གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

པེ་ཅིང་གི་སྨན་ཁང་ཆེ་ཁག་གི་རིགས་གཅིག་མཁས་པས་ཀན་སུའུ་ཀན་ལྷོ་བོད་རིགས་ས་ཁུལ་གྱི་དགོན་སྡེར་ཕྱིན་ནས་སྨན་བཅོས་བྱས་པ།

སྤེལ་དུས 2018-07-12 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། 2018ལོའི"སེམས་པ་གཅིག་མཐུན། མཉམ་དུ་ཀྲུང་གོའི་སེམས་བསྐྲུན"ཞེས་པའི་སྤྱི་ཕན་གྱི་སྨན་བཅོས་བྱེད་སྒོ་ཆེ་གྲས་ཀན་ལྷོ་བོད་རིགས་ས་ཁུལ་དུ་སྤེལ་བ་རེད། ཉིན་དེར། པེ་ཅིང་གི་ཞེ་ཧོ་སྨན་ཁང་དང་ཆིང་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་སོགས་གྲགས་ཅན་སྨན་ཁང་གི་སྐད་གྲགས་ཡོད་པའི་སྨན་པ།  གཙོས་གྲོང་ཁྱེར་ཀླུ་ཤོད་ཤང་ཁྱུང་བོ་ཐང་གྲོང་ཚོའི་དགོན་སྡེར་བསྐྱོད་དེ། དགེ་འདུན་པ་130ལ་སྨན་བཅོས་བྱས་པ་དང་། སྨན་སྤྲད་ཡོད་པ་རེད།
           ཐེངས་འདིའི་བྱེད་སྒོར་པེ་ཅིང་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སྨན་ཁང་ཉིས་བརྒྱ་ལྷག་གི་སྨན་པ་800ལྷག་ཞུགས་ནས་གྲོང་གསེབ་ཏུ་བསྐྱོད་ཡོད་པ་དང་། ཀན་ལྷོ་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་ལ་དུས་མཉམ་དུ་སྨན་བཅོས་བྱས་པ་མ་ཟད། ད་དུང་ཁྱོན་ཡོངས་ནས་རག་བཤེར་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་སྨན་བཅོས་བྱས་པ་དང་། དུས་མཉམ་དུ་མཆིན་པའི་ནད་དང་ཐུམ་འབུའི་ནད་ཡོད་མཁན་ལ་སྨན་བཅོས་བྱས་པ་རེད།