གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་བའི་དགོང་ཚོགས་བསྡུས།

སྤེལ་དུས 2018-09-17 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
དགོང་ཚོགས་ཀྱི་ཡུལ་དངོས། 
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་གྱི་ཕྱི་དྲོར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། དགོང་ཚོགས་སྟེང་རྒྱལ་ཡོངས་ཀྱི་མི་རིགས་སློབ་གྲྭ་བཅུ་ལྷག་ནས་ཕེབས་པའི་ཕུལ་དུ་བྱུང་བའི་འགྲན་ཞུགས་སློབ་མ་སུམ་བཅུ་ལྷག་དང་། བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་བརྒྱ་ལྷག  ཆེད་མཁས་པ་དང་རྩོམ་རིག་ལ་དགའ་མོས་ཡོད་མཁན་སོགས་བསྡོམས་པས་མི་དྲུག་བརྒྱ་ལྷག་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་ལ། བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སྙན་སྒྲོན་པ་རྣམས་ཀྱིས་གསལ་དག་སྙན་གསུམ་ཚང་བའི་ངག་གི་འགྱུར་ཁུག་དང་ལུས་ཀྱི་ཉམས་འགྱུར་གྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག 
སྐབས་ལྔ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དག
          དགོང་ཚོགས་སྟེང་སྨན་བླ་སྐྱབས་ཀྱིས་བྲིས་པའི《ལྷ་སའི་སྙན་ངག》ཅེས་པ་ལ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི་དཔྱད་འདེམས་ཚོགས་པའི་དམིགས་བསལ་གཟེངས་རྟགས་ཀྱི་བྱ་དགའ་གནང་ཞིང་། ཕག་མོ་དོན་གྲུབ་ཀྱིས་བྲིས་པའི་(གཅན་ཆེད་འབར)《སྙན་ངག<སེང་གེ>ཡི་དཔྱད་བརྗོད་དང་གཞན་དག》ཅེས་པའི་སྙན་ངག་དཔྱད་བརྗོད་དང་གཡང་འབུམ་ཚེ་རིང་གིས(གཡུ་སྲས)བྲིས་པའི《སྙན་ཚོམ་ལྷ་སའི་བག་ཆགས》ཞེས་པ། མགོན་པོ་ཚེ་རིང་གིས(ཉྭ་སྲིན་པོ)བྲིས་པའི་རང་མོས་སྙན་ངག《ཁྱེད་མཚོན་བྱེད་དུ》(ཞར་བཀོད་བཞི)ཞེས་པ། སྤེན་པ་དོན་གྲུབ་ཀྱིས་བྲིས་པའི་རང་མོས་སྙན་ངག《རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ》(ཞར་བཀོད་གཅིག)ཞེས་པ། དབྱངས་འབུམ་ཚེ་རིང་གིས་བྲིས་པའི་ཚིགས་བཅད་སྙན་ངག《གཏེར་ལེན་ཁའི་རབ་བྱེད》བཅས་ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་གནང་། གཞན་ད་དུང་ན་གཞོན་སྙན་ངག་པ་ཁྲི་སེམས་དཔའ་དང་ཐོ་རེངས་གཉིས་ལ་ཐེངས་འདིའི་གངས་རྒྱན་མེ་ཏོག་རྟགས་མའི་གདན་ཞུའི་རྩོམ་སྒྲིག་པའི་བྱ་དགའ་གནང་། སྐབས་འདིའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ལ་མཚོན་ན། 2015ལོ་ནས2017ལོའི་བར་གྱི《གངས་རྒྱན་མེ་ཏོག》དེབ་བཅུ་གཉིས་པོའི་སྟེང་གི་བརྩམས་ཆོས་རྣམས་དཔྱད་འདེམས་པ་དག་གིས་དཔྱད་བསྡུར་གཏིང་ཟབ་བྱས་པ་བརྒྱུད། བརྩམས་ཆོས་དྲུག་གཏན་ལ་ཕབ་སྟེ་བྱ་དགའ་གནང་བ་རེད།
ཨང་དང་པོ་ཐོབ་མཁན་གྱི་འགྲན་ཞུགས་པར་བྱ་དགའ་གནང་བཞིན་པ། 
བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་འགྲན་ཞུགས་པ།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་འགྲན་ཞུགས་པ། 
          གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པའི་སྟེང་བྱ་དགའ་ཐོབ་པའི་འགྲན་ཞུགས་སློབ་གྲོགས་རྣམས་ཏེ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་སྒྲོལ་མ་ལྷ་མོ་ལ་ཨང་དང་པོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ལྷ་མོ་དབྱངས་ཅན་དང་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་པདྨ་བདེ་སྐྱིད་གཉིས་ལ་ཨང་གཉིས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་རྒྱ་མཚོ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་དབྱངས་ཅན་ལྷ་མོ། བོད་ལྗོངས་སློབ་ཆེན་གྱི་སློབ་གྲོགས་བློ་བཟང་ཚེ་རིང་གསུམ་ལ་ཨང་གསུམ་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཆོལ་གསུམ་སྨྲ་ངག་ཚན་སྡེབ(ཨོ་རྒྱན་སྒྲོལ་མ། བཀྲ་ཤིས་དགེ་ལེགས། ཚེ་རིང་དཔལ་མོ)དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཚེ་བརྟན་རྒྱལ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་དྭངས་གསལ་ལྷ་མོ། སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་མགོན་དཀར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཡུམ་སྐྱབས་རྒྱལ། རྔ་བ་དགེ་ཐོན་སློབ་གླིང་གི་སློབ་གྲོགས་དྲི་མེད་ཡེ་ཤེས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་ཕུན་ཚོགས་རྒྱ་མཚོ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་སྐོར་ཞིག་གིས་སྙན་ངག་གྱེར་འདོན་བྱེད་བཞིན་པ། 
          གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚན་སྙན་དང་ཤན་སྟོབས་ཆེ་བའི་རྒྱལ་ཡོངས་རང་བཞིན་གྱི་སྙན་ངག་བྱ་དགའ་ཆེན་པོ་ཞིག་ཡིན་ལ། བོད་རང་གི་ཕ་སྐད་ཐོག་སྙན་ངག་གསར་རྩོམ་ལ་གྲུབ་འབྲས་འབུར་ཐོན་ཅན་ལེན་མཁན་དག་ལ་སྐུལ་ལྕག་བྱ་ཆེད་གཉེར་བ་ཡིན་ཏེ་མིག་སྔའི་བར་དུ་ཐེངས་ལྔ་ལ་བསྡུས། དེ་ནི་བོད་རང་གི་ཕ་སྐད་ཐོག་སྙན་ངག་གསར་རྩོམ་བྱེད་པའི་ཁྱབ་ཁོངས་ནང་དུ་དབང་གྲགས་ཆེ་བའི་བྱ་དགའི་རྣམ་གྲངས་ཤིག་དང་སྐད་གྲགས་ཆེ་བའི་བོད་ཀྱི་རྩོམ་རིག་ཅིག་ཏུ་གྱུར་ཡོད། 
བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་ཀུན་འགྲུབ་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཚེ་རིང་བཀྲ་ཤིས་དང་ལྷ་མོ་ཡག་གཉིས་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ། 
          ཐེངས་འདིའི་འགྲན་ཚོགས་རྒྱལ་ཁའི་ངང་སྒྲུབ་པ་འདིས་བོད་ཀྱི་སློབ་ཆེན་སློབ་མས་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་སློབ་སྦྱོང་བྱེད་པའི་མོས་གུས་དང་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏོང་བར་ཕན་པ་མ་ཟད། ད་དུང་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་གནའ་དེང་སྙན་ངག་གྱེར་འདོན་གྱི་མཁའ་དབུགས་གསར་པ་ཞིག་གྲུབ་པ་ལའང་ཕན་ཐོགས་ཡོད་པ་དང་། མཚོ་ནུབ་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་གསར་དར་རིག་གནས་མཐུན་སྦྱོར་ཡག་པོ་བྱུང་ནས་ཁུལ་འདིའི་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྤེལ་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་ཡར་ཐོན་སོགས་དུས་རབས་གསར་བའི་རྣམ་པ་མངོན།