མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས 2018-09-20 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། པད་མ།
           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་བཅར་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་ཐུན་མོང་དང་གླེང་མོལ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་སོགས་སློབ་སྦྱོང་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་ལ་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།
           ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་ནི་འཐབ་ཇུས་རང་བཞིན་དང་སྤྱི་ཁོག་རང་བཞིན། གསར་གཏོད་རང་བཞིན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་དང་། རང་རྒྱལ་གྱི་སློབ་གསོ་ལས་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་རྗེས་དྲན་རྡོ་རིང་ལྟ་བུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བ་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་སློབ་གསོའི་སྲིད་ཇུས་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།
           ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་བཅར་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། ང་ཚོས་འཕྲིན་བཅར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། འཕྲིན་བཅར་བྱ་བ་ནི་མང་ཚོགས་ཀྱི་ཁེ་ཕན་ཞུ་གཏུག་གི་མཚོན་བྱེད་དང་སྤྱི་ཚོགས་ཡིད་རྟོན་གྱི་ཚད་འཇལ་སྤྱད། སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་སྟོན་འཁོར་ལོ། ལས་བྱེད་པའི་སྤྱོད་ཚུལ་གྱི་ཚོད་ལྟ་བྱེད་སྤྱད་ལྟ་བུ་ཡིན་པས། འཕྲིན་བཅར་བྱ་བ་ཞིབ་ཕྲ་དང་བཟང་བོར་བསྒྲུབ་པའི་སྟེང་ཤུགས་བཏོན་ནས། མཉམ་འཛུགས་མཉམ་སྐྱོང་གི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
           ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་ཐུན་མོང་དང་གླེང་མོལ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི། དུས་རབས་གསར་བའི་གུང་གཞོན་ཚོགས་པའི་བཅོས་སྒྱུར་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཚན་རིག་གི་ཕྱོགས་སྟོན་ལྟ་བུ་ཡིན་པས། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་དུས་རབས་གསར་བའི་ན་གཞོན་བྱ་བ་བཟང་བོར་བསྒྲུབ་པའི་འགུལ་སྐྱོད་དངོས་སུ་བསྒྱུར་བ་དང་། དུས་རབས་གསར་བའི་གུང་གཞོན་ཚོགས་པའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གུང་གཞོན་ཚོགས་པའི་བཅོས་སྒྱུར་དང་གུང་གཞོན་ཚོགས་པ་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་རྣམས་ཀྱིས་མཐུན་སྒྲིལ་སྒོས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས་ཟེར།
           ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་བཟོ་བཅོས་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་སྒྲིག་ལམ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཟང་བོ་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ཏང་ཡོངས་ལ་ཁེབས་པར་བྱེད་པ། རྒྱུན་དུ་སློབ་སྦྱོང་བྱེད་པ། ནམ་ཡང་དོགས་ཟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ལམ་དམ་པོས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་དགོས་ཟེར།
           ཚོགས་ཐོག་ཏུ་ཀྲུང་དབྱང་སྐབས་བཅོ་བརྒྱད་པའི་སྐོར་ཞིབ་ཚན་ཆུང་གསུམ་པས་མཚོ་སྔོན་ལ་སྐོར་ཞིབ་བྱེད་སྐབས་བཏོན་པའི་གྲོས་གཞི་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་གཉིས་པའི་ཕྱོགས་བསྡུས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་གཏན་འབེབས་བྱེད་པ། གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་དང་ཏང་སྲིད་ལས་ཁུངས་ཀྱི་གཞུང་སྒྲུབ་ཁང་བ། གཞུང་སྤྱོད་རླངས་འཁོར་བཅས་ཀྱི་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།