ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སི་ཁྲོན་བོད་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།

སྤེལ་དུས 2019-03-25 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། པད་མ།
          ཉེ་ཆར། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་སི་ཁྲོན་ཞིང་ཆེན་གྱིས་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་10ཙམ་བཏང་ནས་བོད་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་འབྲེལ་གྲོང་ཚོ་རེ་ལ་བུ་བཅོལ་ཁང་རེའི་འཆར་གཞི་དང་9+3གྱི་འཆར་གཞི་གཏིང་ཟབ་ཏུ་གཏོང་རྒྱུ་རེད།
          སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི་སོགས་སློབ་གསོའི་ལས་གཞི་གལ་ཆེན་ལག་བསྟར་བྱས་པ་བརྒྱུད། བོད་རིགས་ས་ཁུལ་གྱི་སློབ་གྲྭ་འཛུགས་སྐྲུན་ཐད་མེད་པ་གཅིག་དང་ཡོད་པ་གཉིས་(ཉེན་ཁ་ཆེ་བའི་ཁང་པ་མེད་པ་དང་། འཛིན་གྲྭ་ཚང་མར་སློབ་ཁང་ཡོད་པ་དང་སློབ་མ་ཚང་མར་ཤིང་གི་སྒྲོག་རྩེ་དང་རྐུབ་སྟེགས་ཡོད་པ)ཐག་གཅོད་བྱས་པ་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བར་འགྱུར་ལྡོག་བྱུང་ཡོད། ད་ལོ་སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི་དང་ས་ཁོངས་གསུམ་དང་ཁུལ་གསུམ་གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལས་གཞི། བོད་རིགས་ས་ཁུལ་གྱི་ཆེད་སྤྱོད་མ་དངུལ་སོགས་སློབ་གསོའི་ལས་གཞི་ཆེན་མོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།