ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀན་ལྷོ་ཀྲོའུ་ཡིས།“ཕྱི་རྒྱལ་གྱི་ལོ་ཏོག”ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

སྤེལ་དུས 2018-11-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་གཏོང་སྤེལ་བྱས་པ་ལྟར་ན། འདི་ལོའི་ཟླ་4པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས་སྔར་འདེབས་མྱོང་མེད་པའི་ལི་གྲོ་ཐོག་མར་ནང་འདྲེན་བྱས་ཤིང་། “ཕྱི་རྒྱལ་གྱི་ལོ་ཏོག”དེ་དུས་ཡུན་རིང་པོར་ནས་དང་པད་ཁ་འདེབས་པའི་ཞིང་ཁར་འདེབས་རྒྱུ་འཚམ་པོ་ཡོད་མེད་དང་ཐོན་འབབ་ཡག་པོ་ཡོང་མིན་དེ་སྟོན་དུས་སྐབས་སུ་གཞི་ནས་ལན་གསལ་པོ་ཞིག་རྙེད་ཡོད།
              ཀན་ལྷོའི་བང་གུར་ཐང་གྲོང་རྡལ་གུར་ཚང་གྲོང་ཚོའི་ཡུལ་མི་བཀྲ་ཤིས་སྐྱིད་ཀྱིས་སྐབས་དེ་དུས་གྲོང་ཚོར་ལི་གྲོ་འདེབས་པའི་སྐུལ་སློང་བྱེད་སྐབས། ཚང་མའི་སེམས་ལ་བློ་བདེ་པོ་ཞིག་བྱུང་མེད་མོད། ཡིན་ནའང་དུས་ཚོད་རིང་པོ་འདས་རྗེས་ལི་གྲོའི་སྐྱེ་ཚུལ་ཉིན་བཞིན་ཡག་པོ་ཡོད་པ་དང་། ཟླ་བ་བཅུ་པར་སླེབས་རྗེས། འབྲུ་རྡོག་རྒྱགས་པས་ད་ཆ་ལོ་ལེགས་འབྱུང་བའི་སྒང་རེད། “སྔོན་མ་བློ་ལའང་འཁོར་མི་ཕོད་པའི་བྱ་བ་ད་ཆ་མངོན་འགྱུར་བྱུང་སོང”ཞེས་བཤད།
              འདི་ལོའི་ཟླ་3པར་ཀན་སུའུ་ཞིང་ཆེན་བཟོ་ཚོང་ཅུས་དང་། སྒེར་གཉེར་ཚོང་དུད། ཁེ་ལས་མཐུན་ཚོགས་བཅས་ཀྱིས་ཁེ་ལས་20ལྷག་ཁྲིད་ནས་ཀན་ལྷོའི་བསང་ཆུར་བསྐྱོད་དེ“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་རམ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི”རྣམ་གྲངས་སྦྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་ཡོད།
              “ས་བབ་མཐོ་ཚད་སྨི་3000ཙམ་ཟིན་པའི་ཞིང་འབྲོག་ཁུལ་ལ་དགུན་རྩྭ་དཀོན་པོ་ཡོད། ལི་གྲོ་འདེབས་རྒྱུ་ལམ་ལྷོངས་བྱུང་བ་དེས་འབྲུ་རིགས་དང་གཟན་རྩྭ་གཉིས་ལ་ལེགས་བཅོས་འོང་སྲིད”ཅེས་ཁེ་ལས་དེས་ངོ་སྤྲོད་བྱས་པ་བརྒྱུད། བང་གུར་ཐང་གྲོང་རྡལ་གྱི་ཞིང་འབྲོག་པའི་ཡིད་ཆེས་ཆེ་རུ་སོང་ནས་ས་ཆ་བདམས་ཏེ་ལི་གྲོ་འདེབས་རྒྱུའི་ཐག་བཅད།
              ལི་གྲོ་ནི་ཐོག་མར་ཨ་མེ་རི་ཁ་ལྷོ་མའི་ཨན་ཏི་སི་རི་ཁུལ་དུ་འདེབས་པ་དང་། དེ་གྲང་ངར་འཁྱོག་ཐུབ་ལ་ས་བབ་མཐོ་སར་སྐྱེ་བའི་ལོ་ཏོག་ཅིག་ཡིན་སྟབས་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་པར་བརྟེན“འབྲུ་རིགས་ཀྱི་མ་མ”ཞེས་གྲགས། ལི་གྲོའི་རིགས་གཅིག་མཁས་པས་ཀན་ལྷོ་བོད་རིགས་ས་ཁུལ་ནི་ལི་གྲོ་འདེབས་རྒྱུར་འཚམ་པའི་ས་ཆ་ཞིག་རེད། ལི་གྲོའི་གཟན་རྩྭ་དག་སྲོལ་རྒྱུན་གྱི་འབྲི་གཡག་དང་ལུག་གསོ་སྤེལ་གྱི་ལས་རིགས་ལ་སྤྱོད་ཆོག་པ་མ་ཟད། འབྲི་གཡག་དང་ལུག་གིས་བཏང་བའི་ལྕི་བ་དང་རིལ་མ་ཞིང་དུ་སྤྱོད་ཆོག་པས་སྐྱེ་ལྡན་གྱི་འཁོར་རྒྱུག་ཞིང་ལས་ཤིག་ཆགས་རྒྱུ་ཡིན་སྟབས། ལི་གྲོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལེགས་ཆ་མངོན་གསལ་དོད་ལ་གསར་སྤེལ་གྱི་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་ངོ་སྤྲོད་བྱས།
              ཞིང་འབྲོག་པའི་ངོས་ནས་བཤད་ན། ཞིང་ཁར་བཏབ་ནས་མྱུ་གུ་སྔོན་པོ་འབུད་ཐུབ་ཚེ་རེ་བ་ཡོད། “སྔོན་མ་ནས་བཏབ་ནས་ཁྲོམ་རར་རྒྱ་མ་རེར་རིན་གོང་སྒོར་1ལས་མི་རག་ཀྱང་། ད་ཆ་ལི་གྲོ་བཏབ་པ་དང་ཡོན་ཟླ་ཚོགས་པས་རིན་གོང་ལ་རྒྱ་མ་རེར་སྒོར་4སྤྲོད་པས་བྲིན་ཚོང་མི་ཐུབ་པའི་སེམས་ཁྲལ་མེད”ཅེས་ཁྱིམ་ལ་ལི་གྲོ་མུའུ་4བཏབ་པའི་ཚེ་རིང་གིས་དུས་སང་ས་ཞིང་མང་པོར་ལི་གྲོ་འདེབས་རྒྱུའི་སེམས་ཐག་བཅད་ནས་བཤད།