གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་མཚོ་བྱང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས 2018-09-21 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལྔ་བཞིའི་འཐུབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། འབད་འཐབ་ལྷོད་མེད་བྱས་ཏེ། མཚོ་བྱང་གི་ཚུལ་སྒྱུར་འཕེལ་རྒྱས་བརྟན་བརླིང་ངང་སྤེལ་བའི་ཁྲོད་མཆོང་སྐྱོད་གསར་བ་མངོན་འགྱུར་བྱེད་པ་དང་གྲུབ་འབྲས་གསར་བ་ལེན་དགོས་ཟེར།
          ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཧྭ་ཐི་སྣུམ་སྙིགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་པོ་ཞང་མདའ་བཞི་བུ་རྒོད་སྡེ་བ། ོམདའ་བཞི་ཚོ་བ།་ལིས་ཡའེ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་སོགས་སུ་སོང་ནས། ཁེ་ལས་ཀྱི་འཁོར་སྐྱོད་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། གནས་སྐོར་ཐོན་ལས་འཕེལ་རྒྱས། ཁྱད་ལྡན་འདེབས་གསོ་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པར་མ་ཟད། མཛུབ་སྟོན་གྱི་བསམ་འཆར་བཏོན།
          མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་མཚོ་བྱང་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། འདས་ཟིན་པའི་རྨང་གཞི་ནི་ད་ལྟའི་དགེ་མཚན་ཡིན་པས། མཚོ་བྱང་ཁུལ་གྱིས་བབ་བསྟུན་མདུན་སྐྱོད་ཀྱིས་ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཁྲོད་གནས་ཐིག་གཏན་ཁེལ་གསལ་བོ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་ནས། བརྟག་བཤེར་ཞིབ་འཇུག་གི་རྨང་གཞིའི་སྟེང་སྤོབས་པ་ཆེན་པོས་དངོས་གཉེར་བྱེད་པ་དང་། དུས་རབས་གསར་བའི་རྗེས་སྙེག་པ་དང་དུས་རབས་གསར་བ་དང་མཐུན་པར་བྱེད་པ། དུས་རབས་གསར་བ་དང་འདྲེས་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་ཚུལ་བསྒྱུར་རིམ་སྤོར། ཞིང་སྡེ་དར་སྤེལ་འཐབ་ཇུས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་འགུལ། མཚོ་སྔོན་གསར་བའི་སྙིང་སྟོབས་ལག་བསྟར་བྱ་བ་བཅས་བརྟན་བརླིང་ངང་སྤེལ་དགོས་ཟེར།
          ལིག་ཉིང་གིས་བསྟན་དོན། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ། རིག་ལམ་གསལ་བོ་བྱེད་པ་དང་བརྩོན་སེམས་ཆེར་སྐྱེད་པ། འགན་འཁྲི་ཕྲག་ཏུ་བླངས་ནས། མཁྲེགས་གཏོར་ཆེན་པོ་གསུམ་ཐད་ནས་རྒྱལ་ཁ་ལེན་པ་དང་། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་མཚོ་བྱང་ནས་ལག་བསྟར་བཟང་བོ་བྱེད་དགོས་ཟེར།
          ཡན་ཅིན་ཧེ་དང་ཡུས་ཚོང་ལི། ཉི་མ་སྒྲོལ་མ་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།