ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས 2018-11-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གིས་ཧྲན་ཞི་ཆིན་ལེན་བྱང་འདབས་ཞི་ཨན་མངའ་ཁོངས་ནང་དུ་གཞིས་མིན་སྤྲོ་ཁང་ཁྲིམས་འགལ་ འཛུགས་སྐྲུན་བྱས་པའི་གནད་དོན་ཐག་གཅོད་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་སློབ་སྦྱོང་དང་བརྒྱུད་སྒྲོག ལག་ལེན་མཐར་ཕྱིན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།
           ཚང་མས་མཐའ་གཅིག་ཏུ། ཀྲུང་དབྱང་གི་བརྡ་ཁྱབ་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་ཀྱིན་ཡོད་པ་དང་། ཆིན་ལེན་བྱང་འདབས་ཀྱི་ཞི་ཨན་མངའ་ཁོངས་ནང་གཞིས་མིན་སྤྲོ་ཁང་ཁྲིམས་འགལ་འཛུགས་སྐྲུན་བྱས་པའི་གནད་དོན་གྱི་བསླབ་བྱ་ཧ་ཅང་གཏིང་ཟབ་པ་དང་། ཀྲུང་དབྱང་གིས་གནད་དོན་དེའི་ཐད་ནས་ཆེད་དོན་ལེགས་བཅོས་བྱས་པ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་གཙང་དར་སྤེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། བློ་སེམས་རྩེ་གཅིག་གིས་མི་དམངས་བསམ་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། དེ་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་སློབ་གཞི་གསོན་པོ་དང་། མཐའ་གཅིག་སྲུང་སྐྱོབ་བྱེད་པ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་མྱོང་ཚོར་ཡིན་ལ། བསམ་བློ་ཆབ་སྲིད་སློབ་ཁྲིད་དང་ཏང་གཤིས་སློབ་གསོ་སློབ་ཁྲིད་གཏིང་ཟབ་མོ་ཞིག་ཀྱང་ཡིན་ཟེར།
           ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་བ་དང་། འདུ་ཤེས་བཞི་བརྟན་པོ་འཛུགས་པ། རང་འགུལ་གྱིས་རང་རྟོན་ཇེ་བརྟན་དུ་གཏོང་བ། མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་གཉིས་ལག་བསྟར་བྱེད་པ། ཚད་མཐའ་དམ་སྲུང་བྱེད་པ། མངོན་སྲུང་ལྐོག་འགལ་དང་རྫུན་བཟོ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས་ཟེར།
           ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བརྡ་ཁྱབ་ལ་རྒྱུན་མཐུད་ངང་སློབ་སྦྱོང་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བཅས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བརྡ་ཁྱབ་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། བརྒྱུད་སྒྲོག་དང་ལག་བསྟར་བཟང་བོ་བྱེད་དགོས། སྤྱི་སྡོམ་ནན་མོ་བྱས་ཏེ། གནད་དོན་དེ་རིགས་ལ་རང་བཤེར་རང་བཅོས་དང་གཅིག་ཤེས་ཀུན་གྲོལ་བྱེད་པ་དང་། བསླབ་བྱ་བསྡུ་ལེན་དང་བྱ་བར་ལེགས་བཅོས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བཀོད་སྒྲིག་ཆ་གཅིག་དང་ལག་བསྟར་ཆ་དགུ་བྱེད་པའི་བླང་བྱ་གལ་ཆེན་ལྟར། རང་ཉིད་དངོས་སུ་བྱ་བའི་ཁྲོད་ཞུགས་པ་དང་འགན་འཁྲི་གསལ་བོ་བྱེད་པ། དར་ཆ་མཐོན་པོར་བསྒྲེང་ནས་ཆབ་སྲིད་གླེང་བ། གནད་དོན་ལ་དམིགས་ནས་ལག་བསྟར་དམ་འཛིན་བྱས་ཏེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་གཉིས་ལག་བསྟར་བཟང་བོ་བྱེད་དགོས་ཟེར།