གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས་སྤྱི་བདེའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

སྤེལ་དུས 2018-09-07 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          སློབ་དུས་གསར་པ་འགོ་ཚུགས་པས་ཁྱིམ་བདག་ཚོས་མཚོ་སྔོན་སྤྱི་བདེའི“ཉི་འོད་ཉེན་དོན”གྱི་APPཐོག་ཡི་གེ་བཀོད་དེ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པའི་སྤྱི་བདེའི་ཞབས་ཞུའི་ཕན་འབྲས་ལ་མོས་བསྟོད་བྱས་ཡོད་པ་རེད།
          བློ་ཡིད་ཚིམ་པོ་བྱུང་མཁན་ཁྱིམ་བདག་གཅིག་པུ་མིན་པར་སྤྱི་བདེ་ལས་ཁུངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་བཏང་བར་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལས་གཉེར་མང་ཚོགས་མང་པོ་ཞིག་གིས་སྟབས་བདེ་དང་ནུས་ཆེ་ལྡན་པའི་གདེང་འཇོག་བྱས་ཡོད། ཉེ་ཆར། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཡུལ་བབ་དམངས་འདུན་གྱི་བརྟག་དཔྱད་སྙན་ཞུ་ལས་མངོན་པར། མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་སྐར་ཁུང་ཚན་པའི་ཁྲིམས་དང་སྒྲིག་ཁྲིམས་ལྟར་ལས་གཉེར་དང་། ཡོངས་བསྒྲགས་དང་ཁ་གསལ་ངང་ལས་གཉེར། ཞབས་ཞུའི་ལས་ཆོད། ཞབས་ཞུའི་རྣམ་འགྱུར། ཞབས་ཞུའི་ཁོར་ཡུག ལས་དོན་མི་སྣའི་རྣམ་པ་སོགས་སྤྱི་ཡོངས་ལ་བློ་ཡིད་ཚིམ་ཚད་98.09%ཟིན་ཡོད་པ་རེད།
          གྲངས་གཞི་ལས་མངོན་པ་ནི་མཚོ་སྔོན་སྤྱི་བདེ་ལས་དོན་གྱི་སྤྱོད་ཚུལ་དང་ཞབས་ཞུའི་འདུ་ཤེས་ཀྱི་འགྱུར་ལྡོག་ཡིན། “མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ཞབས་ཞུའི་སྐར་ཁུང”དང“མི་དམངས་མང་ཚོགས་བློ་ཡིད་མ་ཚིམ་པའི་ཞབས་ཞུའི་སྐར་ཁུང”གི་དཔྱད་འདེམས་བྱེད་སྒོ་སྤེལ་བ་བརྒྱུད། སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་ལན་བརྒྱབ་པ་དང་དྲ་དམངས་ཀྱི་དཔྱད་བརྗོད་ལ་དབྱེ་ཞིབ་བྱས་ཏེ། སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཉེན་རྟོག་པའི་རིགས་9དང་སྡེ་ཚན་19ཡི་ཁྱོན་སྐར་ཁུང་ཚན་པ་1016གི་གདེང་འཇོག་འབྲས་བུ་བསྡུ་རུབ་བྱས་ནས་སྐར་ཁུང་ཞབས་ཞུ་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་ཕན་འབྲས་དངོས་ཐོན་ཆེད་སྐུལ་འདེད་བཏང་བ་རེད།
          གཉེར་སྐྱོང་ཟླ་གཅིག་ལྷག་བྱས་པའི“ཉི་འོད་ཉེན་དོན”ལས་སྟེགས་ནང་སྤྱི་བདེའི་ཐེམ་སྲིད་དང་། བདེ་འཇགས་བཅོས་སྐྱོང་། འགྲིམ་འགྲུལ་དོ་དམ། ས་མཚམས་ནས་འགྲོ་འོང་སོགས་ཉེན་རྟོག་པའི་རིགས་ཀྱི་དབང་ཆ་དང་ལས་འགན་གྱི་རྩིས་ཐོ་དང་། གྱོད་སྒྲུབ་ཡོངས་བསྒྲགས། སྲིད་འཛིན་ཞིབ་མཆན་བཅས་རིགས་58ཀྱི་ཞིབ་མཆན་ཞབས་ཞུའི་བྱ་བ་230ཚུད་ཡོད་པས་ལས་སྒོ“ཚང་མར་ཁྱབ་པ”དང་། བརྒྱུད་རིམ“ཚང་མ་དྲ་ཐོག་ཏུ་ཡོད་པ” དགོས་མཁོ“ཚང་མ་དང་འབྲེལ་མཐུད་ཐུབ་པ”བཅས་བྱུང་ནས་མང་ཚོགས་ཉེ་འགྲམ་གྱི་ཁ་བྲལ་ཐབས་མེད་པའི་ཉེན་དོན“ཀུན་ཤེས”སུ་གྱུར་ཡོད་པ་རེད།