ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ཟོག་གི་དཔེ་སྟོན་ཞིང་ཆེན་ཧུར་ཐག་བསྐྲུན་རྒྱུ་ཡིན་པ།

སྤེལ་དུས 2019-06-10 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
          ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ཟོག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་ཞིང་འབྲོག་ལས་ཚད་གཞི་ཅན་གྱི་ཆུ་ཚད་དང་ཞིང་འབྲོག་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱ་ཆེད། འདི་ལོ་ནས་བཟུང་མཚོ་སྔོན་གྱིས་ལོ་ལྔའི་དུས་ཚོད་སྤྱད་དེ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ཟོག་གི་དཔེ་སྟོན་ཞིང་ཆེན་ཧུར་ཐག་བསྐྲུན་རྒྱུ་རེད།
          འདི་ལོའི་ཟླ་3ཚེས་1ཉིན་མཚོ་སྔོན་ཞིང་ཆེན་དང་ཞིང་ལས་དང་གྲོང་གསེབ་པུས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ཟོག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་ཐད་པུའུ་དང་ཞིང་ཆེན་གྱིས་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་གྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། ལག་རྩལ་གྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར། སྲིད་ཇུས་ཀྱི་འདེགས་སྐྱོར། རྣམ་གྲངས་ལ་མ་དངུལ་གཏོང་བ། བྱ་སྤྱོད་ལག་བསྟར་སོགས་ཐད་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ལས་ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
          མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ལས་དོན་གྱི་མུའུ་ཁྲི་114ཡི་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་པ་དང་། གཙོ་བོ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)7དང་། རྫོང(གྲོང་ཁྱེར་དང་ཆུས)19 གཞུང་ཁོངས་ཞིང་ར་དང་འབྲོག་ར་11བཅས་སུ་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྫས་ལུད་མི་སྤྱོད་པ་དང་ཞིང་སྨན་ཉུང་གཏོང་གི་ཚོད་ལྟའི་ལས་དོན་སྤེལ་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།