ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྩོམ་བསྡུའི་གསལ་བརྡ། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།

སྤེལ་དུས 2019-03-22 ཡོང་ཁུངས། རྩོམ་པ་པོ།
          མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་བསྡུར་སྐབས་གཉིས་པ་སྤེལ་བའི་གསལ་བརྡ།
          ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70ཡི་རིང་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས། སྐྱེ་ཁམས་བཅས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མངོན་པར་མཚོན་པ། དེ་མིན་བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་གསོ་སྐྱོང་དང་རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ། བོད་ཀྱི་རྩོམ་རིག་ལས་དོན་དར་རྒྱས་སུ་གཏོང་བ། སྒྲུང་ཐུང་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཀུན་ལ་སྟེགས་བུ་ཞིག་བསྐྲུན་པ་བཅས་ལ་དམིགས་ནས། འདི་ག་ཚགས་པར་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་གཉིས་ཀྱིས་རོགས་སྒྲུབ་འོག  ད་ལོ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ“ང་དང་ང་ཡི་མེས་རྒྱལ”ཞེས་པས་བརྗོད་གཞི་བྱས་པའི་སྒྲུང་ཐུང་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན།
          འགྲན་བསྡུར་འདིའི་ནང་དུ་ཞུགས་མཁན་ཀུན་གྱིས་ངེས་དགོས་པ་གཤམ་གསལ་ཏེ།
          གཅིག རྒྱལ་ཡོངས་ཀྱི་བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་རྩོམ་མཁན་ཡོངས་ཞུགས་ཆོག
          གཉིས། རྗོད་བྱེད་ཀྱི་ཚིག་སྦྲེལ་ཆགས་ཤིང་ཡིག་ནོར་མེད་པ། བསམ་བློའི་ཟབ་རྒྱ་ཡངས་ཤིང་སྒྱུ་རྩལ་གྱིས་ཕྱུག་པ། མི་གཤིས་མངོན་པར་དོད་པ་བཅས་ཡིན་དགོས་ལ། བརྗོད་བྱར་ཚད་བཀག་མེད་ཅིང་ཡིག་འབྲུ4500(ཧི་གཟུགས་ལྟར)ཚུན་ཡིན་དགོས།
          གསུམ། གཞན་རྩོམ་རྐུ་བཤུ་གཏན་ནས་བྱ་མི་ཆོག་ལ། ཚགས་དེབ་དང་དྲ་བར་བཀོད་ཟིན་པ་སྤེལ་རྒྱུ་མིན།
          བཞི། 2019ལོའི་ཟླ4པའི་ཚེས1ཉིན་ནས་དངོས་སུ་སྤེལ་རྒྱུ་དང། 2019ལོའི11པའི་ཚེས30ཉིན་སྤེལ་མཚམས་འཇོག་རྒྱུ། དེའི་རིང་འབྱོར་བའི་རྩོམ་ཡིག་རྣམས་ལས་རྩེ་གྲ་དག《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུ་སྤེལ་རྒྱུ་ཡིན།
          ལྔ། 2019ལོའི་ཟླ12པར་ཆེད་མཁས་པ་གདན་འདྲེན་ཞུས་ནས་དཔྱད་འདེམ་གཟབ་ནན་བྱ་རྒྱུ་ཡིན། བྱ་དགའི་རིམ་པར་ཨང་དང་པོ་གཅིག་སྟེ་བྱ་དགའི་དངུལ་སྒོར10000(ཁྲལ་ཚུད)ཡིན། ཨང་གཉིས་པ་གཉིས་ཏེ་སྒོར8000(ཁྲལ་ཚུད)ཡིན། ཨང་གསུམ་པ་གསུམ་སྟེ་སྒོར6000(ཁྲལ་ཚུད)ཡིན།
          དྲུག འགྲན་ཞུགས་རྩོམ་ཡིག་རྣམས་གློག་རྡུལ་ཡིག་ཟམchisanghua@163.comནང་བསྐུར་རྒྱུ་དང་། རྩོམ་ཡིག་གི་མགོར “འགྲན་ཞུགས་བརྩམས་ཆོས”ཞེས་བྲི་དགོས་པར་མ་ཟད། འབྲེལ་གཏུག་ས་གནས་དང་རུས་མིང་། ཁ་པར་ཨང་གྲངས། སྦྲག་སྲིད་ཨང་གྲངས་བཅས་བོད་རྒྱ་སྦྲགས་མས་གསལ་པོར་བྲི་དགོས་པ་ཐུགས་འཇགས་འཚལ།།
          འབྲེལ་གཏུག་པ། ཚེ་རིང་བཀྲ་ཤིས།
          གཞུང་ལས་ཁང་གི་ཁ་པར། 0971-8457657 
          ལག་འཁྱེར་ཁ་པར། 18297176834
མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས།
མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས། 
2019ལོའི་ཟླ3པའི་ཚེས15ཉིན།
རྩོམ་སྒྲིག་པ། རྡོ་རྗེ།