ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས། དཔྱིད་གསར་དུས་ཆེན་རིང་གཞི་རིམ་དུ་རིག་གནས་དམངས་ཕན་གྱི་འཁྲབ་སྟོན་ཐེངས་བརྒྱ་བྱ་རྒྱུ་ཡིན་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན“ཡིད་དུ་འོང་བའི་མཚོ་སྔོན་གྱི་རིག་རྩལ”ཚོགས་པར་དར་ཆ་སྤྲོད་པ་དང་དཔྱིད་གསར་གྱི་འཁྲབ་སྟོན་ཐེངས་བརྒྱ་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཉེར་བ་རེད། དཔྱིད་གསར་དུས་ཆེན་རིང་རིག་རྩལ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་རིག་གནས་དམངས་ཕན་གྱི་འཁྲབ་སྟོན་ཐེངས་100བྱས་ནས་གཞི་རིམ་མང་ཚོགས་ཀྱི་དུས་ཆེན་རིང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་རྣམ་པ་གཏོད་རྒྱུ་རེད།
          “དཔྱིད་གསར་དུས་ཆེན་རིང་། ང་ཚོས་གྲོང་ཚོ་ཁག་ཏུ་བསྐྱོད་དེ་འབྲོག་པ་ཚོར་དཔྱིད་གསར་འཁྲབ་སྟོན་ཐེངས་25བྱ་རྩིས་ཡོད། ལམ་ཐག་སྤྱི་ལེ་80ལས་མེད་པའི་རི་ལམ་ཐོག་ཆུ་ཚོད་5ལྷག་ཙམ་བསྐྱོད་དགོས་པ་དང་རྩྭ་ཐང་ཐོག་སྦྲ་གུར་གཅིག་ནང་མི་གཉིས་གསུམ་ལས་མེད་ཀྱང་ལྟད་མོ་ལྟ་མཁན་ཡོད་ཚེ་ང་ཚོས་འཁྲབ་སྟོན་བྱེད་རྩིས་ཡོད། འདི་ནི་ཝུའུ་ལན་མུའུ་ཆིའི་སྙིང་སྟོབས་རེད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལན་རྫོང་ཅིན་ཙི་ཧའེ་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་ལིན་ཝུའེ་ཡིས་བརྗོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་དར་ཆ་སྤྲད་པའི་ཚོགས་པ་ཁག་50ཚང་མ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་8ནས་ཡིན་ཞིང་། ད་ཡོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་རིག་གནས་ཁང་གཉེར་མཁན་ཚོགས་པ་རྨང་གཞིར་བྱས་ཏེ་རིམ་པ་རེ་རེ་བཞིན་འོས་སྦྱོར་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་ནས་ཐོན་པ་ཞིག་ཡིན་པས། ཁྱབ་རྒྱ་ཆེ་བ་དང་། དཔུང་ཁག་ཧྲག་པ། འཁྲབ་སྟོན་གྱི་ནུས་པ་ཅུང་ཆེ་བ། ས་གནས་ཁག་ཏུ་ཁས་ལེན་ཐོབ་ཚད་ཅུང་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
          མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མི་ཁང་ཧའེ་མིང་གིས“ཡིད་དུ་འོང་བའི་མཚོ་སྔོན་གྱི་རིག་རྩལ”ཚོགས་པ་འཛུགས་དོན་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་ཞུགས་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་དམངས་ཁྲོད་རིག་རྩལ་ཚོགས་པར་རང་ངོས་འཕེལ་རྒྱས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཀྱང་བསྐྲུན་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་མང་ཚོགས་ཀྱི་རིག་གནས་ཞབས་ཞུའི་སྤུས་རྟགས་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།