གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀན་ལྷོ་ཡུལ་བཟང་བོ། པེ་ཅིང་གི་སྨན་པ་བཟང་བོ།

སྤེལ་དུས 2018-07-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           2018ལོའི་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”འོས་འགན་སྨན་བཅོས་བྱེད་སྒོར་ཞུགས་པའི་པེ་ཅིང་གི་སྨན་ཁང་དྲུག་པའི་རུས་ནད་ཚན་ཁག་གི་ཀྲུའུ་རེན་སུན་ཀྲེན་ཅེ་དང་དང་བླངས་པ་འགས་སྨན་སྒམ་ཁུར་ནས། འབྲོག་རའི་ཆར་རྗེས་ཀྱི་འདམ་ལམ་བརྒྱུད་ཕུན་ཚོགས་སྒྲོལ་མའི་ཁྱིམ་ལ་ཕེབས་ཏེ་ཁོང་ཚོའི་དཀའ་གནད་སེལ།
           རྒྱང་རིང་ནས་པེ་ཅིང་གི་མགྲོན་པོ་འགའ་སླེབས་པ་མཐོང་མ་ཐག ཕུན་ཚོགས་སྒྲོལ་མ་ ཚང་གི་བུ་མོ་ཆུང་ཆུང་གཉིས་ཀྱིས་དགའ་ཚོར་ཆེན་པོས་སྒོ་འགྲམ་དུ་"བཀྲ་ཤིས་བདེ་ལེགས།"ཞེས་དགའ་བསུ་ཞུས། ཕུན་ཚོགས་སྒྲོལ་མའི་ཁྱིམ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་དུ་ཡོད། ས་འདིར་རྒྱ་ཆེ་བའི་རྩྭ་ཐང་དང་མཛེས་སྡུག་ལྡན་པའི་མཚོ་ཉིན་མཚོས་བསྐོར་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཟིན།
མཛེས་སྡུག་ལྡན་པའི་མཚོ་ཉིན་མཚོ།
           ཕུན་ཚོགས་སྒྲོལ་མའི་ཁྱིམ་ནི་ཡིག་ཚགས་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། ལོ་གསུམ་གྱི་སྔོན་ལ་འཁོར་འཛོལ་གྱིས་ཁོ་མོའི་མགོ་རྒྱུན་དུ་ན་བཞིན་ཡོད། གོམ་སྟོབས་ཀྱང་ལྡེམ་མ་ལྡེམ་ཡིན། གྲོང་རྡལ་ནང་གི་སྨན་པས་ནད་རྐྱེན་རྙེད་མ་བྱུང་། འོས་འགན་སྨན་བཅོས་བྱེད་པའི་གོ་སྐབས་ཡག་པོ་བྱུང་བས། སྤྲོ་སེམས་ཆེ་བའི་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བླ་མ་ཚེ་རིང་གིས་སུན་སྨན་པ་གདན་དྲངས་ནས་བལྟ་རུ་བཅུག
 
སུན་ཀྲེན་ཅེ་སྨན་པས་སེམས་ཞིབ་མོས་བཀོལ་འགྱུར་པའི་སྨན་རྫས་གྲ་སྒྲིག་བྱེད་བཞིན་པ།
           སུན་སྨན་པ་ལགས་འོས་འགན་སྨན་བཅོས་བྱེད་སྒོ་རིགས་མང་པོར་ཞུགས་ནས་ལོ་15འགོར། བོད་རིགས་ས་ཁུལ་དུ་འོས་འགན་སྨན་བཅོས་བྱས་པ་ཐེངས་གསུམ་པ་ཡིན་པས། བོད་རིགས་སྤུན་ཟླ་དབར་ཁ་བརྡ་བྱེད་དུས་བརྩེ་བས་ཁེངས་ཡོད། ཁྱིམ་དུ་ཐོན་མ་ཐག་སུན་སྨན་པས་ཆེད་དུ་གྲ་སྒྲིག་བྱས་པའི་ལག་རྟགས་ཆུང་ཆུང་རེ་ཁྱིམ་གྱི་བུ་མོ་ཆུང་ཆུང་གཉིས་ལ་བྱིན། ཀུ་རེ་རྩེད་ནས་བུ་མོ་ཆུང་ཆུང་དེ་དགའ་བའི་བརྟས། “རང་དགར་བྱིན་པ་མིན། དེ་རིང་ཁྱེད་ཚོས་སྐད་བསྒྱུར་བྱ་དགོས་།” ཕུན་ཚོགས་སྒྲོལ་མས་རྒྱ་སྐད་མི་གོ་བས་སུན་སྨན་པས་བུ་མོ་ཆུང་ཆུང་གཉིས་ལས་རོགས་སུ་གདན་འདྲེན་ཞུས།
 
           རྡུང་བརྟག་ཐོ་བས་ཨ་ཅག་གི་རྐང་ལག་དལ་མོར་རྡུང་ནས་དབང་རྩའི་མ་ལག་ལ་དངོས་ལུགས་བརྟག་དཔྱད་བྱས། རྨས་སྐྱོན་ཕོག་པ་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཚགས་གནང་། སྨན་ཁང་དུ་མེད་ཀྱང་ནད་བརྟག་གོ་རིམ་ཞིབ་མོ་གནང་།
སུན་སྨན་པ་དང་ཕུན་ཚོགས་སྒྲོལ་མ་ཚང་གི་གྲོགས་པོ་ཆུང་ཆུང་ཚོ་རྩེད་མོ་བྱེད་བཞིན་པ།
           “གལ་ཏེ་ནད་ལ་ཚོད་འཛིན་ལེགས་པོ་ཐུབ་ཚེ་ནད་རྟགས་ཇེ་དགའ་རུ་འགྲོ་ཐུབ།”སུན་སྨན་པའི་སྐད་ཆ་ལ་ཉན་རྗེས་འཚུབ་ཆ་ལངས་བའི་ཕུན་ཚོགས་སྒྲོལ་མ་གཞི་ནས་ལྷོད་ལ་བབས་ཏེ་འཛུམ་མདངས་མངོན། སྨན་བཅོས་བརྒྱུད་ནད་གཞིའི་རྒྱུ་རྐྱེན་ནི་མཇིང་ཚིགས་ཀྱི་ཕྱི་ལ་རྨས་ཐེབས་པས་མཇིང་ཚིགས་ཀྱི་དབང་རྩ་ལ་གཏོར་སྐྱོན་ཕོག་པ་རེད། སུན་སྨན་པས་སྨན་རྫས་རིན་མེད་པར་ཁོ་ཚོའི་ལག་ཏུ་སྤྲད་པ་དང་། མཉམ་དུ་སླེབས་པའི་བླ་མ་ཚེ་རིང་ལ་ཨ་ཅག་ལགས་ལ་རོགས་རམ་བགྱིས་ནས་སྐེ་ཚིགས་ལ་བརྙན་པར་རིག་པའི་བརྟག་དཔྱད་བྱས་ཏེ་མུ་མཐུད་དུ་སྨན་བཅོས་བྱ་དགོས་པའི་མངགས་བཅོལ་གནང་། 
 
ཀྲིན་སྨན་པས་ཕུན་ཚོགས་སྒྲོལ་མ་ཁྱིམ་ཚང་གང་བོར་བདེ་མོ་འཇོག་པ།
           བླ་མ་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་བརྗོད་རྒྱུར།“ང་ཚོས་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་བརྒྱ་ཆ་90ནི་བོད་ལུགས་གསོ་རིག་ཡིན། ཕྱི་ལུགས་ཀྱི་སྨན་པ་ཤིན་ཏུ་དཀོན། ལྷག་པར་ཁྱེད་ཚོས་ནད་ཐོག་ཏུ་བཅོས་རོགས་ཐག་གཅོད་བྱེད་རྒྱུ་ཤིན་ཏུ་མཁོ།” ཕུན་ཚོགས་སྒྲོལ་མའི་ཁྱིམ་ནས་ཕྱི་ལ་ཐོན་རྗེས། མི་ཚང་མ་ཕྱིར་འཕྲོད་བསྟེན་ཁང་དུ་ལོག་ནས་འོས་འགན་སྨན་བཅོས་བྱས། རིང་པོ་མ་འགོར་བར། བོད་རིགས་སྤུན་ཟླ་བཅུ་ལྷག་གིས་སུན་སྨན་པའི་མཐའ་བསྐོར་ཡོད། བོད་རིགས་ས་ཁུལ་མང་ཆེ་བ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་གནམ་གཤིས་དང་རླུང་རླན་རང་བཞིན་གྱི་ཚིགས་ནད། རྐེད་པ་དང་རྐང་བ་ན་བ་སོགས་ནད་རིགས་མང་པོ་ཡོད།
མཚོ་ཉིན་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནང་དུ་སྨན་པ་སྟོན་པར་སླེབས་པའི་བོད་རིགས་སྤུན་ཟླ་རྒྱུན་ཆད་མེད། 
           བོད་རིགས་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་པ་དང་དུས་མཚུངས་སུ། སྨན་པ་སུན་ཀྲེན་ཅེས་ས་གནས་དེ་གའི་སྨན་པར་སྨན་བཅོས་ཀྱི་ཉམས་མྱོང་ལག་རྩལ་སློབ་ཁྲིད་བྱས།
 
           སུན་སྨན་པས་ལོ་76ལ་སླེབས་པའི་བགྲེས་སོང་སྐལ་བཟང་གི་ཚིགས་ནད་ཀྱིས་དབྱིབས་འགྱུར་བའི་ལག་གཉིས་ལ་འཇུས་ནས་བློ་ཕམ་པའི་ངང་བརྗོད་རྒྱུར། གལ་ཏེ་སྔ་མོ་ནད་བཅོས་བྱས་ཡོད་ཚེ་ན་ཟུག་མང་པོ་མྱོང་མི་དགོས།” བགྲེས་སོང་གིས་ལོ་བཅུ་ཉེ་བའི་རིང་སྡུག་བསྔལ་བཟོད་བསྲན་བྱས། ཐེངས་མང་པོར་འོས་འགན་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་སུན་སྨན་པས་ད་ལྟ་བོད་རིགས་མང་ཚོགས་ཀྱི་འཚོ་བ་ཡག་པོར་སོང་བ་དང་། གཞི་རྩའི་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་པར་བསམ། ཡིན་ནའང་ཡང་དག་པའི་བདེ་ཐང་གི་འདུ་ཤེས་དང་སྨན་བཅོས་ཆ་འཕྲིན་གྱི་ཐབས་ལམ་མི་འདང་བས། མང་ཚོགས་མི་ཉུང་བ་ཞིག་གིས་གང་དུ་སྨན་པ་འཚོལ་ནས་སྨན་བཅོས་སྐོར་འདྲི་དགོས་པ་ཤེས་ཀྱིན་མེད་པས། དུས་རྒྱུན་པར་ནད་བཅོས་དུས་ཚོད་འགོར་འགྱངས་བྱས་ཡོད།
 
           སུན་སྨན་པ་དང་བོད་རིགས་ཀྱི་ནད་པ། འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣའི་བར་སྐད་འཕྲིན་གྱི་ཐོག་ནས་ཁ་བརྡ་བྱེད་ཆོག “རྗེས་མར་རང་ཉིད་དང་ཉེ་འགྲམ་གྱི་མིར་བདེ་ཐང་གི་གནད་དོན་ཡོད་ཚེ་ཚང་མས་སྐད་འཕྲིན་ཚོགས་པའི་ནང་དྲིས་ཆོག” སུན་སྨན་པ་དང་སྐད་འཕྲིན་ཡོད་པའི་ནད་པ་ཁ་ཤས། ཤང་འཕྲོད་བསྟེན་ཁང་གི་སྨན་པ་རྣམས་ཀྱིས་སྐད་འཕྲིན་ཚོགས་པ་ཅིག་བཙུགས། དེ་ལྟར་བོད་རིགས་མང་ཚོགས་ཀྱིས་ཐད་ཀར་པེ་ཅིང་གི་ཆེད་ལས་མཁས་པར་རྒྱང་ཐག་རིང་པོ་ནས་འབྲེལ་གཏུག་བྱེད་ཆོག་པ་དང་། དུས་ཡུན་ཐུང་ངུའི་འོས་འགན་སྨན་བཅོས་བྱེད་སྒོ་དེ་རྒྱུན་རིང་བའི་རོགས་སྐྱོར་དུ་གྱུར།
 
           ཐེངས་འདིར་ཀན་ལྷོར་སླེབས་ཏེ་སུན་སྨན་པས་ས་གནས་དེ་གའི་སྨན་པ་བརྒྱུད་བོད་ལུགས་གསོ་རིག་གི་རིག་གནས་ལ་ཤེས་རྟོགས་བྱས། “འོས་འགན་སྨན་བཅོས་ཀྱི་ནུས་པ་ནི་ཕྱོགས་གཉིས་ཕན་ཅན་ཡིན་པ་དང་། རང་ཉིད་ཀྱིས་མུ་མཐུད་དུ་སློབ་སྦྱོང་བྱེད་པར་སྐུལ་མ་ཐེབས།” སུན་སྨན་པས་འདས་ཟིན་པའི་འོས་འགན་སྨན་བཅོས་ཁྲོད་ཁབ་བཅའི་གསོ་ཐབས་སྤྱད་ནས་རླུང་རླན་རང་བཞིན་གྱི་ཚིགས་ནད་གསོ་བའི་སྟབས་བདེའི་བཅོས་ཐབས་མཐོང་མྱོང་། ལོ་50ལ་སོན་པའི་ཆེད་མཁས་སྨན་པ་ཁོང་བསྐྱར་དུ་སློབ་ཆེན་དུ་སོང་ནས་ཁབ་བཅའ་འཕུར་མཉེད་ལ་སློབ་སྦྱོང་བྱས།
 
           ཉིན་གཅིག་གི་ཛ་དྲག་ཆེ་བའི་འོས་འགན་སྨན་བཅོས་མཇུག་རྫོགས་རྗེས། སུན་སྨན་པས་ལུས་ཟུངས་གསོ་བའི་སྨན་འཐུང་ནས་ས་མཐོར་མི་འཕྲོད་པ་ལས་བྱུང་བའི་གཟུགས་པོ་མི་བདེ་བའི་ཚོར་བ་ཅུང་ལྷོད་དུ་གསོས། ཐང་ཆད་མོད་རླངས་འཁོར་ཕྱི་རོལ་གྱི་ཕྱག་གཡུག་གཡུག་བྱེད་པའི་བོད་རིགས་སྤུན་ཟླ་རྣམས་མཐོང་བས་སུན་སྨན་པའི་གདོང་ལ་འཛུམ་གྱིས་ཁེངས། ད་ལོ་ཁོ་དང་འདྲ་བར་པེ་ཅིན་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་ལས་ཁུངས་200ལྷག་ཙམ་གྱི་སྨན་བཅོས་ཆེད་མཁས་པ་དང་གཅེས་སེམས་དང་བླངས་པ་བཅས་མི་800ལྷག་2018ལོའི་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀན་ལྷོར་བསྐྱོད་པའི་བྱེར་སྒོར་ཞུགས།
 
འོས་འགན་སྨན་བཅོས་དཔུང་ཁག་ཕྱིར་ལོག་ཁར་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་འོས་འགན་སྨན་བཅོས་རུ་ཁག་ལ་སྐྱེས་མ་བྱས།
           ཕྱིར་ལོག་པའི་ལམ་བར་དུ་རྩྭ་ཐང་གི་མཛེས་སྡུག་དང་ཁོད་ཡངས་ཤིང་བདེ་བའི་རྒྱ་ལམ། བསྟར་འགྲིག་ལ་གྲལ་དག་པའི་འབྲོག་པའི་གྲོང་གསར་མིག་ལམ་དུ་མངོན། མི་རིང་བའི་མ་འོངས་པར་ལུས་ཕུང་སླར་གསོ་ཐེབས་པའི་ཕུན་ཚོགས་སྒྲོལ་མ་དང་ནང་མི་རྣམས་ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག་དབུལ་སྒྲོལ་མངོན་འགྱུར་བྱུང་བ་དང་། མཛེས་སྡུག་ལྡན་པའི་ཀན་ལྷོའི་རྩྭ་ཐང་སྟེང་གི་བོད་རིགས་སྤུན་ཟླས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་གསར་པ་སྐྱེལ་པར་པེ་ཅིང་ནས་སླེབས་པའི་སྨན་དོན་ལས་དོན་པའི་དཀའ་སྤྱད་འབད་བརྩོན་བཏོན་ཡོད།