གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་གཏེར་ལེན་ཁ་ནས་ཨུ་རུ་སུའི་པར་ནོར་བར་གྱི་ཡོ་རོབ་དབུས་མའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ།

སྤེལ་དུས 2018-10-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་ཟླ་10ཚེས་9ཉིན། གཏེར་ལེན་ཁ་གྲོང་ཁྱེར་ནས་གཏོང་འགོ་ཚུགས་པའི་ཡོ་རོབ་དབུས་མའི་དུས་གཏན་མེ་འཁོར་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཟོག་འདྲེན་ལྟེ་གནས་ནས་ཐོན་ཏེ་ཨུ་རུ་སུའི་པར་ནོར་དུ་སྐྱོད་བཞིན་པ།
          ཚེས་9ཉིན། མཚོ་སྔོན་གྱི་གཏེར་ལེན་ཁ་ནས་ཨུ་རུ་སུའི་པར་ནོར་བར་གྱི་ཡོ་རོབ་དབུས་མའི་དུས་གཏན་མེ་འཁོར་ཐེངས་གྲངས་75026པ་གཏེར་ལེན་ཁ་ནས་དལ་བུར་ཐོན་འགོ་ཚུགས་པ་ལས་མཚོ་སྔོན་ཞིང་ཆེན་ནས་སླར་ཡང་དོས་སྒམ་བླུགས་པའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་གཞན་ཞིག་ཤར་གཏོང་ཐུབ་པ་མཚོན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་མཚོ་སྔོན་གྱི་ཧྲོང་ཀྲའེ་དང་གོར་མོ་ནས་ཡོ་རོབ་དབུས་མར་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་རྗེས་བསྐྱར་དུ་གསར་སྤེལ་བྱས་པའི་ཡོ་རོབ་དབུས་མའི་དུས་གཏན་མེ་འཁོར་གྱི་ལམ་ཐིག་གསུམ་པ་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་གཏོང་འགོ་ཚུགས་པའི་ཡོ་རོབ་དབུས་མའི་དུས་གཏན་མེ་འཁོར་ལ་འཁོར་སྒྲོམ་41ཡོད་པ་དང་། དེའི་ནང་ཁིལ་འགྱུར་མེག་གི་ཐོན་ཟོག་བླུགས་པའི་དབྱིན་ཁྲེ་20ཟིན་པའི་ཚད་ལྡན་དོས་སྒམ་82ཡོད། གཏེར་ལེན་ཁ་ནས་ཐོན་ཏེ་ཟི་ལིང་དང་། ལན་ཀྲོའུ། ཝུའུ་ལུའུ་མུའུ་ཆི་བཅས་བརྒྱུད་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་པོའི་ཟམ་ནུབ་བགྲོད་ལམ་བརྒལ་ནས་ཨ་ལ་རི་བོའི་ཉག་ཁ་ནས་མངའ་ཁོངས་སྒྲོལ་རྗེས་ཧ་སག་སི་ཐན་བརྒྱུད་ཨུ་རུ་སུའི་པར་ནོར་དུ་འབྱོར་གྱི་ཡོད་པས་ལམ་ཚད་སྤྱི་ལེ་4345ཟིན་པའི་ནང་རྒྱལ་ནང་གི་ལམ་དུམ་སྤྱི་ལེ་3450དང་ཕྱི་རྒྱལ་གྱི་ལམ་དུམ་སྤྱི་ལེ་895ཡོད་པ་དང་དུས་ཚོད་ཉིན་12འགོར་གྱི་ཡོད་པ་རེད།
          གཏེར་ལེན་ཁ་གྲོང་ཁྱེར་གྱི་ཐོན་ཁུངས་འདུས་ཚད་ཕུན་སུམ་ཚོགས་པ་དང་ལྷག་དོན་དུ་ཚྭ་མཚོའི་ཐོན་ཁུངས་གསོག་ཚད་ཆེ་བ་དང་། དག་ཚད་མཐོ་བ། སྔོག་སླ་བ་སོགས་ཀྱི་ཁྱད་ལྡན་ལེགས་ཆ་ལྡན་ནའང་། སྲོལ་རྒྱུན་གྱི་སྐྱེལ་འདྲེན་བྱེད་སྟངས་ཀྱི་བཀག་རྒྱའི་དབང་གིས་རྒྱལ་སྤྱིའི་ཁྲོམ་རར་དུས་ཡུན་རིང་པོར་གཏོང་ཐུབ་མེད། མཚོ་བོད་ཚོགས་པ་ཀུང་སི་དང་ཀྲུང་གོ་ལྕགས་ལམ་དོས་སྒམ་ཀུང་སིས་ས་གནས་སྲིད་གཞུང་དང་དེ་བཞིན་ཨུ་རུ་སུ་དང་ཧ་སག་སི་ཐན་སོགས་ལམ་རྒྱུད་རྒྱལ་ཁབ་ཀྱི་ལྕགས་ལམ་སྡེ་ཚན་དང་ཟོག་འགྲེམས་ཁེ་ལས་དབར་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཡོ་རོབ་དབུས་མའི་བགྲོད་ལམ་གྱི་ལྕགས་ལམ་སྐྱེལ་འདྲེན་མཐུན་སྦྱོར་གྱི་ལམ་སྲོལ་ཧུར་ཐག་བཙུགས་ཏེ་2016ལོ་དང་2017ལོར་ཧྲོང་ཀྲའེ་དང་གོར་མོ་ནས་པེར་ཀྲེམ་དང་ཨུ་སུ་སུའི་བར་རྒྱལ་སྤྱིའི་དུས་གཏན་མེ་འཁོར་བཏང་བར་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད། ད་རེས་གཏེར་ལེན་ཁ་ནས་ཨུ་རུ་སུའི་པར་ནོར་དབར་ཡོ་རོབ་དབུས་མའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་སྟེ་མཚོ་སྔོན་དབུས་རྒྱུད་ནས་ཡོ་རོབ་བར་སྐྱོད་པའི་ཟོག་འགྲེམས་བགྲོད་ལམ་ཆེན་པོ་ཞིག་སླར་ཡང་བཏོད་པས། ཚྭ་འདམ་གྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།