ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀན་སུའུ་ཡིས་ས་ཁུལ་དབུལ་པོར་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མགྱོགས་མྱུར་མཐོ་རུ་བཏང་བ།

སྤེལ་དུས 2019-05-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཨུད་དང་། ཀན་སུའུ་ཞིང་ཆེན་སྲིད་གཞུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་ཉིན་ཤས་གོང་གཉེར་བའི་ཀན་སུའུ་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་སྲ་བརྟན་མཐོར་གཏོང་དང་། དགུན་དུས་འཁྱག་པའི་ཆུ་སྦུག་སྒྱུར་བཀོད་ལས་གྲྭ དོང་ཆུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ལས་དོན་བསྒྲུབས་པ་བརྒྱུད་ས་ཁུལ་དབུལ་པོར་ཆུ་མཁོ་འདོན་གྱི་འགན་ལེན་བྱེད་ཚད་གོང་མཐོར་སོང་བ་རེད།
          ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཐན་ཞུས་པིང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ནང་དོན་གལ་ཆེན་གྱི་ངོས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་རྩའི་བླང་བྱ་ཡིན་པས་མི་འབོར་དབུལ་པོའི་དབུལ་སྒྲོལ་དང་དབུལ་པོ་ལས་ཕྱིར་འཐེན་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡང་འབྲེལ་བ་ཡོད་ཅེས་བརྗོད།
          ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་ཀའི་གྲས་ཤིག་ཏུ་བརྩིས་པ་དང་། 2016ལོ་ནས་2018ལོ་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་56.7བཏང་ནས་ཁེ་ཕན་ཐོབ་མཁན་གྱི་མི་འབོར་ཁྲི་730.6སྲ་བརྟན་གོང་མཐོར་བཏང་བའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་47.4ཡོད། མིག་སྔའི་བར། ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་91%དང་ཆུ་ཀ་ལ་ཁྱབ་ཚད་88%ཟིན་པ་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།