ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཐོ་རྒྱུགས་སྐར་གྲངས་ཟླ6པའི་ཚེས25ཉིན་ཁྱབ་སྒྲོག་བྱ་རྒྱུ་རེད།

སྤེལ་དུས 2019-06-11 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ།
              ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས9ཉིན་གྱི་ཕྱི་དྲོའི་དུས་ཚོད17སྟེང2019ལོའི་མཚོ་སྔོན་གྱི་མཐོ་རྒྱུགས་མཇུག་སྒྲིལ་པ་རེད། ཞིང་ཆེན་ཡོངས་ནས་སློབ་མ44313གྱིས་རྒྱུགས་ཁུལ34དང་རྒྱུགས་ལེན་ས་ཚིགས48། རྒྱུགས་ར1532ནས་མཐོ་རྒྱུགས་བླངས་ཤིང་། དེའི་ཁྲོད་རྒྱུགས་ལ་མ་ཞུགས་པའི་སློབ་མ248ཡོད། རིམ་པ་སོ་སོའི་རྒྱུགས་དོན་རྩ་འཛུགས་དང་རྒྱུགས་ཤོག་སྲུང་བ། རྒྱུགས་རའི་ལྟ་ཞིབ། འགན་སྒྲུབ་སྐོར་ཞིབ། སྨན་བཅོས་སྲོག་སྐྱོབ། གློག་ཤུགས་འགན་སྲུང་དང་སྐུལ་མེད་གློག་འཕྲིན་གྱི་བརྡ་རྟགས་དོ་དམ་སོགས་ཀྱི་བྱ་བ་སྣ་ཚོགས་ལས་བྱེད་མི་སྣ་ཁྲི2ཉེ་བ་ཞིག་གིས་དཀའ་སྤྱད་འབད་བརྩོན་སྒོས་ལེགས་པོར་བསྒྲུབས་ཏེ། མཐོ་རྒྱུགས་བདེ་བླག་ངང་ལེན་ཐུབ་པར་འགན་ལེན་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བ།
              མཐོ་རྒྱུགས་མཇུག་སྒྲིལ་རྗེས། མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་དུས་རིམ་ལ་བསླེབས་ཡོད། སྔོན་རྩིས་ལྟར་ན། མཐོ་རྒྱུགས་སྐར་གྲངས་དང་སློབ་བསྡུའི་འཆར་འགོད་ཟླ6པའི་ཚེས25ཉིན་ཁྱབ་སྒྲོག་བྱ་རྒྱུ་རེད། རྒྱ་ཆེའི་སློབ་མ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བ“http://www.qhjyks.com/”དང་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་གྱི་སྐད་འཕྲིན་སྤྱི་རྟགས་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ཏེ། སློབ་བསྡུའི་བྱ་བ་དང་སྲིད་ཇུས་ཆ་འཕྲིན་ལ་དུས་ལྟར་རྒྱུས་ལོན་བྱས་ནས། དྲ་ཐོག་ནས་མིང་ཐོ་དགོད་རྒྱུར་གྲ་སྒྲིག་བྱ་དགོས།
ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་གྱི་སྐད་འཕྲིན་སྤྱི་རྟགས།
རྩོམ་སྒྲིག་པ། སངས་སྐྱབས།