གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་བྱང་ཐང་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ༦གི་ཁྱབ་ཁོངས་ལེགས་སྒྲིག་བྱ་བར་ཆོག་འཐུས་བཀོད།

སྤེལ་དུས 2018-07-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
90fba6974853153c06c222.jpg
           རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་ཉེ་ལམ་ནང་སོག་གི་དཱ་ཧེ་རི་བོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ༦ལེགས་སྒྲིག་བྱ་བའི་སྐོར་གྱི་བརྡ་ཐོ་བཏང་འདུག  
           བརྡ་ཐོའི་ནང་དུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་སོག་དཱ་ཧེ་རི་བོ་དང་། ཧེ་ནན་ཏན་ཅང་འདམ་ར།  ཀོང་ཞིའི་ཅིའུ་ཝན་རི་བོ།  སི་ཁྲོན་འདབ་རི། བོད་ལྗོངས་སྨར་ཁམས་ཀྱི་ཡུན་ནན་སྤྲེལ་ཁྲ། བོད་ལྗོངས་བྱང་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། ལེགས་སྒྲིག་བྱས་རྗེས་སུ་སྣོད་བཅུད་ཁོར་ཡུག་པུའུ་ནས་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་དང་། གཞི་ཁྱོན། བྱེད་ནུས་ཁུལ་གྱི་དབྱེ་མཚམས་སོགས་ཕྱིར་བསྒྲག་རྒྱུ་ཞེས་བཀོད་ཡོད། 
           བརྡ་ཐོའི་ནང་དུ། འབྲེལ་ཡོད་ས་ཁུལ་གྱིས་ཆོག་མཆན་ཐོབ་པའི་ལེགས་སྒྲིག་ཇུས་གཞི་དང་དབྱེ་མཚམས་རྩད་ཞིབ་སྒྲིག་འཛུགས་ཀྱི་རེ་བ་ལྟར། རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཆའི་བདག་དབང་དོན་འཁྱོལ་དང་འབྲེལ་ནས་གཏན་འཁེལ་གྱི་དུས་མཚམས་ནང་ཁུལ་མཚམས་གསལ་པོར་ཕྱེ་རྗེས། ཡོངས་བསྒྲགས་བྱ་རྒྱུ་ཞེས་བསྟན་འདུག
           བརྡ་སྦྱོར་ནང་ད་དུང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》དང་། 《རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་དང་དོ་དམ་གཏན་འབེབས》ལ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ།   རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་ཀར་སྣེ་འཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་ལ་ཤུགས་སྣོན་ཏན་ཏིག་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་དང་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ།  སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བ་བཅས་བར་གྱི་འགལ་བ་ཐག་གཅོད་འོས་འཚམ་རེ་བྱས་ཐོག   དོ་དམ་བྱེད་ཐབས་ཁག་དོན་ཐོག་ཏུ་མཐའ་འཁྱོལ་བ་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་པར་འགན་ལེན་བྱ་དགོས་སྐོར་ཡང་བསྟན་འདུག