ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཟི་ལིང་ནས་ཚྭ་ཁ་མཚོ་བར་གྱི་ཡུལ་སྐོར་མེ་འཁོར་གཏོང་འགོ་ཚུགས་པ།

སྤེལ་དུས 2019-06-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་གནས་ཚུལ་སྤེལ་བར། ཟླ་6ཚེས་1ཉིན་ནས་བཟུང་ཀུང་སི་དེས་མཚོ་སྔོན་ཟི་ལིང་ནས་ཚྭ་ཁ་མཚོ་བར་གྱི་Y961/2ཡུལ་སྐོར་མེ་འཁོར་གཏོང་འགོ་ཚུགས་པ་རེད།
           ཡུལ་སྐོར་བས་བདེ་འཇགས་དང་སྟབས་བདེའི་ངང་ཚྭ་ཁ་མཚོའི་མཛེས་ལྗོངས་ལ་ལྟ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཟླ་6ཚེས་1ཉིན་ནས་ཟླ་8ཚེས་25ཉིན་བར་ཟི་ལིང་ནས་ཚྭ་ཁ་མཚོའི་བར་གྱི་Y961/2ཡུལ་སྐོར་མེ་འཁོར་མུ་མཐུད་ནས་གཏོང་རྒྱུ་རེད།
           ཉེ་བའི་ལོ་ཤས་རིང་། མཚོ་བོད་ཚོགས་པ་ཀུང་སིས་མཚོ་སྔོན་དང་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་དགོས་མཁོ་ལྟར“ལྕགས་ལམ་དང་མཛེས་ལྗོངས་ཁུལ་ཟུང་འབྲེལ”གྱི་མེ་འཁོར་ཤར་གཏོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཟི་ལིང་ནས་གཏེར་ལེན་ཁ་བར་དང་། ཟི་ལིང་ནས་གཞིས་རྩེ་བར། ཟི་ལིང་ནས་ནུབ་མཚོ་གྲོང་རྡལ་ཀྲུང་གོའི་རྡུལ་ཕྲན་གྲོང་བར་སོགས་ཡུལ་སྐོར་མེ་འཁོར་ཁག་ཐེངས་མང་པོ་གཅིག་རྗེས་གཉིས་མཐུད་ངང་བཏང་ཡོད། 2018ལོ་ཁོ་ནར་ཟི་ལིང་ནས་ཚྭ་ཁ་མཚོ་བར་གྱི་ཡུལ་སྐོར་མེ་འཁོར་ཁག་ཐེངས་182བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་14སྐྱེལ་འདྲེན་བྱས་པ་དེས་མཚོ་བོད་ས་མཐོའི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་ཁྱབ་གདལ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།