ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཁམས་ཁུལ་དུ་རྐང་རྩེད་སྤོ་ལོའི་ཕུགས་འདུན་དོན་གཉེར་བྱེད།

སྤེལ་དུས 2019-06-11 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
          དབྱར་འགོའི་དུས་སུ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་ཁམས་པའི་ཕོ་རྒོད་ཚོས་ས་བབ་མཐོ་ཚད་སྨི་4000ཟིན་པའི་སྤོ་ལོ་ཐང་དུ་རྔུལ་ཆུ་འཛག་བཞིན། ཨ་སྔོན་སྤྲིན་དཀར་འོག་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱས་ཤིང་། དེར་སླེབས་པའི་ལྟད་མོ་བས་དགའ་འབོད་ཡང་ཡང་བྱས་པ་རེད།
          འཚོ་བར་འདྲེས་པའི་རྐང་རྩེད་སྤོ་ལོ།
          ཟླ་5ཚེས་20ཉིན་སི་ཁྲོན་དཀར་མཛེས་ཁུལ་གྱི་དར་མའི་སྐྱེས་པའི་ལས་ཞོར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལི་ཐང་རྫོང་དུ་གཉེར་བ་དང་། སྤོ་ལོའི་རུ་ཁག་9ཡིས་གཟའ་འཁོར་གཅིག་རིང་འགྲན་བསྡུར་བྱས་པ་རེད།
          “རྐང་རྩེད་སྤོ་ལོ་ནི་འཚོ་བ་དང་འདྲ་པོ་ཡོད་ལ། དེའི་ཁྲོད་ནས་གནས་ལུགས་མང་པོ་ཤེས་ཐུབ”ཅེས་འགྲན་བསྡུར་ནང་ཞུགས་པའི་ཉག་ཆུ་རྫོང་གི་རུ་མི་ཕུར་མཚོས་བཤད།
          ཕུར་མཚོ་ནི་ཚོང་པ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔོན་རང་ཉིད་ངང་རྒྱུད་རིང་པོ་མེད་པ་མ་ཟད། རྟག་པར་དཀའ་ལས་མ་བརྒྱབ་པར་འབྲས་བུ་ཐོབ་འདོད་བྱེད་ཅིང་། བྱ་བ་སྒྲུབ་སྐབས་ཀྱང་འཚབ་འཚུབ་ཆེ་དྲགས་པ་དང་ཁྲོམ་རར་བསམ་བློ་མ་བཏང་བའི་རྐྱེན་གྱིས་གྱོང་གུན་ཆེན་པོ་ཕོག་མྱོང་ཡོད་ཅེས་བཤད།
          “བྱ་བར་ལམ་འགྲོ་མ་རྒྱུག་སྐབས་རང་ཉིད་ཀྱིས་རྟག་པར་རྐང་རྩེད་སྤོ་ལོ་བརྒྱབ་པས་གནས་ལུགས་མང་པོ་ཤེས་སོང”ཞེས་ཕུར་མཚོས་བཤད། ཁོང་གིས་རྐང་རྩེད་སྤོ་ལོ་རྒྱག་སྐབས་སྒྲིག་འཛུགས་དང་། བརྒྱུད་འདྲེན། གཞོགས་འདེགས། མཐའ་འཁྱོངས་བཅས་ལ་དང་དོད་བྱེད་དགོས། འཚོ་བ་སྐྱེལ་བ་དང་ཚོང་རྒྱག་པ་ཚང་མ་གོམ་སྟབས་རེ་རེ་བཞིན་སྤོས་ཚེ་གཞི་ནས་ཡག་པོ་ཡོང་ཐུབ་ཅེས་བཤད། ད་ཆ་ཕུར་མཚོས་བེ་ཤའི་ཚོང་རྒྱག་པ་དང་། བེ་ཤ་རག་འདེམས་དང་ཐུམ་སྒྲིལ་སོགས་ལས་རིམ་ཡོངས་སུ་དོ་དོ་ནན་ནན་བྱེད་པ་མ་ཟད། ཁྲོམ་རར་བརྟག་དཔྱད་གང་ལེགས་བྱས་པས་ཚོང་ཡང་རིམ་བཞིན་ཇེ་ཡག་ཏུ་སོང་བ་རེད།
          “90ནང་སྐྱེས”ཀྱི་བསྟན་འཛིན་དཔལ་ལྡན་ནི་ཕུར་མཚོའི་རུ་གྲོགས་ཡིན་པ་དང་། ཁོང་ཆུང་དུས་ནས་སྤོ་ལོ་རྒྱག་རྒྱུར་ཧ་ཅང་དགའ།
          སློབ་ཆུང་སྐབས་བསྟན་འཛིན་དཔལ་ལྡན་དང་རོགས་པ་ཚོས་ཐེངས་ཤིག་ཨར་འདམ་ཐང་དུ་སྤོ་ལོ་བརྒྱབ་པ་དང་། གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རྨས་སྐྱོན་ཕོག་མོད། འོན་ཀྱང་ད་དུང་མུ་མཐུད་ཆུ་ཚོད་ཕྱེད་ཀ་སྤོ་ལོ་བརྒྱབ་པ་རེད། མཐར་ཁོང་གི་ལག་པ་གཡོན་མ་སྒྲེངས་ཏེ་སྨན་པས་ཁོང་ལ་རུས་ཆག་ཆེན་པོ་ཤོར་འདུག་ཞེས་བཤད། དྲག་སྐྱེད་བྱུང་རྗེས་བསྟན་འཛིན་དཔལ་ལྡན་གྱིས་སྔར་བཞིན་སྤོ་ལོ་རྒྱག་མཚམས་བཞག་མེད་པ་རེད།
          “རྐང་རྩེད་སྤོ་ལོས་ངའི་མི་ཚེར་འགྱུར་ལྡོག་བཏང་སོང་ལ། གནས་ལུགས་ཀྱང་མང་པོ་ཤེས་བྱུང་བས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བཤད་པ་དང། བསྟན་འཛིན་དཔལ་ལྡན་སློབ་ཆེན་ཐོན་རྗེས་སྔ་རྗེས་སུ་ལས་རིགས་མང་པོ་ཚོད་ལྟ་བྱས་ཤིང་། འདི་ལོར་ཁོང་གིས་འཛུགས་སྐྲུན་ཀུང་སི་ཞིག་བཙུགས་པ་རེད། “ངས་མུ་མཐུད་རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་པ་བཞིན་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བཤད།
          རྐང་རྩེད་སྤོ་ལོའི་ཕུགས་འདུན་འགྲུབ་པ།
          ལོ་མང་གོང་ཁྲོན་ནུབ་ས་མཐོའི་སྟེང་གི་ཕྲུ་གུ་ཚོ་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་སྤོ་ལོ་རྒྱག་ས་དང་། རྐང་རྩེད་སྤོ་ལོ། དགེ་རྒན་སོགས་གང་ཡང་མེད། དཀར་མཛེས་ཁུལ་ལུས་རྩལ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཧའོ་ཙུང་ཧྲན་གྱིས་ད་ལྟའང་དེ་སྔའི་སྤོ་ལོ་རྒྱག་སྐབས་ཀྱི་གནས་ཚུལ་གསལ་པོར་ངེས་པ་སྟེ། རྒྱུག་པ་བླངས་ནས་སྒོ་བཟོ་བ་དང་། ལན་ཆིའུ་སྤོ་ལོ་རྐང་རྩེད་སྤོ་ལོར་བརྩི་བ། བྱེ་ས་རྐང་རྩེད་སྤོ་ལོའི་ཐང་དུ་བརྩི་བ་ལ་སོགས་རེད། ད་ཆ་དེ་དག་ཚང་མར་འགྱུར་ལྡོག་བྱུང་ཡོད།
          ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། སི་ཁྲོན་བོད་རིགས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཚང་མར་མི་ལྔའི་ལམ་ལུགས་དང་། མི་བདུན་ལམ་ལུགས་སོགས་ཀྱི་རྐང་རྩེད་སྤོ་ལོའི་ཐང་བསྐྲུན་པས། ཞིང་འབྲོག་པའི་ཕྲུ་གུ་དེ་བས་མང་བས་རྐང་རྩེད་སྤོ་ལོ་རྒྱག་པར་ཞུགས་ཤིང་། ལས་རིགས་སྤོ་ལོ་རྒྱག་མཁན་ཞིག་བྱ་རྒྱུའི་ཕུགས་འདུན་མངོན་འགྱུར་མ་བྱུང་བའི་བསོད་ནམས་ཚེ་རིང་ཡང་ཧ་ཅང་དགའ་པོ་བྱུང་ཡོད།
          ལོ་14ལ་སླེབས་པའི་ཚེ་རིང་ནོར་བུ་ནི་ལི་ཐང་རྐང་རྩེད་སྤོ་ལོའི་ལས་རིགས་ཀྱི“བདམས་ཐོན་པ་རྩེ་གྲ་ཞིག”རེད། སློབ་ཆུང་ལོ་རིམ་དྲུག་པའི་སྐབས་རྐང་པར་རྨས་སྐྱོན་ཕོག་པས་ནང་མིས་སྤོ་ལོ་རྒྱག་ཏུ་མ་བཅུག་མོད། འོན་ཀྱང་ཁོང་གིས་ལྐོག་ཏུ་སློབ་གྲྭའི་སྤོ་ལོའི་རུ་ཁག་ནང་ཞུགས་པ་དང་། རུ་མི་དང་མཉམ་དུ་2017ལོའི་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་ལྷོ་ལམ་འགྲན་ཁུལ་གྱི་ཨང་དང་པོ་བླངས། མཐར་ཚེ་རིང་ནོར་བུའི་ཕ་མས་ཁོང་སྤོ་ལོ་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
          ལི་ཐང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ལེ་ཧུང་ཧྲེང་གིས་གསར་འགོད་པར་ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད། འདི་ལོའི་ཟླ་8པའི་གོང་དུ་ལི་ཐང་རྫོང་དུ་རྐང་རྩེད་སྤོ་ལོ་ཐང་8གསར་སྐྲུན་བྱས་པ་དང་ལོ་མཇུག་གོང་ཡུལ་དེའི་སློབ་གྲྭ་འབྲིང་ཆུང་ཚང་མར་རྐང་རྩེད་སྤོ་ལོ་ཐང་ཡོངས་ཁྱབ་ཐུབ་པར་བྱས་ནས་རྐང་རྩེད་སྤོ་ལོ་ཐང་20ཙམ་ཟིན་རྒྱུ་རེད་ཅེས་བཤད། སི་ཁྲོན་དགེ་འོས་སློབ་ཆེན་སོགས་རོགས་སྐྲུན་ཚན་པ་མང་པོས་ཆེད་ལས་རྐང་རྩེད་སྤོ་ལོའི་དགེ་རྒན་བཏང་ནས་ལི་ཐང་གི་ཕྲུ་གུར་ཆེད་མངགས་གསོ་སྦྱོང་བྱས་པ་རེད།
          རྐང་རྩེད་སྤོ་ལོའི་སྤྲོ་སྣང་དང་མཛའ་གྲོགས།
          དཀར་མཛེས་རུ་ཁག་ནི་ན་ནིང་དཀར་མཛེས་ཁུལ་གྱི་དར་མའི་སྐྱེས་པའི་ལས་ཞོར་རྐང་རྩེད་འགྲན་བསྡུར་གྱི་ཨང་དང་པོ་ལེན་མཁན་དེ་ཡིན་ཞིང། རུ་མི་ཚོས་རྐང་རྩེད་སྤོ་ལོ་བརྒྱུད་ནས་མཛའ་གྲོགས་ཟབ་ཏུ་དང་སྤྲོ་སྣང་འཕེལ་བར་བྱེད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།
          “ང་ཚོས་གློག་བརྙན《ཧྲའོ་ལིན་རྐང་རྩེད་སྤོ་ལོའི》ནང་འཁྲབ་སྟོན་བྱས་པ་ལྟར། སྤོ་ལོ་རུ་ཁག་གི་རོགས་ཟླ་ཚང་མ་མཉམ་དུ་འཚོལ་བཞིན་ཡོད”ཅེས་དཀར་མཛེས་རྫོང་རུ་ཁག་གི་རུ་མི་ཨང་11པ་སྐལ་བཟང་དབང་རྒྱལ་གྱིས་གད་མོ་དགོད་བཞིན་བཤད།
          འདི་ལོའི་མཉམ་འབྲེལ་འགྲན་བསྡུར་འགོ་མ་བཙུགས་གོང་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཡིན་ཞིང། འབྲོག་ཁུལ་གྱི་གཞོན་ནུ་མང་པོ་རིར་འཛེགས་ལ། དཀར་མཛེས་རྫོང་རུ་ཁག་གི་གཙོ་ཤུགས་རུ་མི་གཉིས་ཏེ་མདུན་བདར་བ་ཀརྨ་ཚེ་སྐྱབས་དང་སྒོ་སྲུང་བ་ཚེ་མོ་རྒྱལ་མཚན་ཡང་དེའི་ནང་ཡོད་པ་རེད།
          ཀརྨ་ཚེ་སྐྱབས་ལ་རུ་མིའི་ཁ་པར་འབྱོར་སྐབས་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བཞིན་ཡོད་ཅིང་། ཁོང་གིས་སྤོ་ལོ་རྒྱག་འདོད་ཀྱི་བསམ་པ་གནོན་མི་ཐུབ་ཀྱང་འབུ་བརྐོ་མཚམས་བཞག་ནས་རུ་ཁག་ཏུ་ལོག་ཐབས་བྲལ། “དབྱར་རྩྭ་དགུན་འབུ་ནི་ཁྱིམ་ཚང་གི་ཡོང་འབབ་གཙོ་བོ་ཡིན་པས་ངས་པ་ཕར་ཇི་ལྟར་ཤོད་དགོས་སམ” མཐར་ཁོང་གིས་རུ་མི་ཚོར་ཁོང་གི་པ་ཕར་ཞུ་བ་འཐེན་དུ་བཅུག་ཡོད།
          ཚེ་མོ་རྒྱལ་མཚན་ལ་རུ་གྲོགས་ཀྱི་ཁ་པར་འབྱོར་སྐབས་ཀྱང་དབྱར་རྩྭ་དགུན་འབུ་བརྐོ་བཞིན་ཡོད། གནས་ཚུལ་ཤེས་རྗེས་ཁོང་གི་སེམས་པ་སྤོ་ལོའི་ཐང་ལ་ཕྱོགས་ཤིང་། “ཕ་མས་ང་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་པ་ཤེས་ཀྱི་རེད་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་རེད”ཅེས་ཚེ་མོ་རྒྱལ་མཚན་གྱིས་ཁྱིམ་མི་ཚོར་འགྲན་བསྡུར་མཇུག་འགྲིལ་རྗེས་འཕྲལ་མར་ཁྱིམ་དུ་ལོག་ནས་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་རྒྱུའི་ཁས་བླངས།
          སྐལ་བཟང་དབང་རྒྱལ་གྱིས་རུ་མི་ཚོ་འགྲན་བསྡུར་ལ་ཞུགས་པ་བརྒྱུད་གྲོགས་པོ་ཡག་པོར་གྱུར་ཡོད། “དགའ་ཞེན་ཡོད་པའི་དབང་གིས་སྤྲོ་སྣང་འཕེལ་བ་དང་། མཛའ་མཐུན་ཟབ་མོ་ཡོད་པའི་དབང་གིས་གྲོས་གཅིག་མཐུན་བྱུང་ཡོད། དེ་ནི་ང་ཚོའི་རུ་ཁག་ལ་ན་ནིང་རྒྱལ་ཁབ་ཐོབ་པའི་རྒྱུ་རྐྱེན་ཡིན”ཞེས་བརྗོད་པ་རེད།
          ཅང་ཤིས་ནས་སི་ཁྲོན་བོད་རིགས་ས་ཁུལ་དུ་ཚོང་རྒྱག་པར་ཡོང་བའི་ལུའུ་ཞའོ་མིང་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་པའི་རྐྱེན་གྱིས་ས་གནས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྟག་ཏུ་གཏེར་ཆུ་དང་འཐུང་བྱ་སོགས་མཁོ་འདོན་བྱེད་ཀྱི་ཡོད། “སྐབས་རེ་ང་ཚོས་ཀྱང་རྐང་རྩེད་སྤོ་ལོ་རྒྱག་པ་མ་ཟད། ཕན་ཚུན་འགྲན་བསྡུར་བྱེད་ཀྱི་ཡོད་ལ། ཁོང་ཚོའི་གཟུགས་པོ་ང་ཚོ་ལས་ཡག་པོ་ཡོད”ཅེས་ལུའུ་ཞའོ་མིང་གིས་བརྗོད་ཅིང་། ཁོང་གིས་རྐང་རྩེད་སྤོ་ལོ་རྒྱག་སྐབས་ཚོགས་པའི་སྙིང་སྟོབས་ལ་དོ་སྣང་བྱེད་དགོས། རྐང་རྩེད་སྤོ་ལོ་བརྒྱབ་པ་བརྒྱུད་ཚང་མས་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་ཆེ་རུ་ཕྱིན་པ་མ་ཟད་སེམས་ཁམས་ཀྱི་བར་ཐག་ཀྱང་ཉེ་རུ་སོང་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། རིན་སྒྲོལ།