ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

འཐུས་མི་རྟ་མགྲིན་འཚོས་ཀན་ལྷོ་རུ་ལས་རིཊ་ལག་རྩལ་སློབ་གྲྭ་ཞིག་འཛུཊ་པའི་གྲོས་འགོ་བཏོན་འདུག

སྤེལ་དུས 2019-03-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ལྷ་སྟག་མཚོ་དང་རིན་ཆེན་དབང་འདུས།
             སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྟ་མགྲིན་འཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཁོག་རྩྭ་ཐང་ནས་ཕེབས་པའི་གཞི་རིམ་གྱི་སྨན་པ་རྐང་རྗེན་མ་ཞིག་ཡིན་པ་དང་། ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཤང་གྲོང་སྨན་པ་ཞེས་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་ཞེས་པ། ཀན་སུའུ་ཞིང་ཆེན་གྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཞེས་པ་སོགས་གཟེངས་བསྟོད་མང་པོ་ཐོབ་མྱོང་བ་དང་། ད་དུང་མི་རྣམས་ནས་ཁོང་ལ་རྟ་ཐོག་གི་གོས་དཀར་ལྷ་མོ་ཞེས་པའི་མཚན་གྱི་ཅོད་པན་ཡང་བསྩལ་ཡོད།
             འཐུས་མི་རྟ་མགྲིན་འཚོ་ནི་གོས་དཀར་ལྷ་རྗེ་ཞིག་ཡིན་པའི་ཆ་ནས། ཁོང་བཞུགས་སའི་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ནི་ཁོང་གི་ཐུགས་ཁུར་གནང་ཡུལ་གཙོ་བོ་དེ་ཡིན་ལ། ཆབས་ཅིག་ཏུ་ཁོང་ནས་འབྲོག་ཁུལ་གྱི་སློབ་གསོའི་ཐད་ལ་ཡང་དོ་ཁུར་ཆེན་པོ་གནང་གི་ཡོད་ཅིང་། དེ་སྔ་ཁོང་གིས་རང་ཉིད་ཀྱི་གླ་ཕོགས་ལས་གྲོན་ཆུང་བསྲི་ཚགས་བྱས་ཏེ་རྟ་མགྲིན་འཚོའི་སློབ་རོགས་ཐེབས་རྩ་ཞེས་པ་བཙུགས་ནས་ས་གནས་དེའི་སློབ་གསོའི་ཐད་རོགས་རམ་གནང་པ་རེད། ཐེངས་འདིར་ཡང་འཐུས་མི་རྟ་མགྲིན་འཚོ་ལགས་ནས་སློབ་གསོ་དང་འབྲེལ་བའི་གྲོས་འགོ་སྟེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་བཙུགས་ནས་སློབ་མ་རྣམས་ཀྱི་ལས་ཞུགས་ལམ་བུ་མང་དུ་གཏོང་རྒྱུ་དང་། ཆབས་ཅིག་ཞིང་འབྲོག་པ་རྣམས་ཀྱི་ལས་རིགས་རྩལ་ནུས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བཏོན་ཡོད་པ་རེད།
             ལོ་ངོ་༡༨ལྷག་གི་རིང་ཕ་ཡུལ་བསང་ཁོག་རྩྭ་ཐང་གི་མང་ཚོགས་ཚོའི་བདེ་ཐང་ལ་འགན་སྲུང་བྱེད་མཁན་རྟ་མགྲིན་འཚོས་ད་ལོར་ཆེས་དོ་ཁུར་བྱེད་ས་ནི་ཕ་ཡུལ་གྱི་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་དེ་རེད། ཁོང་གིས། ང་རང་ནས་ན་ནིང་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་འགྲོ་སྐབས་རོང་འབྲོག་ཁུལ་ནས་ཡིན་པའི་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་ལས་ཞུགས་ཐུབ་མེད་པ་ཤེས་རྟོགས་བྱུང་། དེར་བརྟེན་ཀན་ལྷོ་ཁུལ་དུ་སྣེ་མང་ལག་རྩལ་སྦྱོང་སའི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་བཙུགས་ནས། དེ་གའི་སློབ་ཐོན་སློབ་མ་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མང་ཚོགས་ཚོའི་བསམ་བློར་འགྱུར་ལྡོག་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་ཁྱེར་ཡོད། ལས་རིགས་ལག་རྩལ་སློབ་གྲྭ་དེ་འདྲ་ཞིག་འཛུགས་ཐུབ་ན། སློབ་མ་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་ཙམ་མ་ཟད། ས་ཁུལ་དེའི་དབུལ་སྒྲོལ་འགག་གཏོར་ལ་ཡང་ནུས་པ་ཆེན་པོ་ཐོན་ངེས་རེད་ཅེས་གསུངས།
རྩོམ་སྒྲིག་པ། སངས་སྐྱབས།