ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས་སྨྱན་སྦྱོར་གསར་པར་བརྟེན་ནས་ཏང་ཡོན་གྱི་སློབ་གསོར་ཤུཌ་སྣོན་བརྒྱབ་པ།

སྤེལ་དུས 2019-01-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཟླ་1ཚེས་17ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་གྱིས་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་ཀྱི་སྒོ་ནས་ཏང་ཡོན་གྱི་སློབ་གསོའི“གློག་ཀླད་དང་། བརྙན་འཕྲིན། ལག་ཐོགས་ཁ་པར་བཅས་སྨྱན་སྦྱོར་མཉམ་འདྲེས་ཀྱི་རྣམ་པ་བཏོད་ཡོད་པ་རེད།
          “མཚོ་སྔོན་གྱི་ཏང་འཛུགས་སྐྱོང”དྲ་ཚིགས་ཀྱི་པར་གཞི་བཟོ་བཅོས་རིམ་སྤོར་བྱས་ནས་དྲ་ཐོག་གི་ཏང་འཛུགས་སྐྱོང་གི“གཡུལ་ས་གཙོ་བོར”ཤུགས་སྣོན་བརྒྱབ་ཅིང་། དྲ་ཚིགས་སུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”དང་། “ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར”“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ”སོགས་ཆེད་སྒྲིག་ལེ་ཚན་བདུན་བཏོད་ཡོད་པ་དང་། རྩ་འཛུགས་ལས་དོན་གྱི་སྐར་ཁུང་དང་། ས་མཐོའི་གདོང་ལེན་པ། ལྟ་ཀློག་དང་བསམ་གཞིག @མཚོ་སྔོན་སོགས་ཁྱད་ལྡན་ལེ་ཚན་དགུ་བཀོད་སྒྲིག་བྱས་ཡོད་པ། འགན་འཁྲི་དང་ལས་འགན་གཙོ་བོ་མངོན་པའི་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། ལས་བྱེད་པའི་ལས་དོན། ཤེས་ལྡན་པའི་ལས་དོན། དཔྱད་ཞིབ་ལས་དོན། ཏང་ཡོན་གྱི་སློབ་གསོ་བཅས་ལས་དོན་བསྒྲུབས་ཚུལ་གྱི་ལེ་ཚན་ཁག་ལྔ་བཀོད་སྒྲིག་བྱས་ཡོད་པ་རེད། དྲ་ཚིགས་ཀྱིས་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཞབས་འདེགས་ཞུ་བའི་སྤྱོད་གོ་ཆོད་པའི་བྱེད་ནུས་མངོན་གསལ་དོད་དུ་བཏང་ནས། སློབ་གསོ་གསོ་སྦྱོང་དང་། ཞབས་ཞུ་དོ་དམ། མཉམ་འགུལ་སྤེལ་རེས། སློབ་སྦྱོང་དགའ་ཚལ་བཅས་བྱེད་ནུས་ཆེ་གྲས་བཞི་མང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དྲ་ཐོག་གི་ཏང་དོན་ལ་སྐུལ་མ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ཚོད་ལྟ་གང་ལེགས་བྱས་ཡོད་པ་རེད།
          2018ལོའི་ལོ་མཇུག་བར་དྲ་ཚིགས་སུ་རིགས་ཁག་གི་ཆ་འཕྲིན་དང་། རྩོམ་ཡིག པར་རིས་སོགས་ཁྱོན་8160བཀོད་པར། ལྟ་མཁན་མི་ཐེངས་ཁྲི་43.4ཟིན་ནས་དུས་ཐོག་ཏུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་གི་ནང་དོན་མཁོ་འདོན་ཐུབ་ཡོད་པ་རེད།
          རྒྱང་ཁྲིད་སློབ་གསོའི་སྦྱོང་སྤྱོད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ཏང་ཡོན་སློབ་གསོའི“ཐབས་ལམ་གཙོ་བོ”ཤར་བགྲོད་ཐུབ་པ་བྱས་ཤིང་། རྒྱང་ཁྲིད་སློབ་གསོའི་ལས་སྟེགས་ཀྱི་ལེགས་ཆ་ཆེ་ཤོས་ནི་དུས་ཚོད་དང་བར་མཐོངས་ཀྱི་ཚད་བཀག་ལས་གྲོལ་ནས་སློབ་ཁྲིད་ཀྱི་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་མཚོན་པར་བྱེད་པ་དེ་རེད། མཚོ་སྔོན་ཞིང་ཆེན་རྒྱང་ཁྲིད་སློབ་གསོའི་ལས་དོན་དེ་ཀྲུང་དབྱང་རྩ་འཛུགས་པུའི་ལས་དོན་གཞིར་བཟུང་2009ལོ་ནས་བཟུང་སྔ་རྗེས་སུ་དུས་ཐེངས་བཞིའི་ལས་གྲྭ་ལག་ལེན་བསྟར་བས། ཞིང་ཆེན་རིམ་པའི་ལས་སྟེགས་1དང་། རྩ་འཛུགས་སྡེ་ཚན་གྱི་ལས་དོན་ས་ཚིགས་54 མཐའ་སྣེའི་ས་ཚིགས་5459 བཅས་བསྐྲུན་པ་དེ་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་82%ཟིན་པ་དང་ཁྲོམ་གཞུང་དང་སྡེ་ཁུལ་དུ་ཁྱབ་ཚད་100%ཟིན་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཐོན་ཁུངས་མཛོད་དུ་ལེ་ཚན་ཉར་ཚགས་བྱེད་ཚད་ཁྲི་12.8ཟིན་པའི་ནང་། རང་བརྟེན་བརྙན་འཕྲིན་ལེ་ཚན་300དང་སྒྲ་བསྒྱུར་བོད་སྐད་སློབ་ཁྲིད་སློབ་ཚན་1000ཙམ་ཡོད་པ་རེད།
          2018ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་དུ་གློག་འཕྲིན་རྣམ་པའི་མཐའ་སྣེའི་ས་ཚིགས་སྤྱོད་ཚད་98%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་16ཡིས་མཐོ་བ་ཡོད་པ་མ་ཟད། ས་ཚིགས་ཚང་མའི་ཟླ་རེའི་ཆ་སྙོམས་ལེ་ཚན་ལྟ་ཚད་ཐེངས་གྲངས་24.7དང་ཆུ་ཚོད་11.55ཟིན་ཏེ་ལེ་ཚན་ལྟ་ཚད་དང་དུས་ཚོད་རིང་དུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
          སྨྱན་སྦྱོར་གསར་པ་འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་ཏང་ཡོན་གྱི་སློབ་གསོའི“སྒུལ་ནུས་གསར་པ”སྐྱེད་སྲིང་ཧུར་ཐག་བྱས་ཤིང་། སྲོལ་རྒྱུན་སྨྱན་སྦྱོར་ངོས་ནས་བརྗོད་ན་སྨྱན་སྦྱོར་གསར་པ་ཁྱབ་ཁྱོན་ཆེ་བ་དང་། བརྒྱུད་སྤེལ་མྱུར་བ། མཉམ་འགུལ་རང་བཞིན་ཆེ་བ། ཞུགས་ཚད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། “དྲ་ཚིགས་གཅིག་གི་པར་གཞི་བཟོ་བཅོས་རྒྱག་པ་དང་། ལས་སྟེགས་གཉིས་སྐྲུན་པ། ལས་སྟེགས་གཅིག་བཟང་སྒྲིག་བྱེད་པ”བཅས་ཀྱི་ཏང་འཛུགས་སྐྱོང་རྣམ་གྲངས་ཀྱི་བསམ་ཕྱོགས་གཞིར་བཟུང་། “མཚོ་སྔོན་གྱི་ཏང་འཛུགས་སྐྱོང”དྲ་ཚིགས་ཀྱི་པར་གཞི་བཟོ་བཅོས་ཕྱོགས་ཡོངས་ནས་རིམ་སྤོར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས“མཚོ་སྔོན་གྱི་ཏང་འཛུགས་སྐྱོང”གི་ལག་ཐོགས་ཁ་པར་གྱི་APPདང་སྐད་འཕྲིན་སྤྱི་རྟགས་ཀྱི་ལས་སྟེགས་གཉིས་ཞིབ་འཇུག་གསར་སྤེལ་ངང་བཟོས་པ་དང་། 1237129ལག་ཐོགས་ཁ་པར་གྱི་ལས་སྟེགས་བཟང་སྒྲིག་རིམ་སྤོར་བྱེད་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཡུལ་དུས་གང་རུང་ཞིག་ཏུ་སློབ་སྦྱོང་བྱ་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྱང་ཏང་འཛུགས་སྐྱོང་རིགས་ཀྱི་སྨྱན་སྦྱོར་གསར་པ་གསར་སྤེལ་བྱས་ནས་སྨྱན་སྦྱོར་ཁྱབ་ཁོངས་སུ་ཏང་ཡོན་གྱི་སློབ་གསོས་གནས་བབ་ངེས་ཅན་ཞིག་བཟུང་ཡོད།
          “མཚོ་སྔོན་གྱི་ཏང་འཛུགས་སྐྱོང”གི་ལག་ཐོགས་ཁ་པར་གྱི་APPཡིས་ལེ་ཚན་གཙོ་བོ་བཀོད་སྒྲིག་བྱ་རྒྱུ་དེ“མཚོ་སྔོན་གྱི་ཏང་འཛུགས་སྐྱོང”དྲ་ཚིགས་དང་གཞི་རྩའི་ཆར་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱབ་ངོས་ནས་གཅིག་མཚུངས་ཀྱི་དོ་དམ་དང་ལས་སྟེགས་གཉིས་སུ་དུས་གཅིག་ཏུ་མངོན་ཐུབ་པ་བྱུང་ནས་ཁྱབ་ཁྱོན་ཆེ་རུ་གཏོང་རྒྱུའི་ཐད་ཕན་ཚུན་གསབ་རེས་ཀྱི་ནུས་པ་ཐོན་ཡོད། 2018ལོའི་ལོ་མཇུག་བར“མཚོ་སྔོན་གྱི་ཏང་འཛུགས་སྐྱོང”གི་ལག་ཐོགས་ཁ་པར་གྱི་APPཕབ་མཁན་མི་ཐེངས་ཁྲི་1.03ཟིན་པ་དང་། སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱེད་མཁན་མི་ཐེངས་ཁྲི་5.08ཟིན་པ། རྩོམ་ཡིག་རྐྱང་པ་ལྟ་ཀློག་བྱེད་མཁན་མང་ཤོས་མི་ཐེངས་ཁྲི་2.5ཟིན་པ། “མཚོ་སྔོན་གྱི་ཏང་འཛུགས་སྐྱོང”གི་1237129ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་ལས་སྟེགས་སྤྱོད་མཁན་ཆེས་ཐོག་མའི་ཁྲི་2ནས་མིག་སྔའི་ཁྲི་15.8བར་མང་དུ་ཕྱིན་ནས་ལོར་ཆ་སྙོམས་ཆ་འཕྲིན་གཏོང་ཚད་450ཟིན་གྱི་ཡོད། ཞིང་ཆེན་དེ་ཡོངས་སུ་ཁྱབ་པའི་སྨྱན་སྦྱོར་གསར་པའི་སློབ་གསོའི་དྲ་རྒྱ་ཆགས་པ་དང་རིམ་པ་ཁག་གི་སྨྱན་སྦྱོར་གསར་པའི་ལས་སྟེགས་མཉམ་སྦྲེལ་མཉམ་མཐུད་ཡོང་བ་སོགས་ཐད་བླང་བྱ་བཏོན་ཏེ“དྲ་རྒྱ་གང་དུ་འཕེལ་རྒྱས་བྱུང་བ་དེ་གར་ཏང་འཛུགས་སྐྱོང་ལས་དོན་ཁྱབ་ཐུབ་རྒྱུའི”བརྩོན་ལེན་བྱས་ཡོད།