གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སྟོབས་ཤུགས་གཅིག་སྒྲིལ་གྱིས་བོད་རིགས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་གསར་བ་བསྣན།

སྤེལ་དུས 2018-07-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་7ཚེས་12ཉིན།   “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”སྤྱི་ཕན་སྨན་བཅོས་བྱེད་སྒོའི་ཆེ་གྲས་སྤེལ་ནས་ལོ་བཅུ་འཁོར་བའི་སྐབས་སུ།   ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱིས་གྲོས་འགོ་བཏོན་པ་དང་།   པུའུ་ཁྲང་སྨན་རྫས་བཟོ་གྲྭས་ཞལ་འདེབས་ཕུལ་ནས་བཙུགས་པའི་“ཀན་ལྷོ་ཀླུ་ཆུ་ནད་ཀྱིས་རྐྱེན་པས་ཡང་བསྐྱར་དབུལ་བོ་གྱུར་པར་རོགས་སྐྱོབ་ཀྱི་ཐེབས་རྩའི་”སྒོ་བྱང་བཀལ་བ་དང་ཞལ་འདེབས་བསྡུ་བའི་བྱེད་སྒོ་དེ།   ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མི་དམངས་ཚོགས་ཁང་དུ་འཚོགས།

པུའུ་ཁྲང་སྨན་རྫས་བཟོ་གྲྭས་རོགས་སྐྱོབ་ཐེབས་རྩར་ཞལ་འདེབས་སྒོར་ཁྲི་30ཕུལ།
           པུའུ་ཁྲང་སྨན་རྫས་བཟོ་གྲྭའི་མཐོ་རིམ་སྤྱི་དཔོན།   “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཆེ་ཀྲེན་ཧུང་པིང་གིས་བརྗོད་རྒྱུར།   ཀླུ་ཆུ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་ཆུང་བ་དང་།   ནད་ཀྱིས་རྐྱེན་པས་ཡང་བསྐྱར་དབུལ་བོ་གྱུར་བའི་བསྡུར་ཚད་མཐོ་ཤོས་ཀྱི་རྫོང་ཞིག་ཡིན།   དེར་བརྟེན་མིག་སྔར་རོགས་སྐྱོབ་ཐེབས་རྩས་ཀླུ་ཆུ་རྫོང་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས།   རྒྱུན་མཐུད་ཀྱི་མ་དངུལ་གྱིས་ཁ་སྣོན་བྱ་འཆར་ཡོད།             “མ་དངུལ་འདིས་ནད་གཞི་རྐྱེན་པས་སླར་ཡང་དབུལ་བོ་ཆགས་པའི་ཁྱིམ་ཚང་གི་ཐོལ་བྱུང་གནས་ཚུལ་ཏེ། ཁྱིམ་ཚང་གི་ཁོངས་མི་གློ་བུར་དུ་ནད་བྱུང་བ་དང་དེ་བཞིན་རང་བྱུང་གནོད་འཚེ་བྱུང་བ་ལ་གཞོགས་འདེགས་ཀྱི་ཁ་གཏད་གཅོག་ཐུབ་པའི་རེ་བ་བྱེད།”ཀྲེན་ཧུང་པིང་གིས་བརྗོད་རྒྱུར།   “སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཀླུ་ཆུ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་དང་བདེ་ཐང་དབུལ་སྐྱོར་ལ་སེམས་ཁུར་རོགས་འདེགས་བྱེད་བཞིན་ཡོད།   ཁྱིམ་གཅིག་ལ་ནད་བྱུང་ཚེ་རྫོང་ཡོངས་ཀྱི་རོགས་སྐྱོར་དང་།   སྤྱི་ཚོགས་ཡོངས་ཀྱི་རོགས་རམ་ཐོབ་ཐུབ་པ་ཞིག་ང་ཚོས་སྒྲུབ་དགོས།   ནད་ཀྱི་རྐྱེན་པས་ཡང་བསྐྱར་དབུལ་པོ་གྱུར་པའི་གནད་དོན་ནི་གནད་དོན་ཞིག་མ་ཡིན་པ་མངོན་འགྱུར་དགོས།”
           ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།   པེ་ཅིང་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ།   “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་ཅིན་ཏཱ་ཕིང་གིས་བརྗོད་རྒྱུར།   ཐེབས་རྩ་འདིའི་དམིགས་ཡུལ་ནི་“སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”ཀྱི་སྤྱི་ཕན་སྙིང་སྟོབས་སྔར་བས་དོན་འཁྱོལ་བྱས་ཏེ།  ཀན་ལྷོ་ཀླུ་ཆུའི་དབུལ་སྒྲོལ་འགག་སྒྲོལ་དང་བདེ་ཐང་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས།

           བྱེད་སྒོ་སྤེལ་བའི་ཉིན་དེར།   “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”ཀན་ལྷོར་བསྐྱོད་པའི་སྨན་བཅོས་ཆེདམཁས་དང་བླངས་པ།   གཅེས་སེམས་མི་སྣ།   སྨྱན་སྦྱོར་དང་བླངས་པ་བཅས་མི་སྣ་ཁག་གཅིག་དང་།   ས་གནས་དེ་གའི་ལས་བྱེད་ལས་བཟོ་བ།   སློབ་གྲྭ་འབྲིང་ཆུང་གི་སློབ་མ་སོགས་མི་1200ལྷག་ཙམ་གྱིས་ཧུར་ཐག་གིས་ཞལ་འདེབས་གནང་།  ཡུལ་དངོས་སུ་ཞལ་འདེབས་གནང་བའི་མ་དངུལ་སྒོར་ཁྲི་6ལྷག་ཙམ་ཟིན།