ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བསམ་འཆར་བཏོན།

སྤེལ་དུས 2019-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
           མཚོ་སྔོན་ཞིང་ཆེན་འདི་ཉིད་ས་ཁམས་དང་རིག་གནས་ཁྱད་ཆོས་ཀྱིས་ཕྱུག་པའི་རི་ཁུལ་གྱི་མཛེས་ལྗོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཅིག་བསྡུ་ཁུལ་དང་ལོ་རྒྱུས་དང་རིག་གནས་གཞི་རྩ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གཅིག་བསྡུ་ཁུལ་ཡིན་པའི་ཆ་ནས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྦས་ཤུགས་ཆེན་པོ་ཡོད། དེ་བས།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བསམ་འཆར་བཏོན། 
           བས་འཆར་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་གཙང་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་འཛུགས་སྐྲུན་ལས་གཞི་སོགས་གཙོ་གནད་ལས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་ཆབས་ཅིག་ཏུ། མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་སྐྱེ་ཁམས་སྲུང་སྐྱོང་ལག་བསྟར་བྱེད་པའི་རྗེས་མཐུད་ཐོན་ལས་དང་ཚབ་བྱེད་ཐོན་ལས་གལ་ཆེན་ཏུ་བཟུང་སྟེ། འཕེལ་རྒྱས་དང་སྲུང་སྐྱོང་མངོན་འགྱུར་བྱེད་པའི་ནུས་ལྡན་གྱི་ཐོན་ལས་དང་གསར་དར་རྐང་འཛིན་ཐོན་ལས། དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པའི་ཐོན་ལས་ཞིག་ཡིན་པའི་ཆ་ནས། ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར། རིག་གནས་ཐོན་ལས་འཕེལ་རྒྱས། གྲོང་རྡལ་ཅན་དུ་སྐུལ་འདེད་བྱེད་པ་བཅས་ཟུང་འབྲེལ་བྱས་ཏེ། ཧུར་ཐག་སྒོས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་འཛུགས་སྐྲུན་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འདེགས་སྐྱོར་ཡིན་པ་དང་། ཡུལ་སྐོར་དང་། རིག་གནས། གྲོང་རྡལ་ཅན་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཁ་གསབ། ཕན་ཚུན་དར་སྤེལ་གཏོང་བ་ཡིན་པའི་ཁྱད་ལྡན་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས། མཚོ་སྔོན་གྱི་སྐྱེ་ཁམས་རྨང་གཞི་ཅུང་ལེགས་པ་དང་སྐྱེ་ཁམས་ཡུལ་སྐོར་ལའང་ཕན་འབྲས་རགས་ཙམ་བླངས་ཡོད་མོད་ཀྱང་། མིག་སྔར་ཡུལ་སྐོར་མཛེས་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དུས་རིམ་དུ་སླེབས་ཡོད་པས། སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགྲན་རྩོད་དྲག་པོ་གནས་ཡོད། 
           དེར་བརྟེན། འཐུས་ཚབ་ཚོགས་པས་ཐོག་མར་དམིགས་ས་མཐོན་པོ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཆར་འགོད་ཞིབ་ཚགས་བཟོ་བ་དང་། དེ་ནས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་པོར་བརྟེན་ནས་སྤུས་ལེགས་ཟོང་རྟགས་ཆགས་པར་བྱེད་པ། གསུམ་ནས་ཁོར་ཡུག་བསྐྲུན་ནས་སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པ། དེ་མིན། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མགྱོགས་མྱུར་སྒོས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་པའི་བསམ་འཆར་བཏོན།
རྩོམ་སྒྲིག་པ། སངས་སྐྱབས།