གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ལས་དོན་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

སྤེལ་དུས 2018-09-06 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ལས་དོན་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ནས། མཚོ་སྔོན་གྱི་ཚོད་ལྟའི་བྱ་བ་སྤེལ་བའི་གནས་ཚུལ་དང་། ཞིང་ཆེན་ཡོངས་ཀྱི་ལྟ་ཞིབ་ལས་ཁུངས་ཀྱི་ཉར་འཇོག་ར་བ་འཛུགས་སྐྲུན་དང་ལྟ་སྲུང་སྟོབས་ཤུགས་ཚན་ཆུང་འཛུགས་སྐྲུན། ཞིང་ཆེན་ཡོངས་ཀྱིསལྟ་ཞིབ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བཏང་བ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མཉམ་རུབ་གཞུང་སྒྲུབ་ར་བ་བསྒྱུར་བཀོད་སོགས་ཀྱི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། མུ་མཐུད་དུ་བཅོས་སྒྱུར་ཚོད་ལྟ་གཏིང་ཟབ་དུ་སྤེལ་བའི་སྐོར་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་ཚོགས་འདུར་ཞུགས།
          གྲོས་ཚོགས་ལས་བསྟན་དོན། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། མཚོ་སྔོན་གྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་ལངས་ཕྱོགས་བརྟན་ལ་ལྟ་བ་གསར་བ་ཡིན་པ། བྱེད་ཐབས་ལུགས་མཐུན་ཡིན་པས། ཕན་འབྲས་ལྡན་པའི་སྒོ་ནས་ཁྲིམས་སྐྱོང་དང་སྤྱོད་ལམ་བཅོས་སྐྱོང་། རང་སྲུང་དང་གཞན་སྲུང་། སྒྲིག་ཁྲིམས་སྦྲེལ་མཐུད། ཁྲིམས་དང་ཁྲིམས་སྲོལ་སྦྲེལ་མཐུད་སོགས་ཀྱི་གནད་དོན་ཐག་བཅད་དེ། དུས་རིམ་རང་བཞིན་གྱི་ཕན་འབྲས་ངེས་ཅན་བླངས་ཡོད་ཟེར།
          གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་བའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ཡར་ལྡན་དུ་སྤེལ་དགོས། སྟག་སྦྲང་མཉམ་དུ་གསོད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་མང་ཚོགས་ཉེ་འཁོར་གྱི་སྤྱོད་ལམ་ལོག་པ་དང་རུལ་སུངས་ཀྱི་གནད་དོན་ཅི་ཡོད་ལེགས་སྒྲིག་བཅོས་སྐྱོང་བྱས་ནས། སྤྱོད་ལམ་རྣམ་དག་དང་སྒྲིག་ཁྲིམས་ནན་མོ་ཡོང་བར་འབད་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཕན་འབྲས་གསར་བ་ཐོབ་པར་བྱེད་དགོས་ཤིང་། བར་མ་ཆད་པའི་སྒོ་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་སྒོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་ནས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས་ཟེར།
          ཐེངས་འདིའི་ཚོགས་འདུར་ཞུགས་པའི་ཞིང་ཆེན་གྱི་འགོ་ཁྲིད་ལ་ཐིན་ཙཱ་ཚའེ་དང་ཝང་ཡུས་པོ། ཡུས་ཚུང་ལི། མཱ་ཝེ། དབྱིན་པའེ་བཅས་ཡོད། བྱ་བའི་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཀྱང་ཐེངས་འདིའི་ཚོགས་འདུར་ཞུགས།