གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས 2018-07-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། 2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་འབྲེལ་ཡོད་བྱ་བའི་གནས་ཚུལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་མ་དངུལ་ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། དུས་རབས་གསར་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་ཚན་རིག་གླིང་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ཀྲུང་གོ་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།
          ཚོགས་ཐོག་ནས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཆེན་མོ་སྔོན་བསུ་བྱེད་རྒྱུ་དེ། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཁྱོན་ཡོངས་ཀྱི་གཟིགས་ཞིབ་ཐེངས་ཤིག་དང་། གནད་དོན་འཚོལ་བ་དང་བྱ་བར་ལེགས་སྒྱུར་བྱེད་པ། ནུས་པ་མཐོར་འདེགས་བྱེད་པའི་གོ་སྐབས་གལ་ཆེན། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་བྱེད་ཐབས་གལ་ཆེན་བཅས་སུ་བརྩི་དགོས། ཞིང་ཆེན་སྲིད་གཞུང་གི་ཚན་ཁག་ཁོངས་མིའི་སུར་ལས་བགོས་བྱས་ན་སུས་འགན་ཁུར་བའི་རྩ་དོན་དང་གྲོང་ཁྱེར་དང་ཁུལ་གྱི་གཙོ་གཞི་འགན་འཁྲི་ལྟར། གཙོ་གནད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། དངོས་སུ་ཞིབ་འཇུག་དང་དངོས་སུ་འདྲི་རྟོག་བྱེད་པ། དངོས་སུ་བཀོད་སྒྲིག་བྱེད་པ། སྔ་མོ་ནས་འགོ་རྩོམ་པ་དང་རང་བཤེར་ནན་མོ་བྱེད་པ། ཞན་ཆ་ཁ་གསབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ལག་བསྟར་ནན་མོ་དང་གང་གསུང་དེ་སྒྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
          ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགེ་རྒན་དཔུང་སྡེ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཡོད། ལོ་བརྒྱའི་ཇུས་ཆོད་ལས་སློབ་གསོ་གཙོར་འཛིན་པ་དང་། སློབ་གསོའི་བྱེད་ཕྱོགས་ལས་དགེ་རྒན་གཙོར་འཛིན་པ་དང་། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་ནི་སློབ་གསོ་བྱ་བའི་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་བྱ་བ་ཞིག་ཡིན། ཀྲུང་དབྱང་གི་སྲིད་ཇུས་དང་བླང་བྱ་གཞིར་བཟུང་ནས། བཅོས་སྒྱུར་གྱི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་འཕེལ་རྒྱས་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། དགེ་རྒན་དཔུང་སྡེའི་གྲངས་ཚད་དང་གྲུབ་ཚུལ། རྒྱུ་སྤུས་ཕྱོགས་ནས། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་དང་གསོ་སྦྱོང་སྐྱེད་སྲིང་། དོ་དམ་བཅོས་སྒྱུར། དགེ་རྒན་གྱི་ཟླ་ཕོགས་སོགས་ཕྱོགས་ནས་གསར་གཏོད་རང་བཞིན་ལྡན་པའི་སྲིད་ཇུས་བྱེད་ཐབས་ཕྱིར་བཏོན་ནས་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་བྱེད་པ་དང་སློབ་གསོ་ལ་བརྩི་མཐོང་བྱེད་པར་སྐུལ་འདེད་བཏང་སྟེ། ཕུལ་བྱུང་ཤེས་ལྡན་མི་སྣ་མང་པོས་དགེ་རྒན་གྱི་བྱ་བ་གཉེར་བ་དང་། དགེ་རྒན་གྱིས་རང་གི་འཇོན་ཐང་འདོན་སྤེལ་བྱེད་པ། ཕུལ་བྱུང་དགེ་རྒན་མང་པོ་འབྱུང་བའི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས་ཟེར།
          ཚོགས་ཐོག་ནས་བསྟན་དོན། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་མ་དངུལ་གྱི་ཀྲུང་དབྱང་གི་སྙོམ་སྒྲིག་ལམ་ལུགས་འཛུགས་པ་ནི། རང་རྒྱལ་གྱི་རྒན་གསོ་ལམ་ལུགས་ཀྱི་བཅོས་བསྒྱུར་གལ་ཆེན་ཞིག་ཡིན་པས། ཀྲུང་དབྱང་གི་བཅོས་བསྒྱུར་གྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལས་བཟོ་བའི་རྒན་གསོ་ཉེན་ཚབ་གཞི་གྲངས་གསལ་བོ་རྟོགས་པར་བྱེད་པ། རྒན་གསོ་ཉེན་ཚབ་མ་དངུལ་གྱི་འགྲོ་ཡོང་དོ་དམ་ལ་ཤུགས་སྣོན་པ། ཀྲུང་དབྱང་གི་ཁེ་བཟང་སྲིད་ཇུས་བརྩོན་ལེན་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་རྒན་གསོ་དངུལ་དུས་ལྟར་དང་གྲངས་ཚད་ལོངས་པའི་སྒོ་ནས་སྟེར་ཐུབ་པར་ཁག་ཐེག་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཉེན་ཚབ་དངུལ་ཁ་སྣོན་བསྡུར་ཚད་ལྟར་སྙོམ་སྒྲིག་བྱས་རྗེས་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།
          ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་དང་པོ་ཡིན་པ་དང་། ཀྲུང་གོ་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞིབ་འཇུག་གླིང་བཙུགས་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ཚན་རིག་ཅན་དང་ཚད་གཞི་ཅན། རིག་སྟོབས་ཅན་དུ་འཛུགས་སྐྲུན དང་དོ་དམ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཕན་པ་ཡོད་པ་དང་། ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ། ཚན་རིག་ལག་རྩལ་བཅས་གཙོ་གནད་གསུམ་གྱི་སྟེང་ཤུགས་འདོན་པ་དང་གྲུབ་འབྲས་ལེན་པར་དམིགས་ནས། འགོ་ཚུགས་ས་མཐོན་པོ་ནས་འགོ་རྩོམ་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་བའི་སྒོ་ནས་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་དཔེ་གཞིར་འཛིན་ས་དང་དཔེ་མཚོན་འདོན་སྤྲོད་བྱེད་དགོས་ཟེར།
          ཚོགས་ཐོག་ནས་ད་དུང་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་བྱ་བའི་གཙོ་བོའི་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་གི་མཐོ་རིམ་སློབ་གསོའི་སློབ་ཡོན་ཚད་གཞི་ལེགས་སྒྲིག་བྱེད་པ་སོགས་བྱ་བར་ཞིབ་འཇུག་བྱས།