གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

སྤེལ་དུས 2018-09-07 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྐུལ་སློང་བཀོད་སྒྲིག་དང་། འཐབ་ཇུས་ཆེན་པོ་དྲུག་གི་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་འགན་བཞེས། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད། ཁུལ་གྱི་འགོ་ཁྲིད་ལི་ཅང་དང་ལའོ་ཀྲེན་ཧྭ། བྱམས་བློ། ཀྲའོ་པོ། ལིའུ་ཅི་ཞང་སོགས་གྲོས་ཚོགས་ནང་ཞུགས་ཡོད།
          གྲོས་ཚོགས་དེས་ཡུལ་དངོས་སུ་ལྟ་སྐོར་གཟིགས་ཞིབ་དང་ཚོགས་ཆེན་འཚོགས་ཏེ་སྤེལ་རེས་བྱ་རྒྱུ་ཟུང་འབྲེལ་བྱས་པའི་བྱེད་སྟངས་བརྒྱུད་ནས་གཉེར་བ་རེད། ཚོགས་ཞུགས་མི་སྣས་སྔོན་རྗེས་སུ་རོང་བྲག་རྫོང་གི་ནགས་ཚལ་ཐོན་ཁུངས་དྲ་བ་ཐོག་བདག་གཉེར་བྱེད་ཚུལ་དང་སོག་པོ་ཤང་གི་དཔེ་སྟོན་གྲོང་སྡེའི་ཁྱོན་ཡོངས་ཀྱི་རྣམ་པ་སྒྱུར་བཀོད་འཆར་འགོད། དར་མདོ་གྲོང་ཁྱེར་གྱི་འཁོབ་ཡུལ་ཤང་སེར་ལམ་གྲོང་སྡེའི་ཤར་གཏོང་གཞུང་ལམ་དང་གྲོང་གསེབ་དར་སྤེལ་འཆར་འགོད། སྨད་པ་ཤང་ཟུར་བཅར་གྲོང་སྡེའི་གྲོང་གསེབ་དར་སྤེལ་དཔེ་སྟོན་གྲོང་གྱི་འཛུགས་སྐྲུན་གནས་ཚུལ། ལྕགས་ཟམ་རྫོང་གི་གྲོང་གསར་ཐོན་ལས་དང་གྲོང་ཁུལ་གཞི་གཅིག་མཉམ་ལས་ཀྱི་མ་དངུལ་གཏོང་འཇོག་རྣམ་གྲངས་འཆར་འགོད། ཞི་བདེ་གྲོང་སྡེའི་གྲོང་གསེབ་དར་སྤེལ་འཆར་འགོད་བྱས་ཚུལ། འབོ་ཞབས་གྲོང་རྡལ་གྱི་དམངས་སྲོལ་གྲོང་སྡེའི་རྣམ་པ་རིམ་སྤར་རྣམ་གྲངས་སྐུལ་འདེད་གཏོང་ཚུལ་ལ་གཟིགས་ཞིབ་གནང་སྟེ་ཚང་མས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས་པ་ནས་བཟུང་། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་འཁྱེར་ཕྱོགས་ལ་དགེ་མཚན་ལྡན་པའི་ནུས་པ་ལྡན་པ་མྱོང་ཚོར་བྱུང་ཡོད། རོང་བྲག་མཛེས་མའི་ལུང་པའི་མཁར་རྫོང་ནས་འགུ་ཐང་ཡུལ་སྦྲེལ་གྱི་བདེ་སྐྱིད་ཀྱི་ཡུལ་གྲུ གསར་བརྗེའི་དྲན་རྟེན་ཡོད་པའི་ལྕགས་ཟམ་ཟམ་པ་ནས་གངས་དཀར་རི་བོའི་འདབས་སུ་ཆགས་པའི་འབོ་ཞབས་གནའ་གྲོང་བར་ལ་ཚང་མས་དངོས་གནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱད་དུ་གྲོང་གསེབ་དར་སྤེལ་གཏོང་བའི་དུས་བབ་དང་ས་བབ་འཕྲོད་ལ་མི་སེམས་མཐུན་པ་ཡིན་པའི་མྱོང་ཚོར་བྱུང་ཡོད་པ་རེད།
          ལིའུ་ཁྲེང་མིང་གིས་ཕྱོགས་བསྡོམས་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣའི་གཏམ་བཤད་བྱས་པར་གསན་འཇོག་གནང་རྗེས་བསྟན་དོན། འཐབ་ཇུས་ཆེན་དྲུག་ལག་བསྟར་བྱས་པར་བརྒྱུད། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་དངོས་གསལ་དོད་པོ་ཡིན་ལ། ཁྲིམས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ། མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཅུང་ཐོབ་ཡོད་པ། ས་མཐའི་ལུང་ཀྱོག་ཏུ་བགྲོད་པའི་ཕྱུུག་འགྱུར་ལམ་ཤར་གཏོང་ཐུབ་པ་དང་། གྲོང་ཁུལ་དང་གྲོང་རྡལ། གྲོང་སྡེ་ཚང་མ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དགོས་མཁོ་ལྟར་རྣམ་པ་རྙིང་པ་གསར་པར་བསྒྱུར་བ་རེད། སྔོ་ལྗང་རི་ཀླུང་གི་བཟང་ཆ་སྔར་ལྷག་གིས་མངོན་གསལ་དོད་ཅིང་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ། གསར་འཛུགས་མཉམ་འགུལ་བཅས་ལ་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་ཐུབ་ཡོད་པ་རེད།
          ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཚང་མས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་ནི་དུས་རབས་གསར་པའི་ཞིང་ལས་སྐོར་གྱི་ལས་ཀ་གསུམ་གྱི་སྤྱིའི་འཛིན་བྱ་ཡིན་ལ། དབུལ་ཐར་འགག་སྒྲོལ་ཆེན་པོ་ལས་རྒྱལ་ཁ་ཐོབ་ཡས་ཀྱི་དགོས་ངེས་ཀྱི་གདམ་བྱ་ཡིན་པ་ངོས་འཛིན་བྱ་དགོས། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་གཅིག་གྱུར་འཆར་འགོད་བྱས་ཏེ་མཐུན་སྦྱོར་ངང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། འཆར་འགོད་ཀྱི་ཁྲིད་སྟོན་དང་དངོས་དོན་བསྒྲུབས་ཏེ་ཤུགས་ཆེན་པོས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས།
          ཕྱོགས་བསྡོམས་ཚོགས་འདུ་ཐོག་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ལོ་སྟོད་ཀྱི་སྐུལ་སྤེལ་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་ལོ་སྨད་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ལས་ཀ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྱོང་བྱ་རྒྱུའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།