ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས 2019-01-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ནས། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། མཚོ་སྔོན་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
            གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུ་འགན་སྲུང་མ་ལག་འཛུགས་སྐྲུན་ལ་མཐོང་ཆེན་བླ་མེད་གནང་ནས་དེ་བསྟུན་གྱི་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། བླང་བྱ་གསལ་བོ་བཏོན་ནས། དུས་རབས་གསར་བའི་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིའི་བྱ་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་གཞི་གཅིག་ཏུ་སྦྲེལ་ནས། གསར་གཏོད་རང་བཞིན་གྱི་སྒོ་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས། དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིའི་བསམ་བློར་སྣེ་འདོམས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དམག་ཁོངས་ལས་ཕྱིར་ལོག་རུང་དམག་སྡེ་དང་ཁ་མི་འབྲལ་བ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས། བླ་མེད་གཟི་བརྗིད་ལ་གཅེས་སྐྱོང་བྱས་ཏེ། དུས་རབས་གསར་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་སྟོབས་ཤུགས་གསར་པ་རུ་འགྱུར་བར་བྱེད་དགོས་ཟེར།
            གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་ནས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། ད་ལོ་དང་སང་ལོའི་ཞིང་གསུམ་བྱ་བའི་འོས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པར་སྟོབས་ཤུགས་ཅི་ཡོད་གཅིག་བསྡུས་བྱས་ཏེ། གནད་ས་འཛིན་པ་དང་ཞན་ཆ་དུས་ལྟར་གསབ་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། ཞིང་གསུམ་བྱ་བ་ཀུན་གྱི་སྔོན་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་གསུམ་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ། དོན་ཆེན་དམ་པོར་འཛིན་པ་དང་ལས་དོན་བདེན་སྒྲུབ་བྱེད་པ། ཚབ་མཚོན་རང་བཞིན་གསོ་སྐྱོང་བྱེད་པ། མིང་གྲགས་ཐོན་རྫས་གཉེར་བ་བཅས་ཀྱི་ཐད་སྟོབས་ཤུགས་གང་ཡོད་བཏོན་ནས། ལས་རིམ་ཁག་ཚང་མ་ཀྲུང་དབྱང་གི་བླང་བྱ་དང་འཚམ་པོ་ཡོང་བར་བྱེད་དགོས་པ་ལས་གཞན། མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གྱི་ཁྱད་ཆོས་དང་རོང་འབྲོག་མི་དམངས་ཀྱི་དངོས་ཡོད་དགོས་མཁོ་དང་འཚམ་པོ་ཡོང་བར་བྱེད་དགོས་ཟེར།
            གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཉིས་སྟོང་བཅོ་བརྒྱད་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གཤིབ་སྡུར་ཞིབ་བཤེར་རྒྱུ་ཆ་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་ལས་ཁུངས་དང་སྔོན་ཐོན་ལས་ཁུངས་ཀྱི་འགུལ་རྣམ་དོ་དམ་བྱེད་ཐབས་ཞེས་པར་གྲོས་ཞིབ་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་ཡིག་ཆ་སོགས་ཀྱི་སྙན་ཞུར་ཉན།