ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

འདས་པའི་ལོ་ལྔའི་རིང་བོད་ཀྱི་བུད་མེད་དབུལ་པོ་ཁྲི་2 ལྷག་ཙམ་ལས་གཏོད་ལས་ཞུགས་ཐུབ་པ།

སྤེལ་དུས 2018-11-07 ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
            ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། འདས་པའི་ལོ་ལྔའི་རིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བརྩོན་ལེན་བྱས་ནས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ཐེངས་560ལྷག་བྱས་ཏེ་བུད་མེད་དབུལ་པོ་ཁྲི་2ལྷག་ཙམ་ལ་ལས་གཏོད་ལས་ཞུགས་བྱེད་རོགས་བྱས་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བུད་མེད་ཀྱི་ལས་གཏོད་ལ་ཁག་ཐེག་གི་ནོར་སྲིད་སྐྱེད་གསབ་དངུལ་བུན་གཏོང་བ་དང་། བུད་མེད་ཀྱི“འབྲས་སྐྲན་གཉིས”ཀྱི་རིན་མེད་བརྟག་དཔྱད། ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་ཀྱི་རིན་མེད་བརྟག་བཅོས། སྦྲུམ་མས་སྨན་ཁང་དུ་ཕྲུ་གུ་བཙའ་བར་བྱ་དགའ་སྤྲོད་པ། དྭ་ཕྲུག་དང་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་བྱེད་པ། གྲོང་གསེབ་ཀྱི་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ནས་ལག་ཁྱེར་སྤྲོད་སྐབས་བུད་མེད་ཀྱི་དབང་ཆ་འགན་ལེན་བྱེད་པ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པས་དམངས་འཚོའི་རྣམ་གྲངས་མང་པོ་ཞིག་བོད་དུ་ལག་བསྟར་ཡག་པོ་ཐུབ་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ལོ་ལྔའི་རིང་། རིམ་རྩིས་བྱས་ན། བུད་མེད་ཀྱི་དབུལ་སྒྲོལ་དཔེ་སྟོན་རྟེན་གཞི་34བསྐྲུན་པ་དང་། བུད་མེད་ཀྱི་དཔལ་འབྱོར་རྩ་འཛུགས་64ལ་རྒྱབ་སྐྱོར་བྱས་པ། རྒྱལ་ཁབ་རིམ་པའི“གསུམ་བརྒྱད་ལྗང་མདོག་འདུ་འགོད”ཀྱི་དཔེ་སྟོན་རྟེན་གཞི་16བསྐྲུན་པ། བུད་མེད་ཀྱི་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི་5100ལྷག་དོན་འཁྱོལ་བྱས་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས་མཐའ་འཁོར་གྱི་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། བུད་མེད་ཁེ་ལས་མཁས་ཅན་སྒྲིག་འཛུགས་ཀྱིས་ནེ་པ་ལར་འཚམས་འདྲི་བྱས་ནས་མི་རིགས་ལག་ཤེས་ཐོན་རྫས་ཀྱི་ཚོང་དོན་སྦྲེལ་ཟམ་བཙུགས་ཐོག རྒྱལ་སྤྱིའི་འགྲོ་འོང་བརྒྱུད་བོད་ཀྱི་བུད་མེད་ཚོའི་ངོ་མཚར་གཏམ་རྒྱུད་ཡག་པོ་བཤད་ནས་ཀྲུང་གོའི་བུད་མེད་ཀྱི་འཕེལ་རྒྱས་གནས་ཚུལ་དྲིལ་བསྒྲགས་བྱས་པ་དང་། ཕུལ་བྱུང་གི་བུད་མེད་འཐུས་མི་60སྔ་རྗེས་སུ་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་སུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བཏང་ནས་ཀང་ཨའོ་ཐའེ་བཅས་ཀྱི་བུད་མེད་རྩ་འཛུགས་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཧྲང་ཧའེ་དང་། ཁྲུང་ཆིང་། ཀྲེ་ཅང་། ཧུའུ་པེ། སི་ཁྲོན་སོཌ་སུ་བུད་མེད་ལས་དོན་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་མངགས་པ་བཅས་བྱས་པས། རྒྱལ་ནང་གི་བུད་མེད་རྩ་འཛུཌ་དང་སྤེལ་རེས་དང་འགྲོ་འོང་བྱེད་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།