ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

འགོ་བ་བྱ་རྒོད་སྟོབས་ལྡན་ཀྱིས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པར་སྟོབས་ཤུགས་ཕུལ་བ།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 1950ལོར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པ་སི་ཁྲོན་ནས་བོད་དུ་བསྐྱོད་པ་སྟེ། དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་རིང་སི་ཁྲོན་ནས་བོད་ལྗོངས་བར་དཀའ་ཚེགས་ཆེན་པོས་དཔུང་སྐྱོད་བྱས་པ་དང་། གངས་ལྗོངས་ས་མཐོར་མི་རྣམས་མིག་ཆུ་ཤོར་བ་དང་བསྐལ་བརྒྱར་མི་ནུབ་པའི་ལེའུ་ཞིག་བརྩམས་ཡོད། དཔུང་སྐྱོད་བྱེད་རིང་། སྐབས་དེ་དུས་ཤིས་ཁམས་ཞིང་ཆེན་གྱི་འགོ་པ་མང་པོ་དང་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རོགས་རམ་བྱས་ཏེ་བོད་དུ་དཔུང་སྐྱོད་དང་བོད་བཅིངས་འགྲོལ་གཏོང་བའི་རླབས་ཆེན་གྱི་གྲུབ་འབྲས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། སྐབས་དེ་དུས་ཁམས་བྱང་གི་མགོ་ཆེན་བྱ་རྒོད་སྟོབས་ལྡན་ནི་དེའི་ནང་གི་འགག་རྩའི་གྲས་ཤིག་རེད། 
བྱ་རྒོད་སྟོབས་ལྡན།
           དམར་དམག་དང་ལས་འབྲེལ་བཙུགས་པ།
           1936ལོའི་དཔྱིད་ཀར། དམར་དམག་རྟའུ་དང་བྲག་མགོ་དང་དཀར་མཛེས་ས་ཁུལ་དུ་འབྱོར་སྐབས།  སྐབས་དེར་དམར་དམག་སྡེ་སུམ་ཅུ་པའི་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་པའི་ལི་ཞན་ཉན་གྱིས་དངོས་སུ་བྱ་རྒོད་སྟོབས་ལྡན་དང་གླེང་མོལ་བྱས་ཤིང་། དམར་དམག་གི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ཡིས་ཀྱང་ཁོང་ལ་མཇལ་འཕྲད་གནང་ནས། གུང་ཁྲན་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས། ཆབ་སྲིད་ཀྱི་འདོད་ཚུལ་བཅས་དང་། དམར་དམག་བྱང་ཕྱོགས་སུ་སོང་ནས་འཇར་འགོག་བྱེད་པའི་དམིགས་ཡུལ་དང་དོན་སྙིང་ངོ་སྤྲོད་བྱས། ཁོང་ཚོའི་ངང་རྒྱུད་རིང་པོའི་སློབ་གསོའི་འོག་བྱ་རྒོད་སྟོབས་ལྡན་གྱིས་དམར་དམག་ལ་རྒྱུས་མངའ་ངེས་ཅན་ཞིག་བྱུང་ཡོད།
           1935ལོར་དམར་དམག་རྒྱང་སྐྱོད་བྱེད་སྐབས་དཀར་མཛེས་བརྒྱུད་རྗེས་དཀར་མཛེས་རྫོང་གི་བོད་པའི་སྲིད་གཞུང་དང་། བེ་རི། རོང་པ་ཚྭ། ཁང་གསར་ས་ཁུལ་གྱི་བོད་པའི་སྲིད་གཞུང་བཅས་བཙུགས་པ་རེད། འདི་ནི་སྐབས་དེའི་དཀར་མཛེས་རྫོང་གྲོང་ཁྱེར་ཡིན། 
           1936ལོའི་ཟླ་5པར་བོད་པ་སྲིད་གཞུང་དཀར་མཛེས་སུ་བཙུགས་སྐབས་བྱ་རྒོད་སྟོབས་ལྡན་དམག་དོན་པུའུ་པུའུ་ཀྲང་ལ་བདམས་པ་རེད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམར་དམག་བྱང་ཕྱོགས་སུ་བསྐྱོད་པར་རྒྱབ་སྐྱོར་ཧུར་ཐག་གནང་བ་དང་། རྨས་མ་དང་ནད་པ་བཀོད་སྒྲིག་བྱེད་རོགས་བྱས་པ་ཕུད། ད་དུང་དམར་དམག་གི་འཐབ་འཛིང་པར་རོགས་རམ་བྱས་པ་མ་ཟད། གུང་ཁྲན་ཏང་ཡོན་ལ་རོགས་རམ་བྱས་ཏེ་དགོས་མཁོ་ཆེ་བའི་འབྲུ་རིགས་བསྡུ་བ་དང་དེ་བཞིན་བ་གླང་དང་རྟ་སོགས་བསྡུས་ནས་ཁལ་ཕྱུགས་སྐྱེལ་འདྲེན་བྱས་ཡོད། དམར་དམག་དཀར་མཛེས་ནས་ཁ་བྲལ་སྐབས་ཁོང་གིས་ད་དུང་དམར་དམག་ལ་འབྲི་གཡག་400ལྷག་ཙམ་དང་རྟ་100ལྷག་ཙམ་ཕུལ་ནས་རོགས་སྐྱོར་བྱས་པ་མ་ཟད། མི་མངགས་ནས་དམར་དམག་ལ་ལམ་ཁྲིད་པ་དང་སྐད་སྒྱུར་བྱས་པ་རེད། ཁོང་གིས་གུང་ཁྲན་ཏང་མི་དང་འབྲེལ་བ་དམ་ཟབ་བཙུགས་པ་དང་དེ་བཞིན་ཁོང་ལ་གུང་ཁྲན་ཏང་མི་དང་ཁམས་པའི་དབར་གྱི་འབྲེལ་བར་བར་འདུམ་བྱེད་པའི་ནུས་པ་ལྡན་པས་ཁོང་གི་སྙན་གྲགས་ཆེ་རུ་ཕྱིན་ཡོད། 
           བོད་སྐྱོད་ལམ་ཐིག་གི་གདམ་ག
           1950ལོའི་ལོ་འགོར་མའོ་ཙེ་ཏུང་གིས་བོད་ལྗོངས་བཅིངས་འགྲོལ་གཏོང་བའི་ལས་འགན་ལྷོ་ནུབ་ཅུས་ལ་སྤྲད། བོད་དུ་དཔུང་སྐྱོད་བྱས་ནས་བཅིངས་འགྲོལ་གཏོང་བར་ངེས་པར་དུ་མི་ཤུགས་དང་དངོས་ཤུགས་ཀྱིས་འདེགས་སྐྱོར་འདང་ངེས་བྱེད་དགོས་པ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ནི་རྒྱལ་ཁའི་འགན་ལེན་ཡིན་ཞིང་། གཞུང་ལམ་སྐྱེལ་འདྲེན་དང་ལམ་བཟོ་བར་འགན་ལེན་བྱེད་དགོས། སི་ཁྲོན་བོད་རིགས་ས་ཁུལ་ནི་ས་བབ་མཐོ་བའི་ས་ཁུལ་ཞིག་ཡིན་ཞིང་། རི་མཐོ་ལ་གཡང་གཟར་བ་དང་ལམ་བཟོ་བར་དཀའ་ངལ་ཡོད་པས། བཟོ་བཅོས་མ་བྱས་གོང་སྐྱེལ་འདྲེན་དངོས་ཟོག་རྣམས་ཕྲག་ཐོག་དབོར་འདྲེན་བྱེད་དགོས་པ་དང་དཔུང་སྡེའི་ཐག་རིང་དམག་དཔུང་ལ་མཁོ་བའི་འབྲུ་རིགས་ཀྱང་རང་སར་ཐག་གཅོད་བྱེད་དགོས་པས་དེ་དག་ཚང་མར་མང་ཚོགས་སྒྲིག་འཛུགས་བྱས་ནས་རོགས་རམ་མཁོ་འདོན་བྱེད་དགོས། 
དམར་དམག་རྒྱང་བསྐྱོད་སྐབས་ཀྱི་དཀར་མཛེས་རོང་པ་ཚྭའི་རྣམ་པ།
           ལོ་རྒྱུས་ཐོག་དར་རྩེ་མདོ་ནས་བོད་དུ་སྐྱོད་སྐབས་ལྷོ་བྱང་གཉིས་ཀྱི་ལམ་ཡོད་པ་སྟེ། ཉག་ཆུ་དང་། ལི་ཐང་། འབའ་ཐང་བཅས་བརྒྱུད་པ་ནི་ལྷོ་ལམ་ཡིན་པ་དང་བར་ཐག་ཅུང་ཐུང་མོད། འོན་ཀྱང་གྱེན་ངོས་ནས་ཐུར་ངོས་སུ་ས་བབ་ལ་འགྱུར་ལྡོག་ཆེ་བ་དང་། ལམ་རྒྱུད་ཀྱི་ས་གནས་སྟོབས་ཤུགས་མང་བ། བདེ་འཇགས་འགན་ལེན་བྱེད་དཀའ་བ་བཅས་ཡིན་པས་ངེས་པར་དུ་དུམ་བུར་དབྱེ་ནས་སྐྱེལ་འདྲེན་ཐེངས་མང་བྱེད་དགོས། རྟའུ་དང་། བྲག་གོ  དཀར་མཛེས། སྡེ་དགེ་བཅས་དང་དེ་བཞིན་འདན་ཁོག་ནས་བོད་དུ་བསྐྱོད་པ་ནི་བྱང་ལམ་ཡིན་པ་དང་། བར་ཐག་རིང་བ་དང་ས་བབ་མཐོ་བ། གཟར་ཚད་བལྟོས་བཅས་ཀྱིས་ཞི་ལྷོད་དུ་སོང་ཡོད། 
           1936ལོའི་ཟླ་6པའི་ཚེས་14ཉིན། དམར་དམག་དཔུང་ཚོགས་དྲུག་པ་ཕྱག་ཕྲེང་དུ་འབྱོར་ཞིང་། བསམ་འཕེལ་དགོན་པའི་སེར་སྐྱ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་དང་སྣེ་ལེན་བྱས་པ་མ་ཟད། དམར་དམག་ལ་འབྲུ་རིགས་འབོར་ཆེན་གྲབས་གསོག་བྱས། 
           བྱ་རྒོད་སྟོབས་ལྡན་ནི་ཁམས་བྱང་གི་འགོ་བ་ཆེན་པོ་ཞིག་ཡིན་ཞིང་། སྡེ་དགེ་དང་། དཔལ་ཡུལ། འདན་ཁོག་དང་སེར་ཤུལ་བཅས་རྫོང་བཞི་ལ་ཚོད་འཛིན་བྱས་པས་དཀར་མཛེས་དང་བྲག་མགོ་སོགས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གལ་ཆེ་ཤོས་ནི་སྡེ་དགེ་དང་འདན་ཁོག་གཉིས་བོད་ལྗོངས་དང་ཆུ་བོའི་ཕར་ངོགས་ཚུར་ངོགས་ཡིན་པས་ཆབ་མདོར་དཔུང་སྐྱོད་བྱེད་པའི་འགག་རྩ་ཡིན་ལ། གཡུལ་སའི་དངོས་རྫས་འཛོམས་ས་ཡང་ཡིན། བྱ་རྒོད་སྟོབས་ལྡན་གྱིས་ཏང་ལ་བརྩི་བཀུར་དང་བཅིངས་འགྲོལ་དམག་ལ་དགའ་བསུ་ཞུས་ནས་མངའ་འོག་གི་མི་དང་དམངས་ཚོགས་ཀྱི་བློ་ཕྱོགས་གཏད་མིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། བདེ་འཇགས་བརྟན་ལྷིང་དང་སྐྱེལ་འདྲེན་བདེ་བླག་ཡོང་བར་འགན་ལེན་བྱེད་ཐུབ། བཅིངས་འགྲོལ་དམག་ས་ཆ་དེ་གར་འཛོམས་ནས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཐུབ་པ་དང་བདེ་བླག་ངང་དཔུང་སྐྱོད་ཐུབ་སྟབས་བོད་དུ་དཔུང་སྐྱོད་བྱེད་པའི་ལམ་ཐིག་དེ་བྱང་ངོས་ཀྱི་ལམ་བུ་འདེམས་རྒྱུ་གཙོ་བོར་བྱས་པ་དེ་བྱ་རྒོད་སྟོབས་ལྡན་སོགས་ཀྱི་ཆབ་སྲིད་ཀྱི་ལང་ཕྱོགས་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། (པར་རིས་ཚང་མ་དཀར་མཛེས་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་ནས་བསྐྱར་པར་བརྒྱབ་པ་ཡིན་ལ། དཔྱད་ཡིག་ཁག་གཅིག《དམར་དམག་དཀར་མཛེས་བོད་རིགས་ས་ཁུལ་དུ་རྒྱང་བསྐྱོད་བྱས་པ》དང《ཏེང་ཞའོ་ཕིང་གི་ལོ་ཐོ》དང་། 《དམག་སྡེ་བཅོ་བརྒྱད་པའི་སྔོན་སྐྱོད་མྱུལ་ཞིབ་ཚན་པ་བོད་དུ་བསྐྱོད་པའི་དངོས་བྲིས》《ལྷོ་ནུབ་མི་རིགས་ལས་དོན་གྱི་དཔྱད་གཞིའི་ཡིག་ཆ》སོགས་ལས་དྲངས་པ་ཡིན།)