གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས་ཞིང་ཆེན་ཀྲུང་ལུགས་སྨན་ཁང་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲོས་ཚོགས་བསྡུས།

སྤེལ་དུས 2018-07-17 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། མཚོ་སྔོན་གྱིས་ཞིང་ཆེན་ཀྲུང་ལུགས་སྨན་ཁང་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲོས་ཚོགས་དང་ཟླ་རེའི་རིག་གཞུང་བྱ་འགུལ་སྤེལ་བའི་མཛད་སྒོ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་དང་། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཚོགས་འདུར་ཞུགས་ནས་གཏམ་བཤད།
            ཝང་ཅན་ཅུན་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ནི་མཚོ་སྔོན་གྱི་ཀྲུང་ལུགས་སྨན་ཁང་ལས་དོན་འཕེལ་རྒྱས་ཀྱི་མདུན་གྲས་ན་གནས་པས། རེ་བ་ཡིན་ན་སྨན་ཁང་བཙུགས་ཏེ་ལོ་དྲུག་ཅུ་ལོན་པ་སྐས་རྐང་གསར་བར་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་བཅོས་ལས་དོན་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་རྒྱུ་དམིགས་འབེན་དུ་བརྩིས་ཤིང་། ཀྲུང་ལུགས་སྨན་ཁང་གི་སྲོག་ཤིང་རིན་ཐང་ལྟ་བ་བརྟན་སྲུང་བྱས་ཏེ། མཐོ་སྒང་གི་ཀྲུང་ལུགས་སྨན་བཅོས་དར་སྤེལ་གཏོང་བ་དང་གསར་གཏོད་ལེགས་པོ་བྱེད་དགོས། རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་དཀྱིལ་སྙིང་དུ་བཟུང་ནས་ཁྱབ་ཁོངས་ཆེ་ས་དང་རིམ་པ་མང་ས་ནས་མང་ཚོགས་ཀྱི་འདོད་བློ་ཡིད་བཞིན་བསྐང་བར་འབད་པ་བྱས་ཏེ། བདེ་ཐང་གི་མཚོ་སྔོན་དང་མཚོ་སྔོན་གསར་བ་འཛུགས་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
            ཝང་ཡུས་པོ་ཡིས་གཏམ་བཤད་ཁྲོད་བསྟན་དོན། ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་སྨན་ཁང་བཙུགས་ཏེ་ལོ་དྲུག་ཅུ་ལོན་པའི་གོ་སྐབས་དང་བསྟུན་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། མུ་མཐུད་མདུན་སྐྱོད་དང་རྒྱུད་འཛིན་གྱི་ཁྲོད་ནས་གསར་གཏོད་བྱེད་རྒྱུ་དང་། གསར་གཏོད་ཀྱི་ཁྲོད་ནས་འཕེལ་རྒྱས་གཏོང་བར་འབད་པ་བྱས་ཏེ། སྒོ་འབྱེད་མཉམ་ལས་ལ་བརྟེན་ནས་སྨན་ཁང་གཉེར་དགོས་ཤིང་། ཀྲུང་ལུགས་སྨན་བཅོས་ཀྱི་ཐོན་ཁུངས་སྔར་ལས་སྔོག་འདོན་བྱས་མཐར། དེང་རབས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མི་དམངས་ཀྱི་བདེ་ཐང་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྨན་པའི་ཀུན་སྤྱོད་དང་སྨན་བཅོས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དར་སྤེལ་བཏང་ནས། མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་བཟང་བོ་དང་འགན་སྲུང་ལེགས་པོ་བྱེད་དགོས་ཟེར།
            ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཧྲང་ཧའེ་ཀྲུང་ལུགས་སློབ་ཆེན་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་སོ་སོར་ཤིས་ཚིག་ཕུལ་བར་མ་ཟད། སྨན་ཁང་ལ་བྱས་རྗེས་ཆེན་པོ་བཞག་མྱོང་བའི་ཆེད་མཁས་པར་གཟེངས་བསྟོད་བྱས།