གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་བརྗོད་གཞི་བྱས་པའི་འགྲེམས་སྟོན་ཁྲེན་ཏུའུ་རུ་སྤེལ་བ།

སྤེལ་དུས 2018-07-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། "རིག་གནས་ཀྱི་དཀར་མཛེས། ངོ་མཚར་བའི་གཟི་བྱིན་ལྷམ་མེར་བཀྲ"ཞེས་པའི་དཀར་མཛེས་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་བརྗོད་གཞི་བྱས་པའི་འགྲེམས་སྟོན་ཁྲེན་ཏུའུ་རུ་སྤེལ་འགོ་བརྩམས་པ་རེད།
           ཐེངས་འདིའི་འགྲེམས་སྟོན་ནི"ཤུལ་བཞག"དང"རིག་རྩལ"ཞེས་པ་ཁག་གཉིས་བགོས་ནས། ཁག་སོ་སོ་ནས"གླིང་གེ་སར་རྒྱལ་པོ"བརྗོད་གཞིར་བཟུང་ནས་དངོས་མིན་རིག་གནས་ཤུལ་བཞག་དང་། དེ་བཞིན་དུ་ཁམས་པའི་རིག་གནས་གཞི་རྒྱུ་བྱས་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སོགས་འགྲེམས་སྟོན་བྱས་ཡོད་པ་རེད། འགྲེམས་སྟོན་འདི་ཟླ་འདིའི་ཚེས་20བར་དུ་བྱ་རྒྱུ་རེད། 
           ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དཀར་མཛེས་ཁུལ་དུ་གླིང་སྒྲུང་དང་།  པར་ཤིང་གི་ལག་རྩལ། བོད་ཀྱི་ཟློས་གར་སོགས་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁག་3ཡོད་པ་དང་། ད་དུང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་23 ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་115ཡོད་པ་རེད།  དངོས་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་འཛོམས་ཚད་ནི་སི་ཁྲོན་ཞིང་ཆེན་གྱི་ཨང་གཉིས་པ་རེད།
           ཐེངས་འདིའི་འགྲེམས་སྟོན་ཐོག་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་》(ཆ་ཤས)དང་ལག་བཟོའི་གེ་སར་རྒྱལ་པོའི་ཟངས་སྐུ།(མཐོ་ཚད་ལ་སྨི་2ཡོད་པ) གསར་དུ་བཞེངས་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་ཐང་ཀ དེ་བཞིན་པར་འདེབས་ལག་རྩལ་དང་། བོད་ཀྱི་ཡིག་གཟུགས་འབྲི་རྩལ།  ཀརྨ་སྒར་བྲིས་ཀྱི་ཐང་ཀའི་འབྲི་རྩལ་སོགས་དངོས་མིན་རིག་གནས་ཤུལ་བཞག་གི་ལས་གཞི་ཡོད་པ་རེད།