ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་ཐག་རིང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ།

སྤེལ་དུས 2019-05-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          དབྱར་ཚུགས་ཀྱང་མཚོ་སྔོན་གྱི་ས་མཐོར་སྔར་བཞིན་གྲང་ངར་ཆེ། ཁྲག་ཤེད་བརྟག་ཆས་དང་། ཁྲག་མངར་འཇལ་ཆས། སྙིང་པར་ལྟ་སྲུང་ཡོ་ཆས་སོགས་རྒྱུན་སྤྱོད་ཀྱི་སྨན་བཅོས་སྒྲིག་ཆས་བླུགས་པའི་སྨན་སྒམ་དང“གན་འཇོག་གཉིས”ཀྱི་ཞབས་ཞུའི་ལག་དེབ་ཁྱེར་བའི་མཱ་མུའུ་ཧྲ་དང་ཁོང་གི་ཁྱིམ་ཚང་སྨན་པ་ཚོགས་པ་མྱུར་སྐྱོབ་རླངས་འཁོར་ལ་བསྡད་ནས་རྒྱུན་གཏན་གྱི་སྐོར་སྐྱོད་སྨན་བཅོས་བྱེད་པར་སྐྱོད་འགོ་ཚུགས།
          ས་བབ་མཐོ་ཚད་སྨི་3300ཟིན་པའི་རིག་མོ་རྩྭ་ཐང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། མི་མང་ཆེ་བས་ཉིན་མོ་ཡང་ཁ་ཕྱོགས་ངོས་ཟིན་དཀའ། འོན་ཀྱང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་མོ་ལྟེ་བའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་མཱ་མུའུ་ཧྲ་དང་ཁོང་གི་ཁྱིམ་ཚང་སྨན་པ་ཚོགས་པས་འབྲོག་ཁྱིམ་ཀུན་གྱི་གནས་ཡུལ་གསལ་པོར་ངེས་ཁར་ཁོངས་གཏོགས་ཁུལ་གྱི་དུད་ཁྱིམ་རེའི་འབྲོག་པའི་བདེ་ཐང་གི་གནས་ཚུལ་རྒྱུས་མངའ་ཆེན་པོ་ཡོད།
          ཆུ་ཚོད་ཕྱེད་ཀ་ཙམ་རླངས་འཁོར་ལ་བསྡད་རྗེས་ཁོང་ཚོ་ཉིན་དེའི་སྐོར་སྐྱོད་སྨན་བཅོས་བྱེད་སའི་དུད་ཁྱིམ་དང་པོར་འབྱོར། “རྨ་ཁ་གསོས་འདུག་གམ། ཉེ་ལམ་མི་བདེ་བ་ག་རེ་འདུག་གམ”ཞེས་མཱ་མུའུ་ཧྲས་ལོ་64སླེབས་པའི་ནད་པ་རིག་རྡོར་གྱི་ལག་ནས་འཇུས་ཏེ་བོད་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་འཚམས་འདྲི་བྱས་རྗེས་ཁོང་ལ་ཁྲག་ཤེད་དང་ཁྲག་མངར་འཇལ་ནས་རྨ་ཁ་བཀྲུས་པ་དང་རྨ་རས་བརྗེས།
          རིག་རྡོར་གྱི་ཁྱིམ་ནི་གསེར་ཆེན་རྫོང་རིག་མོ་གྲོང་རྡལ་ཕ་ཡག་གྲོང་ཚོའི་རུ་ཁག་དང་པོར་ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོའི་ཁོངས་སུ་གཏོགས། རྒན་རྒོན་གཉིས་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་ལུག་15ཙམ་ལས་མེད། རིག་རྡོར་ལ་རྒྱུ་འགག་གི་ན་ཚ་ཡོད་པ་དང་བཟའ་ཟླ་ལྷ་མོ་སྐྱིད་ལ་གྲུམ་བུའི་རུས་ཚིགས་ཀྱི་ནད་སོགས་ཡོད་པ་རེད།
          “མི་རིང་བའི་གོང་ང་ལ་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་ནས་རྒྱུ་འགག་ནད་ཀྱི་གཤགས་བཅོས་བྱས་པར་སྨན་རིན་སྒོར་ཁྲི་2ཙམ་ཕྱིན་ཀྱང་རང་ཉིད་ཀྱིས་དངུལ་སྒོར་1000ཙམ་ལས་སྤྲོད་དགོས་མ་བྱུང་། སྨན་ཁང་ནས་དོན་རྗེས་འཕྲོད་བསྟེན་ཁང་གི་སྨན་པ་དུས་བཀག་ལྟར་སྒོ་རྩར་ཡོང་ནས་ངའི་རྨ་ཁ་བཀྲུ་བ་དང་རྨ་རས་བརྗེས་པར་བརྟེན་རང་ཉིད་སྨན་ཁང་དུ་འགྲོ་དགོས་ཀྱི་མི་འདུག”ཅེས་རིག་རྡོར་གྱིས་བཤད།
          དཔལ་འབྱོར་གྱི་ཆ་རྐྱེན་དང་ས་ཁོངས་སོགས་ཀྱི་རྒྱུ་རྐྱེན་ཞན་པའི་དབང་གིས་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་ལ་ཞིང་འབྲོག་པ་རང་ཉིད་ཀྱི་འཕྲོད་སྦྱོར་འདུ་ཤེས་ཀྱང་དམན་པ་ནི་སྔོན་ཆད་མང་ཚོགས་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད། ཉེ་བའི་ལོ་གཉིས་ཀྱི་རིང་། བདེ་ཐང་དབུལ་སྐྱོར་སོགས་སྲིད་ཇུས་ཁྱབ་སྤེལ་ཤུགས་ཆེན་བཏང་བ་དང་སྦྲགས། མཚོ་སྔོན་གྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། གཞི་རིམ་མང་ཚོགས་ལ་སྨན་བཅོས་དུས་ཐོག་དང་ཕན་འབྲས་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
          རིག་མོ་ལྟེ་བའི་འཕྲོད་བསྟེན་ཁང་གི་སྨན་པ་བསོད་ནམས་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། རིག་མོ་ལྟེ་བའི་འཕྲོད་བསྟེན་ཁང་གིས་2017ལོ་ནས་ཁྱིམ་ཚང་སྨན་པ་དང་གྲོང་སྡོད་ལས་བྱེད་པའམ་འཆར་ལྡན་བུ་བཙའི་ཆེད་བསྐོས་ལས་བྱེད་པའི“གན་འཇོག་གཉིས”ཀྱི་ཞབས་ཞུ་ཁྱབ་སྤེལ་ཤུགས་ཆེན་བཏང་བ་དང་། ཁྱིམ་ཚང་སྨན་པ་དང་དབུལ་ཕོངས་ནད་པའི་དབར་གཙོ་གནད་ཞབས་ཞུའི་གྲོས་མཐུན་བཞག་ནས་དུད་ཚང་རེའི་འབྲོག་པར་བདེ་ཐང་ཡིག་ཚགས་བཟོས་ཤིང་། ཟླ་རེར་སྒོ་རྩར་ཡོང་ནས་བདེ་ཐང་སློབ་གསོ་དང་ནད་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྒྲུབ་པ་དང་། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྲོག་པའི་ནད་འགོག་ནད་བཅོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བའི་ཁར་འབྲོག་ཁུལ་མང་ཚོགས་ཀྱི་སྨན་བཅོས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
          མཱ་མུའུ་ཧྲ་ཡིས་ད་ཆ་རིག་མོ་ལྟེ་བའི་འཕྲོད་བསྟེན་ཁང་དུ་གློག་པར་ཁང་དང་། Bསྒྲ་རླབས་ཁང་། བརྟག་དཔྱད་ཁང་སོགས་ཀྱི་ཚན་ཁག་ཡོད་པ་མ་ཟད། ད་དུང་བོད་སྨན་གྱི་ལུམས་དང་། བྱུག་པ། གཏར་ཁ་སོགས་རྒྱག་གི་ཡོད་ལ་སྨན་རིན་ཡང་ཁེ་བས་ཞིང་འབྲོག་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད།
          “གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་བ་ཞིག་ཡིན་པའི་ངོས་ནས། ང་ཚོས་འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་ལ་མུ་མཐུད་གཡས་གཞོགས་གཡོན་འདེགས་བྱས་ནས་འབྲོག་ཁུལ་གྱི་མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་ཀྱི་ཡིན”ཞེས་མཱ་མུའུ་ཧྲ་ཡིས་བཤད་རྗེས་རང་ཉིད་ཀྱི་ཁྱིམ་ཚང་སྨན་པའི་ཚོགས་པ་དང་མཉམ་དུ་རླངས་འཁོར་ནང་འཛུལ་ཏེ་སླར་ཡང་དུད་ཚང་རྗེས་མར་སྐྱོད་འགོ་ཚུགས།