ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་ཁྱབ་སྒྲོག་ཉིན་མོའི་བྱ་འགུལ་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད11སྟེང་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་བསྡུས་ཤིང་། ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས། མི་དམངས་ཁྲིམས་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན། སྨན་རྫས་ལས་རིགས། སློབ་གསོ་ལས་ཁུངས། དངུལ་ཁང་ལས་ཁུངས། ཚོང་རའི་ལས་ཁུངས་སོགས་དང་། ཁུལ་སོ་སོ་ཡིས་རང་རང་གི་འགྲེམ་ཁུལ་དུ་ནག་འཇོམས་ངན་སེལ་གྱི་དགོངས་དོན་འགྲེམ་སྟོན་དང་། དྲིལ་སྒྲོག  འགྲེལ་བཤད་བྱས་ཤིང་། ལྷག་པར་དུ་ནག་འཇོམས་ངན་སེལ་སྤེལ་བའི་རིང་གི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དག་རྒྱ་ཆེའི་མི་དམངས་ཀྱི་མདུན་དུ་བསྟར་ནས། མང་ཚོགས་ལ་ནག་འཇོམས་ངན་སེལ་གྱི་ངོ་བོ་མཐོང་དུ་བཅུག་ལ། རྒྱལ་ཁྲིམས་བཙན་པོའི་དབང་ཟིལ་རྟོགས་སུ་བཅུག་ནས། དམངས་སེམས་བདེ་ལ་འགོད་པ་དང་། སྤྱི་ཚོགས་ཡར་རྒྱས་ཡོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་བར་བདུད་རྩི་སྨན་གྱི་མཆོད་པ་འབུལ་བཞིན་འདུག
             ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་ཡོང་ནས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བ་དེས། ཏང་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་སྐུལ་སྤེལ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་ལ།  ཆབ་སྲིད་ཀྱི་ལངས་གནས་དང་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གནད་དོན་གྱི་གཏིང་སྔོག་ནས་རྩད་གཅོད་མཐར་ཕྱིན་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དང་འགོ་ཁྲིད་རྩ་འཛུགས་སོགས་དཀྱིལ་སྙིང་དུ་བཟུང་ནས། གནད་དོན་ཁ་ཕྱོགས་དང་གནད་དོན་རྩད་ཆོད་པ། གནད་དོན་དམིགས་སར་འཛིན་པ། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ལྟ་སྐུལ་གྱི་ཞོར་དུ་བཅོས་སྒྱུར་བྱས་ཏེ། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་པ་ནི། ང་ཚོའི་བྱ་བར་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་ཤིག་དང་བརྟག་དཔྱད་གསོ་བཅོས་ཐེངས་ཤིག་བྱས་པ་ཡིན། 
             ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བྱ་བར་རང་རྟོགས་སྒོས་དང་ལེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པར་མ་ཟད། བྱ་བ་འདི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་དངོས་ཡོད་ཚད་ལེན་ལྟ་བུར་བརྩིས་ནས། ནག་འཇོམས་ངན་སེལ་འདི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས་འཆར་འགོད་སྐུལ་འདེད་བཏང་བ་དང་། ངན་ནག་སྟོབས་ཤུགས་གཙང་སེལ་བྱ་བར་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ། སྤྱི་ཚོགས་ཀྱི་སྲོལ་བཟང་པོ་བསྐྲུན་པ་དང་། ཆབ་སྲིད་ཀྱི་འཚོ་བ་ཇེ་གཙང་དུ་གཏོང་བ། ཏང་སེམས་དང་དམངས་སེམས་ལོན་པར་བྱས་ནས། སྲིད་སྐྱོང་གི་རྩ་བ་སྲ་བརྟན་དུ་གཏོང་བར་ལག་ལེན་མཐར་ཕྱིན་བྱས། 
             ནག་འཇོམས་ངན་སེལ་ནི་མཁྲེགས་གཏོར་འཐབ་རྩོད་ཐེངས་ཤིག་ཡིན་ལ། ཡུན་རིང་གི་འཐབ་རྩོད་ཐེངས་ཤིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་ཁྲིམས་སྐྱོང་གི་དབང་ཟིལ་གང་ལེགས་སྒོས་མཚོན་པར་བྱས་ལ།  ཐོག་མཐའ་བར་གསུམ་དུ་ནག་འཇོམས་ངན་སེལ་གྱི་མཐོ་གནོན་རྣམ་པ་སྲུང་འཛིན་བྱས་ཏེ། དམིགས་ཡུལ་མ་འགྲུབ་བར་དུ་གཏན་ནས་མཚམས་མི་འཇོག་པ་བྱེད་བཞིན་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ནག་ཚོགས་དང་སྲོལ་ངན་ལ་གཏོགས་པའི་གནད་དོན་བཅོས་སྐྱོང་བྱེད་པ་ནུས་ལྡན་མིན་པ་དང་། མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་མི་འདང་བ་དང་མཁྲེགས་གཏོར་བྱེད་ཐུབ་མེད་པའི་གནད་སའི་ས་ཁུལ་གཙོ་བོ་དང་གྱོད་གཞི་གཙོ་བོ། གནད་དོན་གཙོ་བོ་བཅས་ལ་གཅིག་བསྡུས་ཀྱིས་མཁྲེགས་གཏོར་བྱེད་བཞིན། ནག་འཇོམས་ངན་སེལ་སྤེལ་སྐབས་མཐོང་ཆེན་བྱེད་པ་མི་འདང་བ་དང་། བྱ་བ་ནུས་ལྡན་མིན་པ། ཕན་འབྲས་མི་མཐོ་བ་བཅས་ཀྱི་ས་ཁུལ་དང་སྡེ་ཁག་གིས་འབྲེལ་ཡོད་གཏན་ཁེལ་ལྟར་འགན་འཁྲི་ཁག་ཁུར་བྱས་ཏེ། བྱ་བའི་སྒྲིག་ཁྲིམས་གཟབ་ནན་བཏང་ཞིང་། རྩད་ཆོད་པའི་གྱོད་གཞིར་ཁུངས་སྣེ་ལྟར་གཏིང་སྔོག་བྱས་ཏེ། ངན་ནག་སྟོབས་ཤུགས་ཀྱི་འབྱུང་ཁུངས་རྩ་བ་ནས་མེད་པར་བཟོ་བར་འབད་འབུངས་བླ་ན་མེད་པ་བྱས་པས། ད་ལྟ་སྤྱི་ཚོགས་སྟེང་གི་ནག་ཚོགས་དང་ཡུལ་གྱི་གཤེད་མ་སོགས་ཐར་བའི་ལམ་སྣ་མ་ཟིན་པར། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འོག་ཏུ་ལྷུང་ཞིང་། དྲང་བདེན་རྒྱ་མས་ཚད་ཀྱིས་བཅལ་ཏེ་ཁྲིམས་ལ་སྦྱར་དང་སྦྱོར་བཞིན་ཡོད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ནག་འཇོམས་ངན་སེལ་གྱི་བྱ་འགུལ་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཡོད།


རྩོམ་སྒྲིག་པ། སངས་སྐྱབས།