ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བཞད་གར་འཁྲབ་ནས་སློབ་ཚན་སྒྲུབ་པ་སྟེ། ས་གནས་འདི་དག་གིས་སེམས་རྣལ་མས་རྩྭ་ཐང་སྲུང་སྐྱོང་གནང་ཡོད་པ།

སྤེལ་དུས 2019-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་མི་དམངས་སྲིད་གཞུང་དང་། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་སོགས་ཚན་པས་མཉམ་འབྲེལ་ཐོག་རྩ་འཛུགས་གནང་པའི“ང་ནི་རྩྭ་ཐང་ནས་ཡོང་བ་ཡིན”ཞེས་པ་བརྗོད་གཞི་བྱས་པའི་རྩྭ་ཐང་བདག་སྐྱོང་དང་དེ་བཞིན་འཚོ་གནས་འཕེལ་རྒྱས་སྤྱི་དམངས་ཀྱི་ལོངས་སྤྱོད་ཚོགས་འདུ་དེ་པེ་ཅིང་དུ་བསྡུས་པ་རེད།
            མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ལྷ་རྩེ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་རྩྭ་ཐང་གི་སངས་རྒྱས།དེ་བཞིན་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་དོན་འགྲུབ་ཆོས་འཕེལ་བཅས་ཀྱིས་ས་གནས་དེ་གའི་འབྲོག་པ་དང་རང་བྱུང་མཉམ་དུ་སྡོད་པའི་ཉམས་མྱོང་ཁྱེར་ནས་ཁོར་ཡུག་འགྱུར་ལྡོག་ལ་དོ་ཁུར་གནང་མཁན་ཞིབ་འཇུག་པ་དང་ལག་ལེན་པ་དང་ཐུན་མོང་ཐོག   རྩྭ་ཐང་དང་འཚོ་བའི་བར་གྱི་འབྲེལ་བར་གྲོས་བསྡུར་བྱས་པ་རེད།
ལོངས་སྤྱོད་ཚོགས་འདུའི་ཡུལ་དངོས།
            ལྷ་རྩེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་སྟེ་ཕྱུགས་འཚོས་ནས་ལོ་ངོ40ཙམ་ཕྱིན་ཡོད། 2010ལོར་ལྷ་རྩེ་ཡིས་པར་རྒྱག་པའི་ལམ་ནས་རྩྭ་ཐང་ཟིན་ཐོར་བཀོད་ཡོད་ཅིང་། ཨ་བྲ་དང་རྩྭ་ཐང་གི་འབྲེལ་བ་ནི་རྣམ་ཀུན་རྩོད་གཞི་ཆེ་བ་ཞིག་ཡིན་ལ། ཨ་བྲ་བརྗོད་གཞིར་བྱས་པའི་དངོས་མཚོན་གློག་བརྙན་བརྙན་དུ་ཕབ་པ་ནས་བཟུང་། ལྷ་རྩེས་རྩྭ་ཐང་གི་སྣོད་བཅུད་འགྱུར་ལྡོག་ལ་ངོས་འཛིན་ཟབ་མོ་བྱུང་ཡོད་ལ་དེའི་གནད་འགག་ལ་ཐུག་སར་ཡང་རྒྱུས་མངའ་བྱུང་ཡོད་པ་རེད། ལྟ་ཞིབ་དང་པར་ལེན་བྱས་པ་བརྒྱུད། ལྷ་རྩེ་ཡིས་རྩྭ་འདུས་ཚད་ཇི་ལྟར་མཐུག་ན་ཨ་བྲའི་གྲངས་འབོར་དེ་ལས་ལྡོག་སྟེ་ཉུང་དུ་ཕྱིན་ཡོད་པ་དང་། རྩྭ་འདེབས་པ་ནི་རྩྭ་ཐང་སྲུང་སྐྱོབ་ནུས་ལྡན་ཞིག་ལག་བསྟར་བྱེད་ཆོག་པའི་ཐབས་ལམ་ཞིག་རེད་འདུག
སླར་གསོའི་དུས་ཚོད་ཀྱི་རྩྭ་ཐང་།
            ས་གནས་དེ་གའི་འབྲོག་པས་དོ་དམ་འོག་ཏུ། དེ་གའི་སྔར་ཡོད་རྩྭ་སོན་འདེབས་འཛུགས་དང་དུས་མཚུངས་སུ་ཕྱུགས་རིགས་ཀྱི་ནུས་པ་ཚན་རིག་གི་ལམ་ནས་བདག་སྐྱོང་བྱེད་དགོས། འདི་ལྟར་བྱས་ན། སྐྱེ་དངོས་རིགས་གཞན་ཚུད་པའི་རྩྭ་ཐང་སྣོད་བཅུད་མ་ལག་ཀྱང་རིམ་བཞིན་སླར་གསོ་ཐུབ་པ་དང་། འབྲོག་པས་ རྩྭ་འདེབས་པའི་བརྒྱུད་རིམ་ཁྲོད་རྩྭ་ཐང་གི་གནད་དོན་རིགས་ལ་སྔར་ལས་རྒྱུས་ལོན་གཏིང་ཟབ་བྱ་ཐུབ་པ་རེད།
            སངས་རྒྱས་ཡོད་སའི་རྒན་གྱའི་རྩྭ་ཐང་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ700ལྷག་ཙམ་ཡོད་ལ། གནམ་གཤིས་ལ་འགྱུར་བ་ཛ་དྲག་ཆེན་པོ་བྱུང་བ་དང་མིའི་རྒྱུ་རྐྱེན་དབང་གིས་རྩྭ་ར་ཉམས་པར་གྱུར་པ་དང་། རྩྭ་ཐང་ སྐྱེ་འཕེལ་སོར་ཆུད་ཡོང་ཆེད། གནས་འདིའི་འབྲོག་མི་དག་གིས་ཉམས་མྱོང་ཕུན་སུམ་ཚོགས་པོ་བཀོལ་སྤྱོད་གནང་སྟེ་ཁྱིམ་ཚང་སོ་སོའི་ནོར་ལུག་གི་གྲངས་འབོར་དང་ཕྱུགས་འཚོ་བའི་དུས་ཚོད་ལ་ཚོད་འཛིན་བྱས་ཡོད་པ་མ་ཟད།རྒན་གྱའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་བཙུགས་ནས་འབྲོག་པར་གསོ་སྦྱོང་གནང་པ་དང་། གད་སྙིགས་ལ་རིགས་དབྱེ་ནས་ཚུར་བསྡུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།.
2018 ལོའི་ནང་རང་བྱུང་སློབ་གསོའི་སློབ་ཚན།
            ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་ཀྱི་ཆེད་དུ། ཁོ་ཚོས་ད་དུང་རང་འགུལ་ངང་བཞད་གར་ལེ་ཚན་སྒྲིག་པས་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད། ཆུ་ལ་སྣོན་བཅུད་ལྟ་ཞིབ་གནང་སྟེ་སྡེ་ཁུལ་རང་ངོས་ཀྱི་དོ་དམ་མ་ལག་བཟང་པོ་ཞིག་བཙུགས་ཡོད་པ་དང་། རང་བྱུང་སློབ་ཁང་གི་རྣམ་པས་ས་གནས་དེ་གའི་སློབ་མར་སློབ་གསོ་གནང་པ་རེད།

             དོན་གྲུབ་ཆོས་འཕེལ་གྱིས་སེམས་ཚོར་ཟབ་མོས་ངང་། ཆུང་དུས་ནས་རང་བྱུང་ཁོར་ཡུག་འོག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་པ་དང་། ཆུ་དང་ཆུ་འགོའི་གནས་ཁུལ་སྲུང་སྐྱོབ་བྱེད་རྒྱུ་དང་། རིག་གནས་མི་འདྲ་བ་དང་མི་རིགས་ཁག་གི་མང་ཚོགས་དབར་འབྲེལ་འདྲིས་བྱེད་པ། ལྗང་མདོག་སྡེ་ཁུལ་གྱི་འབྱུང་ཁམས་བཟང་བའི་གྲོང་སྡེ་འཛུགས་པར་འབོད་སྐུལ་བཏང་ཡོད།
ས་གནས་དེ་གའི་སློབ་སྦྱོང་དང་སྤེལ་རེས་ཀྱི་སྤྱི་པའི་སྡིངས་ཆ་སྟེ། འབྱུང་འགྱུར་གཙང་གསུམ་ཆུ་འགོའི་ས་ཆར་སྙིགས་རོ་མེད་པའི་འདུ་ཤེས་བརྒྱུད་སྒྲོག་གི་ལས་སྟེགས།
            སྲོལ་རྒྱུན་གྱི་རིག་གནས་གཞིར་བྱས་ཏེ་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་ལག་ལེན་བྱས་པར། དོན་གྲུབ་ཆོས་འཕེལ་གྱིས་ཡུལ་ཤུལ་སྐར་མདའ་གྲོང་ཚོའི་གཏམ་རྒྱུད་ཁྱེར་ཡོང་ཡོད་ལ། 2017ལོའི་དབྱར་ཁར། སྐར་མདའ་གྲོང་ཚོའི་གྲོང་མིས་རང་མོས་གྲོང་ཚོའི་ནང་གི་ལྕགས་དྲ་མེད་པར་བཟོས་ནས་རྩྭ་ཐང་གི་ཐུན་མོང་བཅོས་སྐྱོང་སླར་གསོ་བྱས་ཡོད་ལ། སྐར་མདའ་གྲོང་ཚོར་ད་དུང་སྣོད་བཅུད་རྟ་བ་ཁྱུ་ཞིག་ཡོད་ལ། སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་སྡེ་ཁུལ་ལ་དཔལ་འབྱོར་ཕན་འབྲས་བསྐྲུན་ཡོད་ཅིང་། ཕྱིས་འབྱུང་། ཁོ་ཚོས་སྣོད་བཅུད་ཡུལ་སྐོར་དྲ་རྒྱ་ཞིག་སྤེལ་བ་དང་འབྲེལ་འཛམ་གླིང་གི་སྣེ་གསུམ་པ་བདེ་སྐྱིད་འབྲོག་རའི་ཉམས་ལེན་ལྟེ་གནས་སྒྲིག་འཛུགས་གནང་རྒྱུ་རེད།
བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
            རྩྭ་ཐང་ནི་སའི་གོ་ལ་ཧྲིལ་པོའི་སྐམ་སའི་སྐྱེ་ཁམས་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཏེ། རང་རྒྱལ་གྱི་རང་བྱུང་རྩྭ་ས་ནི་བྱང་རྒྱུད་དང་ནུབ་རྒྱུད་དུ་གཙོ་བོར་ཁྱབ་ཡོད་ཅིང་། དེའི་ནང་ནས་མཐོ་གྲང་རྩྭ་ས་ནི་གཙོ་བོ་མཚོ་བོད་ས་མཐོར་ཁྱབ་ཡོད། མིའི་རིགས་དང་རྩྭ་ཐང་གི་འབྲེལ་བ་ནི་གནམ་གཤིས་འགྱུར་ལྡོག་དང་མིའི་བྱ་སྤྱོད་ཀྱི་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་དབང་གིས་སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་ལའང་འགྱུར་ལྡོག་བྱུང་བཞིན་ཡོད།
            མཚོ་བོད་ས་མཐོར། གཞི་རིམ་གྱི་སྡེ་ཁུལ་དང་རྩ་འཛུགས་ཀྱིས་ཕན་ཡོད་ཀྱི་ལག་ལེན་ཚོད་ལྟ་མང་པོ་སྤེལ་བ་དང་། གྱོད་དཔེ་དང་ཉམས་མྱོང་མང་པོ་གསོག་འཇོག་བྱས་ཡོད། ད་རེས་ཀྱི་མཉམ་སྤྱོད་འདུ་ཚོགས་ནི“རྩྭ་ཐང་གི་བདག་སྐྱོང་དང་དེ་བཞིན་འཚོ་གནས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས”དཔྱད་གླེང་གྲོས་ཚོགས་ཀྱི་རྨང་གཞིའི་སྟེང་བསྡུས་པ་ཡིན་ལ། རྩྭ་ཐང་གི་སྐྱེ་ཁམས་སྣང་ཚུལ་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན། རྩྭ་ཐང་དོ་དམ་དང་སྡེ་ཁུལ་བཅོས་སྐྱོང་། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་ནང་དོན་ལ་དམིགས་ནས་གྲོས་བསྡུར་གནང་ཞིང་ཐུན་མོང་དུ་བསམ་ཕྱོགས་བརྗེ་རེས་གནང་པ་ཡིན་ལ། བགྲོ་གླེང་ཚོགས་འདུ་ཚོགས་ཡུན་ནི་ཟླ་1པོའི་ཚེས14ཉིན་ནས་ཚེས16ཉིན་བར་རེད།