ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡི། འབྲོག་ལས་འཕེལ་རྒྱས་དང་འབྲོག་པ་ཕྱུག་འགྱུར་གྱི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་པ།

སྤེལ་དུས 2019-01-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཀྲུང་གོ་གཞོན་ནུའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་ཤིན་སི་གྲོང་ཚོའི་ལོ་58ལ་སླེབས་པའི་བོད་རིགས་བུད་མེད་གུ་རུ་མཚོས་ཁང་པའི་ཉི་གཡབ་འོག་དགུན་ཁའི་ཉི་མ་སྲོ་བཞིན་འདུག
          “ཟས་རིགས་སྣ་ཁ་མང་ལ་གྱོན་གོས་གཙང་བ་མ་ཟད་ཁྱིམ་དུ་དྲོད་རླངས་ཀྱང་ཡོད”ཅེས་གུ་རུ་མཚོས་ཁྱིམ་གྱི་སྒྲོག་ཙེའི་སྟེང་དུ་ཤིང་འབྲས་སོས་པ་སྣ་ཚོགས་དང་བཟོས་མ་ཐག་པའི་ཁ་ཟས་སོགས་བསྒྲིགས་ཡོད།
          “དེ་སྔ་སྐྱས་སྤོའི་འཚོ་བ་སྐྱེལ་སྐབས། དགུན་དུས་གྲང་ངར་ཆེ་ལ་དབྱར་དུས་ཆར་ཆུའི་ཁྲོད་དུ་སྡོད་དགོས་ཀྱི་ཡོད་པས་གཟུགས་པོ་ཚང་མ་འདམ་པས་ཁེངས་ཀྱི་ཡོད”ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཀྲོའུ་ཡིས་རྩྭ་ཐང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཤིན་སི་གྲོང་ཚོའི་འབྲོག་པས་ཕྱུགས་རིགས་འཚོ་ཡི་མེད། གུ་རུ་མཚོའི་ཁྱིམ་ཡང་གཏན་སྡོད་ཐུབ་པ་དང་རྒྱལ་ཁབ་ཀྱིས་སྤྲད་པའི་རྩྭ་བཀག་ཁ་གསབ་སྒོར་ཁྲི་2ལེན་རྒྱུ་བྱུང་བ་དང་། རྩྭ་ཐང་གི་ཞིང་འབྲོག་ཁེ་ལས་ཤིག་གི་མ་རྐང་ནང་ཞུགས་པས་ལོ་གཅིག་ནང་བགོ་བཤའ་སྒོར་800ལེན་རྒྱུ་ཡོད་པ། གྲོང་ཚོས་མཉམ་དུ་བསྐྲུན་པའི་ཉི་འོད་ནུས་པའི་གློག་ཁང་ནས་ལོ་གཅིག་ལ་བགོ་བཤའ་སྒོར་3000ཡོད་པ་རེད།
          ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་བོད་ས་མཐོའི་བྱང་ཤར་མཚམས་སུ་གནས་ཤིང་། རྨ་ཆུ་དང་འབྲི་ཆུའི་ཆུ་འགོ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་ཡིན་པས། ཆ་ཚང་རྒྱལ་ཁབ་ཀྱི་སྣོད་བཅུད་ནུས་པའི་ཁུལ་དུ་བཅུག་སྟེ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་ལ་ལག་བསྟར་བྱ་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཐོག་མ་དེ་ཡིན། ཡིན་ནའང་ས་བབ་དང་ལྗོངས་བབ་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་པས་ཀན་ལྷོ་སྔར་བཞིན་འཕེལ་རྒྱས་འགྲོ་འགོར་བའི་ཁུལ་དང་། སྣོད་བཅུད་ཉམས་ཞན་ཁུལ། གནོད་འཚེ་མང་བའི་ཁུལ། ཤིན་ཏུ་དབུལ་བའི་ཁུལ། བརྟན་ལྷིང་ཐད་འཚུབ་ཆ་ཆེ་བའི་ཁུལ། སྲུང་སྐྱོབ་དང་འཕེལ་རྒྱས་སོགས་ཀྱི་འགལ་བ་ཧ་ཅང་མངོན་གསལ་དོད་པོ་ཡོད།
          ཀན་ལྷོ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཀྲང་ཀྲའོ་ལིང་ཡུན་གྱིས་ཀན་ལྷོ་ཀྲོའུ་ཡིས་2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་བསྐྲུན་པའི་དཀའ་གནད་ཆེ་ཤོས་དང་ཞན་ཆ་ཆེ་ཤོས་ནི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གྲོང་ཚོར་ཐུག་ཡོད་ཅེས་བཤད།
          ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཀྲོའུ་ཡིས་ལས་ཀའི་གཙོ་རྒོལ་ཁ་ཕྱོགས་དང་། ཤུགས་རྒྱག་ས། གཙོ་གནད་བཅས་རྒྱ་ཆེའི་ཞིང་འབྲོག་གྲོང་ཚོར་ཕྱོགས་ཏེ་ཞིང་འབྲོག་གྲོང་ཚོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་དང་གསར་གཏོད་ཤིང་། རང་བྱུང་གྲོང་ཚོ་ཚན་པར་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་ཡོད། ཀན་ལྷོ་ཀྲོའུ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་ཤིན་སི་གྲོང་ཚོ་ནི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
          2015ལོར་ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་103སྔོན་ལ་བསྐྲུན་རྒྱུའི་ཚོད་ལྟ་བྱས་པ་དང་ཆབས་ཅིག སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་ཚད་གཞིའི་མ་ལག་དང་། དཔྱད་ཞིབ་མ་ལག འགན་ལེན་མ་ལག་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར། སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་103ཚང་མ་བསྐྲུན་ཟིན་པ་རེད།