཀྲན་སྔོན་མར་འཇར་མན་གྱི་རིམ་པ་དང་པོའི་པོ་ལིན་ཧི་ཐཱ་རུ་ཁག་ཏུ་བྱ་བ་སྒྲུབ་མྱོང་། ད་ལྟ་པེ་ཅིང་ཤར་ཕྱོགས་རྩེད་རྐང་རྩེད་སྤོ་ལོ་སྤྲོ་སྐྱིད་ཁང་གི་རྩལ་ཁྲིད་པ་ཡིན། ཁོང་གིས་བརྗོད་རྒྱུར། “ཕྲུ་གུ་ཚོས་སྤོ་ལོ་རྩེ་བ་ཤིན་ཏུ་བཟང་། ལྷག་པར་དུ་རླུང་ཆེན་པོ་དང་དྲོད་ཚད་ཅུང་དམའ་བ། གསོ་རླུང་དམའ་བའི་ཁོར་ཡུག་ཁྲོད། རེ་བར་རྗེས་མ་ཁོ་ཚོ་པེ་ཅིན་དུ་སླེབས་ནས་ང་ཚོ་དབར་བརྗེ་རེས་བྱ། གོ་སྐབས་ཡོད་ཚེ་ང་ཚོས་ཀྱང་འདིར་སླེབས་ནས་སློབ་མ་འདེམ་ནས་ང་ཚོའི་རོལ་རྩེད་ཁང་དུ་སྦྱོང་བརྡར་བྱ་ཆོག ཚོར་སྐྱེན་པའི་བྱིས་པ་གསོ་སྐྱོང་བྱས་ནས་ཆེད་ལས་སྤོ་ལོ་བར་གསོ་སྐྱོང་བྱ་དགོས།”
           བྱེད་སྒོའི་ཉིན་མོར། ཞུས་ཀྲན་གྱིས་ཤར་ཕྱོགས་རྩེད་རོལ་རྩེད་ཁང་གི་འཐུས་ཚབ་བྱས་ཏེ་མཚོ་ཉིན་ཤང་ལ་རིན་སྒོར་ཁྲི་3གྱི་དངོས་ཟོག་ཞལ་འདེབས་སུ་ཕུལ། ཆེད་བཟོས་རྐང་རྩེད་སྤོ་ལོ་བརྒྱ་དང་ལྒང་རྩེད་ལྭ་བ་ཆ་ཉིས་བརྒྱ། སློབ་ཆས་སོགས་ཡོད། ད་དུང་ཐེངས་འདིར་བརྟག་དཔྱད་ཆོད་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཞིག་ལ་སྒོར་5000ཞལ་འདེབས་སུ་གནང་། གཞན་ཡང་། སྨན་བཅོས་ཆེད་མཁས་དང་བླངས་པས་སློབ་མ་ཚོར་ཡིག་ཆས་དང་དཔེ་ཁུག་སོགས་སློབ་སྦྱོང་གི་ཡོ་བྱད་ཞལ་འདེབས་སུ་ཕུལ།
           “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”ཅེས་པའི་སྤྱི་ཕན་བྱེད་སྒོ་ནི་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཤིག་ཡིན། སྤྱི་ཕན་བྱེད་སྒོ་དེ་2008ལོར་སྤེལ་འགོ་ཚུགས། 2010ལོར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་“སེམས་མཐུན་ལས་གྲྭའི་”ནང་དུ་བཅུག  ལོ་བཅུའི་རིང་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”ཀྱི་སྨན་བཅོས་ཆེད་མཁས་པས་མཐའ་མཚམས་དང་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་བྱས། སྨན་བཅོས་དང་བླངས་པ་དང་གཅེས་སེམས་ཁེ་ལས། གཅེས་སེམས་མི་སྣ་མང་པོ་ཡིད་བཀུགས་ནས་བསྟུད་མུར་བྱེད་སྒོར་ཞུགས།