ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་”པའི་སྨན་བཅོས་ཆེད་ལས་མཁས་པས་ཀན་ལྷོར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ལ་ཞིབ་བཤེར་བྱས།

སྤེལ་དུས 2018-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།

 “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་”པའི་ སྨན་བཅོས་ཆེད་ལས་མཁས་པའི་དང་བླངས་པས་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ལས་ཀ་བསྒྲུབ།
          ཟླ་11ཚེས་4ཉིན།   “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་དུ་གཏོད་”པའི་ སྨན་བཅོས་ཆེད་ལས་མཁས་པའི་དང་བླངས་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ།   སྔོན་མའི་བྱེད་སྒོ་ཁག་ནང་བརྟག་དཔྱད་བྱས་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཡང་བསྐྱར་ཞིབ་བཤེར་དང་ནད་གཞི་ངོས་འཛིན་གཏན་འཁེལ་བྱས། 

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་ཡའེ་ཝེ་ཧྭས་བྱིས་པ་ནད་པར་ཉན་བརྟག་བྱེད་པ།   
            ཟླ་11ཚེས་4ཉིན་གྱི་ཞོགས་པ་སྔ་མོར།   ཀན་ལྷོ་ཁུལ་གྱི་གཙོད་གྲོང་ཁྱེར་དུ་ཁེངས་བབས་པས་དྲོད་ཚད་མར་ཆག་མོད།  སྨན་བཅོས་ཆེད་ལས་མཁས་པའི་དང་བླངས་པ་རྣམས་གངས་ལྷགས་ཀྱིས་མ་ཁོག་པར། དུས་ཚོད་ལྟར་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ཕེབས་ནས་ལྷན་སྐྱེས་སྙིང་ནད་ལ་ཞིབ་བཤེར་བྱས།   ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་རྣམས་ཁྱིམ་བདག་གིས་ཁྲིད་ནས་གཅིག་རྗེས་གཉིས་མཐུད་དུ་སྨན་ཁང་དུ་ཐོན།  “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”ཀྱི་དང་བླངས་པ་དང་ས་གནས་དེ་གའི་སྨན་དོན་མི་སྣའི་ཁོ་ཚོ་ཐོ་འགོད་དང་།   ཆ་འཕྲིན་ཞིབ་བསྡུར་བྱས་རྗེས་གྲལ་བསྒྲིགས་ནས་ཞིབ་བཤེར་བརྟག་དཔྱད་བྱས། 

རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཨཱན་ཀྲེན་སྨན་ཁང་གི་དབྱང་ཅིང་གིས་བྱིས་པར་སྙིང་ནད་ཚད་བརྒལ་སྒྲ་རླབས་ཀྱིས་ཞིབ་བཤེར་བྱེད་པ། 

རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཐེན་ཐཱན་སྨན་ཁང་གི་ལིག་ཧྥེས་ནད་པའི་ཁྱིམ་བདག་དང་ཁ་བརྡ་བྱེད་བཞིན་པ།
             ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་།   རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཨཱན་ཀྲེན་སྨན་ཁང་།   རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཐེན་ཐཱན་སྨན་ཁང་བཅས་ནས་སླེབས་པའི་སྨན་བཅོས་ཆེད་ལས་མཁས་པ་བཞི་སྨན་བཅོས་ཁང་གཉིས་སུ་བསྡད་ནས།   ཉན་བརྟག་དང་སྙིང་ནད་ཚད་བརྒལ་སྒྲ་རླབས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད།   ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཡང་བསྐྱར་ཞིབ་བཤེར་དང་ནད་གཞི་ངོས་འཛིན་གཏན་འཁེལ་བྱས།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་ལིག་ཅོན་སུང་གིས་བྱིས་པར་སྙིང་ནད་ཚད་བརྒལ་སྒྲ་རླབས་ཀྱིས་ཞིབ་བཤེར་བྱེད་པ། 

དབྱང་ཅིང་(གཡས་ཀྱི་དང་པོ་)དང་ལིག་ཧྥེ་(དཀྱིལ)གཉིས་ཀྱིས་ནད་གཞི་བརྟག་དཔྱད་ལ་བསམ་འཆར་བརྗེ་རེས་བྱེད་པ། 
               སྨན་བཅོས་ཆེད་ལས་མཁས་པ་རྣམས་ཀྱིས་ནན་ཏན་གྱིས་ཕྲུ་གུ་རེ་རེའི་ཞིབ་བཤེར་བྱས་འབྲས་ཟིན་ཐོ་བཀོད།   དང་བླངས་པས་ཡང་བསྐྱར་ཞིབ་བཤེར་བྱས་པ་བརྒྱུད་གཤགས་བཅོས་གཏན་འཁེལ་བྱས་པའི་བྱིས་པ་རྣམས་ཀྱི་ནད་གཡོག་ཁྱིམ་མི་དང་བཅས་པའི་ཆ་འཕྲིན་ཐོ་འགོད་བྱས་ཏེ།  པེ་ཅིང་དུ་སོང་ནས་རིན་མེད་སྨན་བཅོས་བྱེད་པར་གྲ་སྒྲིག་བྱས།   ནད་རང་སོས་ལེགས་པ་དང་གཤགས་བཅོས་བྱེད་མི་དགོས་བའི་ནད་པའི་ཁྱིམ་བདག་ལ་ཆེད་ལས་མཁས་པས་བྱིས་པའི་འགྱུར་ལྡོག་ལ་མཉམ་འཇོག་དགོས་པ་དང་དུས་བཅད་ལྟར་ཞིབ་བཤེར་བྱ་དགོས་པའི་མངགས་བཅོལ་གནང་།

ཡའེ་ཝེ་ཧྭས་ (གཡས་)དང་ལིག་ཅོན་སུང་གཉིས་ཀྱིས་ཞིབ་བཤེར་བྱེད་སྐབས་ནད་གཞི་ངོས་འཛིན་ཐད་བསམ་འཆར་བརྗེ་རེས་བྱེད།
                 སྨན་བཅོས་ཆེད་ལས་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན།   དེ་རིང་ཡང་བསྐྱར་ཞིབ་བཤེར་གཏན་འཁེལ་བྱས་པའི་བྱིས་པ་ཁ་ཤས་ཀྱི་ནད་ཚབས་ཆེན་མིན་པར་པེ་ཅིང་དུ་བསྐྱོད་རྗེས་རྒྱུན་གཏན་གྱི་གཤགས་བཅོས་བྱས་ན་ནད་སོས་ཐུབ།   འོན་ཀྱང་ནད་པ་འགའ་ཞིག་གི་ནད་གཞི་རྙོག་འཛིང་ཅུང་ཆེ་བས་བྱིས་པ་རྣམས་པེ་ཅིན་གྱི་སྨན་ཁང་དུ་ཐོན་རྗེས་སྔར་བས་བརྟག་དཔྱད་བྱས་ཏེ་མཐའ་མའི་སྨན་བཅོས་བྱེད་ཐབས་ཐག་གཅོད་དགོས།

ནད་གཞི་རྙོག་འཛིང་ཆེ་བའི་བྱིས་པ་ལ་ཆེད་ལས་མཁས་པ་བཞི་པོས་ལྷན་དུ་བརྟག་དཔྱད་བྱས།
                ཟླ་11ཚེས་5ཉིན།   ཞིབ་བཤེར་ཚར་རྗེས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་རོགས་སྐྱོབ་ཀྱི་ཆ་རྐྱེན་མཐུན་པའི་ནད་པ་དང་ཁྱིམ་མི་རྣམས།  “སེམས་མཐུན།   ཀྲུང་གོའི་སེམས་པ་མཉམ་གཏོད་”སྒྲིག་འཛུགས་ཨུ་ལྷན་གྱི་བཀོད་སྒྲིག་འོག  སྨན་བཅོས་ཆེད་ལས་མཁས་པ་ཚོ་དང་མཉམ་དུ་མེ་འཁོར་བསྡད་དེ།   པེ་ཅིང་དུ་སོང་ནས་རིན་མེད་པར་གཤགས་བཅོས་རོགས་སྐྱོབ་བྱ་རྒྱུ་རེད།