གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུས་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་དབྱེ་ཞིབ་ཚོགས་འདུ་བསྡུས།

སྤེལ་དུས 2018-07-18 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་བརྗོད་སྙིང་དུ་བྱས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཟླ་བདུན་པའི་ཚེར་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་དབྱེ་ཞིབ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། གཙོ་འཛིན་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྔར་ལས་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་གསར་བ་འཕྱུར་བར་བྱེད་པ། སྔར་ལས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཀྱིས་གཙོ་འཛིན་དགོངས་པར་བརྟེན་ནས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་རྣམ་པ་གསར་བ་སྐྲུན་པ་དང་ལེའུ་གསར་བ་འབྲི་དགོས་ཟེར།
            ཟླ་བཞི་བའི་ཟླ་མགོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྔར་ལས་བཀོད་སྒྲིག་བཟང་བོ་བྱས་པ་དང་། ཞིང་ཆེན་རིམ་པའི་ཚན་ཁག་སོ་སོ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་རྟོག་ཞིབ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་མིག་དཔེ་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པའི་ཚ་རླབས་གསར་བ་འཕྱུར་པར་མ་ཟད། ལག་ལེན་ཁྲོད་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ། ཚོགས་ཐོག་ཏུ། རྡོ་རྗེ་རབ་བརྟན་དང་ལིག་ཉིང་། ཝང་ཡུས་པཱོ། ཀྲང་ཀོང་རོང་བཞི་བོས་སོ་སོར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་བཅས་ཀྱི་ཚབ་བྱས་ནས་གཏམ་བཤད། ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་བཅུ་བཞི་ཡིས་རང་སོ་སོས་འགན་ཁུར་བའི་བྱ་བའི་ཐད་ནས་གཏམ་བཤད་སྤེལ་བ་དང་། ཝང་ཅན་ཅུན་གྱིས་རེ་རེ་བཞིན་དཔྱད་འཇོག་བྱས། ཟླ་གསུམ་རིང་ལ། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་དུས་ཚོད་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་མིག་དཔེ་སྟོན་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་པས་སྣེ་ཁྲིད་དེ། གནད་དོན་གཙོ་བོར་ཞིབ་འཇུག་བྱེད་པར་ཤུགས་འདོན་པ་དང་། ཚན་ཁག་གི་བྱ་བའི་གནས་ཚུལ་དངོས་ལ་རྐང་འཛུགས་པ། རང་སོ་སོའི་འགན་ཁུར་བའི་བྱ་བར་ཟུང་འབྲེལ་བྱས་ནས། གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་སྣེ་ཁྲིད་དེ་རྟོག་ཞིབ་བྱས་པས། རྒྱུ་སྤུས་མཐོ་བའི་རྟོག་ཞིབ་སྙན་ཞུ་སོ་དྲུག་གྲུབ་པར་བྱས།
            ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། ཚང་མས་ཞིབ་སྡུར་དང་བརྗེ་རེས་བྱེད་སྐབས་ཕྱོགས་དྲུག་ཐད་ཀྱི་ཐུན་མོང་ལྟ་བ་གྲུབ་པ་དང་། དེ་ནི་ཐེངས་འདིའི་སློབ་སྦྱོང་དང་རྟོག་ཞིབ་ཆེན་མོའི་ཐད་ནས་བླངས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་ཡིན་པས། བཀོལ་སྤྱོད་བྱེད་ཆེད་འཆར་འགོད་བཟང་བོ་བྱེད་པ་དང་ཞིབ་འཇུག་གཏིང་ཟབ་བྱེད་དགོས། དེ་ལས་གཅིག་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་མཛུབ་སྟོན་བསམ་བློའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་བ་དང་། གཉིས་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། གསུམ་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། བཞི་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། ལྔ་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་བཀོད་སྒྲིག་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། དྲུག་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་འགན་སྲུང་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་ཟེར།
            ཝང་ཅན་ཅུན་གྱིས་བསྟན་དོན། ཐེངས་འདིའི་རྟོག་ཞིབ་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དེ་ཞིང་ཆེན་ཏང་ཨུའི་ཚན་རིག་དང་མཐུན་པའི་ཇུས་ཆོད་དུ་བསྒྱུར་བ་དང་། ལག་ལེན་གྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས། འཛུགས་སྐྲུན་རང་བཞིན་གྱི་རྟོག་ཞིབ་གྲུབ་འབྲས་ལ་སྔར་ལས་རིགས་བགར་ཞིབ་འཇུག་བྱས་ནས། ས་གནས་འཐབ་ཇུས་དེ་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་འཐབ་ཇུས་ཁྲོད་འདྲེས་པར་བྱེད་དགོས། སྤྱི་ཡོངས་རང་བཞིན་གྱི་རྟོག་ཞིབ་གྲུབ་འབྲས་དེ་ལྗིད་ཡང་དལ་བྲེལ་ལྟར་རིམ་པ་བགོས་ནས། བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཆ་ཤས་རང་བཞིན་གྱི་རྟོག་ཞིབ་གྲུབ་འབྲས་ཐད་ནས་གནད་དོན་གྱི་གསལ་ཕྲ་དང་འགན་འཁྲིའི་གསལ་ཕྲ། ལས་འགན་དབྱེ་ཕྲའི་རེའུ་མིག་བཟོས་ནས། རྗེས་འདེད་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས་ཟེར།
            ཉིན་གཉིས་རིང་ལ། ཚོགས་ཞུགས་བློ་མཐུན་ཚོས་མ་རྩོམ་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱེད་པ། གནས་ལུགས་ཁོང་དུ་ཆུད་པར་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལེའུ་གཉིས་པ། དངོས་བྲིས་རྩོམ་རིག་ལེང་ཅཱ་ཆུ་བོ་བཅས་སློབ་སྦྱོང་ནན་མོ་བྱས། ཚང་མས་ཞིབ་སྡུར་བརྗེ་རེས་བྱེད་སྐབས་མཐའ་གཅིག་ཏུ། བརྟག་བཤེར་ཞིབ་འཇུག་དང་སློབ་སྦྱོང་ཞིབ་སྡུར་བརྒྱུད་དེ། ངོས་འཛིན་གཏིང་ཟབ་དང་ལངས་གནས་མཐོར་འདེགས་བཏང་བ་དང་། སློབ་གསོ་དང་ལེན་བྱས་ལ། བསམ་བློ་བརྗེ་རེས་དང་རིག་སྟོབས་གཅིག་ཏུ་སྒྲིལ་པ་དང་། ཡིད་ཆེས་ཇེ་བརྟན་དུ་བཏང་ཟེར། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གོ་དོན་མཐིལ་རྟོགས་བྱེད་པ། ཡིད་ཆེས་བརྟན་པོ་དང་ལག་བསྟར་ནན་མོ་བྱེད་པ་དང་། སློབ་སྦྱོང་དང་རྟོག་ཞིབ་གྲུབ་འབྲས་བསྒྱུར་བའི་བྱ་བ་ནན་ཏན་སྒོས་བསྒྲུབ་ནས། དུས་རབས་གསར་བ་དང་ཁུག་ཁུར་གསར་བ། གྲུབ་འབྲས་གསར་བར་བརྟེན་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།
            མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཏང་ཡོན་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ཚོགས་འདུར་ཞུགས།