ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་རྫས་འོས་སྦྱོར་འགྲེམ་འཚོང་ཚོགས་འདུ་ཁྲུན་ཏུའུ་གྲོང་ཁྱེར་རུ་བསྡུས།

སྤེལ་དུས 2019-06-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མཁའ་འགྲོ་ཚེ་བརྟན། ཧེ་ཡན།
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན། ཧེ་ཡན།) ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཁྲིན་ཏུའུ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྒྲུབ་པའི2019ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་རྫས་འོས་སྦྱོར་འགྲེམ་འཚོང་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲུན་ཏུའུ་གྲོང་ཁྱེར་རུ་བསྡུས།
རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་ཆའོ་ཞེའུ་ཀྲི་ཡིས་ཤིས་ཚིག་འབུལ་བཞིན་པ།
             རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་ཆའོ་ཞེའུ་ཀྲི་ཡིས་ཤིས་ཚིག་ལས། ཉེ་བའི་ལོ་འགའི་ནང་། རང་རྒྱལ་གྱི་དཔལ་འབྱོར་འཚོལ་སྙེག་ཚད་མཐོའི་ངང་འཕེལ་རྒྱས་སུ་འགྲོ་ཞིང་། མི་དམངས་ཀྱི་འཚོ་བའི་རེ་སྙེག་ཇེ་མཐོར་འགྲོ་བཞིན་པའི་སྐབས་དང་བསྟུན་ནས་རྨ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ།  རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ར་དང་དྭངས་གཙང་གི་རྫ་ཆུ། རྔམ་མཐུག་པའི་སྲོལ་རྒྱུན་རིག་གནས། ཁྱད་མཚར་བའི་རེབ་གོང་སྒྱུ་རྩལ། ཐུན་མིན་གྱི་དམངས་སྲོལ་རིག་གནས། མཛེས་སྡུག་གི་རི་ཆུ་ས་གཙང་བཅས་ཀྱིས་ཐུན་མིན་གྱི་དགེ་མཚན་དང་མངོན་མིན་གྱི་རིན་ཐང་མངོན་པར་མཚོན་བཞིན་ཡོད།
 རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞའོ་ཧྥེ་ཧུའུ་ཡིས་རྨ་ལྷོ་ཁུལ་གྱི་དངུལ་གཏོང་སྲིད་ཇུས་མཚམས་སྦྱོར་བྱེད་བཞིན་པ།
             ཚོགས་ཐོག་ཏུ། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞའོ་ཧྥེ་ཧུའུ་ཡིས་རྨ་ལྷོ་ཁུལ་གྱི་ལོ་རྒྱུས་དང་དངུལ་གཏོང་སྲིད་ཇུས་མཚམས་སྦྱོར་བྱས་པ་མ་ཟད། རིག་གནས་ཡུལ་སྐོར་དང་། སྐྱེ་ཁམས་ཐོན་ལས། བོད་སོག་སྨན་རྫས། སྐྱེ་ཁམས་འཐུང་ཆུ། ཁྱད་ཐོན་ཐོན་ལས་བཅས་ཕྱོགས་སོ་སོ་ནས་ལས་གཞི་འོས་སྦྱོར་བྱས།
ཚོགས་རའི་རྣམ་པ།
གྲོས་མཐུན་ཡི་གེ་སྟེང་མིང་རྟགས་བཀོད་པ་བཞིན་པ།
             ཐེངས་འདིའི་འོས་སྦྱོར་འགྲེམ་འཚོང་ནི། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་གཞན་དུ་འོས་སྦྱོར་འགྲེམ་འཚོང་གི་བྱེད་སྒོ་སྤེལ་བ་ཐེངས་གསུམ་པ་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་རྨ་ལྷོ་ཁུལ་གྱི་ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་ཆེ་རུ་གཏོང་རྒྱུ་དང་། ཕྱི་ཕྱོགས་མཉམ་ལས་ཀྱི་སྒོ་མོ་ཡངས་པར་ཕྱེ་སྟེ། མ་དངུལ་གཏོང་མཁན་མང་པོ་ཞིག་རྨ་ལྷོ་ཁུལ་དུ་ཡོང་ནས་རྨ་ལྷོའི་དཔལ་འབྱོར་དར་རྒྱས་དང་རྨ་ལྷོའི་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱ་རྒྱུ་དང་། སྔར་ལས་ལྷག་པར་ཕྱི་ཕྱོགས་ལ་འབྲེལ་ལམ་བཙུགས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། ཁྱབ་ཁོངས་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་དང་བརྗེ་རེས་རྒྱུན་བསྐྱང་བར་ཤུགས་བསྣན་རྒྱུ་མ་ཟད། རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་ལས་འོས་སྦྱོར་དང་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་གཏོང་བ་བརྒྱུད། རྨ་ལྷོ་ཁུལ་གྱི་མིང་རྟགས་དང་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་འཐབ་ཇུས་དང་བསྟུན་ཅི་ཐུབ་བྱས་ནས་རྨ་ལྷོའི་མཆོང་བརྒལ་འཕེལ་རྒྱས་གང་མགྱོགས་སྒོས་མངོན་འགྱུར་བྱེད་ཐུབ་པར་བྱ་རྒྱུ་དེ་རེད།
འོས་སྦྱོར་འགྲེམ་འཚོང་སྟེང་གི་ཚོང་རྫས་ཁག་ཅིག
འོས་སྦྱོར་འགྲེམ་འཚོང་སྟེང་གི་ཚོང་རྫས་ཁག་ཅིག
             རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་འཚོང་ཐོག་རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ནས་ཁྱད་འཕགས་ཁེ་ལས40ལྷག་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ། ཐང་ག་དང་རྡོ་བརྐོས། བོད་སོག་སྨན་རྫས། བལ་འཐག་རྒྱན་གོས།  སྐྱེ་ཁམས་ཤ་རིགས། ཕྱུགས་ལས་ཐོན་རྫས་སོགས་ཚོང་རྫས་སྣ100ལྷག་འགྲེམ་སྟོན་བྱས་པས་ཚོགས་ཞུགས་ཀྱི་ཁེ་ལས་པ་དང་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ། ཚོགས་འདུའི་ཡུལ་དངོས་ནས་ཁེ་ལས་ལྔ་ཡིས་རྨ་ལྷོ་ཁུལ་དང་མཉམ་ལས་ཀྱི་འབྲེལ་ལམ་བཙུགས་པ་མ་ཟད། ཁེ་ལས་ལྔ་ཡིས་འཐུས་ཚབ་པས་གྲོས་མཐུན་ཡི་གེ་སྟེང་མིང་རྟགས་བཀོད་པ་དང་། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར30ལ་སླེབས།
ཚོགས་ཞུགས་ཀྱི་ཁེ་ལས་པས་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པས་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པས་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པས་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
ཚོགས་ཞུགས་ཁེ་ལས་པ་ཞིག་གིས་རྩེ་ཁོག་རྫོང་ཧོར་རྡོ་བརྐོས་རིག་གནས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་མགོན་པ་རྣམ་རྒྱལ་དང་མཉམ་དུ་ཐོན་རྫས་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
             སྡོམ་རྩིས་བྱས་པ་ལྟར་ན། འོས་སྦྱོར་འགྲེམ་འཚོང་སྟེང་། ཁྲིན་ཏུའུ་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར། སྨན་རྫས། ཚན་རྩལ་གསར་བའི་ཁྱབ་ཁོངས་ཀྱི་ཁེ་ལས320ཡི་འཐུས་ཚབ་མི་སྣ་དང་གསར་འགྱུར་སྡེ་ཁག12ཀྱི་གསར་འགོད་པ། རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། དེ་མིན་རྫོང་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁྲི་མི་སྣ་གཙོ་བོ་བཅས་མི400ལྷག་ཞུགས་པ་རེད། གཞན་ཡང་།  འོས་སྦྱོར་འགྲེམ་འཚོང་ཀྱི་སྐབས་སུ། རྨ་ལྷོ་ཁུལ་གྱི་འཐུས་ཚབ་ཚོགས་པས་སྔ་རྗེས་སུ་ཞིན་ཞི་ཝང་ལིག་ཧི་མ་རྐང་ཚད་ཡོད་ཀུང་ཟིའི་གཟན་ཆས་ཞིབ་འཇུག་གླིང་དང་། སི་ཁྲོན་རྒྱལ་སྤྱིའི་རིག་གནས་འཇོན་མི་གསོ་སྐྱོང་རྟེན་གཞི། ཞའོ་ཏིག་ཀྲུང་སྨན་ཚན་རྩལ་ཀུང་ཟི། ཞིན་ཧི་ཧྥ་ཀྲུང་སྨན་ཞིབ་འཇུག་གླིང་བཅས་སུ་སོང་སྟེ་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁྲི་མི་སྣ་དང་མཉམ་དུ་ཞུགས་མོལ་ཚོགས་འདུ་བསྡུས་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱས།
ཚོགས་ཞུགས་ཀྱི་ཁེ་ལས་པར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པས་ཐོན་རྫས་ལ་རོ་མྱོང་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པས་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
ཚོགས་ཞུགས་ཀྱི་ཁེ་ལས་པ་ཞིག་གིས་རེབ་གོང་ཐང་ག་ལ་པར་རྒྱག་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།