ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

2018 ལོའི“ སེམས་མཐུན• ཀྲུང་གོའི་སེམས་པ་མཉམ་གཏོད” ཀྱི་རོགས་སྐྱོབ་ལས་དོན་སྤེལ་འགོ་ཚུགས་པ།

སྤེལ་དུས 2018-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། “ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” ཀྱི་2018 ལོའི་ལོ་འཁོར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་རོགས་སྐྱོབ་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། སྨན་བཅོས་རིགས་གཅིག་མཁས་ཅན་དང་དང་བླངས་པ་རྣམས་སོ་སོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། དེ་བཞིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་དུ་བསྐྱོད་དེ་དུས་འགོའི་བྱེད་སྒོའི་ནང་བརྟག་དཔྱད་བྱས་པའི་ནད་པར་ཡང་བསྐྱར་ནད་གཞི་ངོས་འཛིན་བྱེད་རྒྱུ་རེད། “ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” སྒྲིག་འཛུགས་ཨུ་ལྷན་གྱིས་མཐའ་མའི་སྐྱོབ་རོགས་གང་དགོས་ཀྱི་འདུན་པ་དང་མཐུན་པའི་ནད་པར་སྨན་རིན་མི་དགོས་པར་གཤགས་བཅོས་བྱས་ཏེ་རོགས་སྐྱོབ་བྱས། 
རི་མོ་འདི་ནི“ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་དང་བླངས་པ་རྣམས་ཀན་ལྷོར་བསྐྱོད་པའི་ལས་དོན་ཚོ་ཆུང་རེད། ཁྲེན་ཝེ་གོས་པར་བླངས། 
          རྒྱུས་ལོན་བྱུང་བ་ལྟར་ན། “བདེ་ཐང་ཀྲུང་གོ” དང་“ གནད་སྨིན་དབུལ་སྐྱོར” གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རོགས་འདེགས་དང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་གོང་འཕེལ་དུ་གཏོང་ཆེད། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་ལས་དོན་ཚོགས་ཆུང་གིས་འདི་ལོའི་ཟླ5 པ་དང་ཟླ7པར་སོ་སོར་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཝུན་ཁྲོན་རྫོང་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཞི་ཁྱོན་ཆེ་བའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད། བྱེད་སྒོ་སྤེལ་རིང་། སྒྲིག་འཛུགས་ཨུ་ལྷན་གྱིསBསྒྲ་རླབས་བརྟག་དཔྱད་ཡན་ལག་རུ་ཁག་མང་པོ་མངགས་ཏེ་བྱིས་པའི་ལྷན་སྐྱེས་སྙིང་ནད་ཀྱི་གྲལ་བཤེར་ལས་དོན་སྤེལ་བ་རེད། ཝུན་ཁྲོན་རྫོང་དུ་ནད་ཕོག་པ་འདྲ་བའི་ནད་པ་མི38གྲལ་བཤེར་གནང་བ་དང་། ཀན་ལྷོ་ཁུལ་དུ་ནད་ཕོག་པ་འདྲ་བའི་ནད་པ་མི99གྲལ་བཤེར་གནང་བ་རེད། 
          པེ་ཅིན་དུ་ཕྱིར་ལོག་རྗེས། པེ་ཅིང་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་དང་། “ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” ཀྱི་ལག་བསྟར་ཀྲུའུ་ཞི་ཅིན་ཏ་ཕིང་གིས“ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་ཡུན་རིང་གཤགས་བཅོས་རོགས་སྐྱོབ་ཀྱི་རྒྱབ་སྐྱོར་བྱེད་པའི་སྨན་བཅོས་ལས་ཁུངས་མང་པོ་ཞིག་རྩ་འཛུགས་བྱས་ཏེ2018 ལོའི་ལོ་འཁོར་གྱི་ཝུན་ཁྲོན་རྫོང་དང་ཀན་ལྷོ་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རོགས་སྐྱོབ་བྱེད་པའི་འཆར་གཞིར་གྲོས་བསྡུར་བྱས་པར་མ་ཟད། རོགས་སྐྱོར་བྱེད་པའི་ཇུས་གཞི་གཏན་ལ་ཕབ་ཏེ་དུས་ཚོད་ཀྱི་བཀོད་སྒྲིག་ཁ་གསལ་བྱས།
རི་མོ་འདི་ནི“ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་དང་བླངས་པ་རྣམས་ཝུན་ཁྲོན་དུ་བསྐྱོད་པའི་ལས་དོན་ཚོགས་ཆུང་རེད། “ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” སྒྲིག་འཛུགས་ཨུ་ལྷན་གྱིས་པར་རིས་མཁོ་འདོན་བྱས།
          ཐེངས་འདིར་ཝུན་ཁྲོན་རྫོང་དང་ཀན་ལྷོ་ཁུལ་གྱི་དབུལ་པོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རོགས་སྐྱོབ་བྱེད་པའི་ལས་དོན་འདི་ནི“ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་ལོ་བཅུའི་རིང་བདེ་ཐང་དབུལ་སྐྱོར་གྱི“ ཐབས་མང་མཉམ་སྤྱོད”ཀྱི རྒྱུན་མཐུད་ངང་རོགས་སྐྱོར་བྱེད་པའི་ལྟེ་བའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ།  མཐའ་མཚམས་མི་རིགས་ས་ཁུལ་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་ལ་ཞབས་ཞུ་དང་དབུལ་སྒྲོལ་གྱི་རོགས་སྐྱོར་སྤྱི་ཕན་གསར་པའི་ལམ་བུའི་ཐོག་གི་ལས་གྲྭ་ཨང་དང་པོའང་ཡིན།
          “ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” ཅེས་པའི་སྤྱི་ཕན་བྱེད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཛུབ་སྟོན་གནང་ཞིང་། 2008 ལོར་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། རྩ་འཛུགས་དེས་རྒྱལ་སའི་སྨན་བཅོས་རིགས་གཅིག་མཁས་ཅན་གཙོས་པའི་དང་བླངས་པའི་རུ་ཁག་གསོ་སྐྱོང་བྱས་པ་དང་།  ལོ་ངོ10རིང་བསྟུད་མར་མཐའ་མཚམས་མི་རིགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་བདེ་ཐང་དང་བླངས་ཀྱི་ཞབས་འདེགས་ཞུས་ཤིང་། ནང་དོན་གྱི་གྲས་སུ་འོས་འགན་སྨན་བཅོས་དང་། སྐོར་སྐྱོད་སྨན་བཅོས། གཅེས་སེམས་ཞལ་འདེབས་ཕུལ་བ། སྨན་བཅོས་གསོ་སྦྱོང་། བདེ་ཐང་འཆད་ཁྲིད། ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་སོགས་ཀྱི་ནད་རིགས་གྲལ་བཤེར་དང་རོགས་སྐྱོབ་སོགས་ཚུད་ཡོད་དོ།།