ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

​དཀར་མཛེས་གེ་སར་གནམ་ཐང་དུ་གནམ་གྲུ་ཚོད་འཕུར་ལེགས་གྲུབ་བྱུང་བ།

སྤེལ་དུས 2019-06-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་ཞོགས་པའི་ཆུ་ཚོད6དང་སྐར་མ53ཐོག  འགྲུལ་སྐྱེལ་གནམ་གྲུA319དཀར་མཛེས་གེ་སར་གནམ་ཐང་དུ་བདེ་ལེགས་ངང་བབས་ཤིང་།  དེས་གེ་སར་གནམ་ཐང་དུ་གནམ་གྲུ་ཚོད་འཕུར་ལེགས་གྲུབ་བྱུང་བ་མཚོན་ཡོད།  གེ་སར་གནམ་གྲུ་ཐང་ནི2016ལོའི་ཟླ4པའི་ཚེས18ཉིན་ལས་གཞི་ཆ་ཚང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཞིང་། རྒྱུན་ལོན་བྱུང་བ་ལྟར་ན།  ད་ལོའི་ཟླ8པར་འཛུགས་སྐྲུན་ཡོངས་རྫོགས་ལེགས་འགྲུབ་བྱུང་ནས།  ཟླ9པའི་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།
            དཀར་མཛེས་གེ་སར་གནམ་གྲུ་ཐང་ལ་མཚོ་འཕགས་སྨི4068ཡོད་ཅིང་། དཀར་མཛེས་རྫོང་མཁར་དང་བར་ཐག་སྤྱི་ལེ52དང་། སྡེ་དགེ་རྫོང་མཁར་དང་བར་ཐག་སྤྱི་ལེ150ཙམ་ཡོད། གནམ་གྲུ་ཐང་གི་འཛུགས་སྐྲུན་གྱི་གཞི་ཁྱོན་ནིCབཞི་རིམ་པའི་འཕུར་སྐྱོད་ཁུལ་ཡིན་པ་དང་། གནམ་གྲུའི་རྒྱུག་ལམ་ལ་རིང་ཚད་སྨི4000དང་ཞེང་ལ་སྨི45ཡོད་པ་རེད། མཁའ་འགྲུལ་ས་ཚུགས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ཡོད་པ་དང་། གནམ་གྲུ་འཇོག་སCརིམ་པ་ཅན4ཡོད་པ་རེད། ལེ་ལག་ཚང་སྒྲིག་གི་འཛུགས་སྐྲུན་ཐད་མཁའ་འགྲུལ་དོ་དམ་དང་སྣུམ་མཁོ་འདོན། མེ་གསོད་མྱུར་སྐྱོབ་དང་དེ་བཞིན་ཐུན་མོང་གི་ཆ་ཚང་སྒྲིག་བཀོད་སོགས་ཡོད་ཅིང་།  ཚོད་རྩིས་བྱས་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར24.25ཙམ་གཏང་རྒྱུ་རེད།


            གེ་སར་གནམ་གྲུ་ཐང་བསྐྲུན་ཚར་རྗེས། དཀར་མཛེས་ཁུལ་ལ་དེ་སྔོན་བསྐྲུན་ཟིན་པའི་དར་མདོའི་གནམ་གྲུ་ཐང་དང་འདབ་པའི་ཉི་སྟེང་གནམ་གྲུ་ཐང་བཅས་བསྡོམས་པས་གནམ་གྲུ་ཐང་གསུམ་ཡོད་པས། དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མར་འགྱུར་རྒྱུ་རེད།
            གེ་སར་གནམ་གྲུ་ཐང་བསྐྲུན་ཚར་རྗེས། ཡུལ་སྐོར་བ་རྣམས་ཁྲེན་ཏུའུ་ནས་དཀར་མཛེས་རྫོང་བར་དུ་ཆུ་ཚོད་བདུན་གྱི་ལམ་ཐག་དེ་ཆུ་ཚོད་གཅིག་ལ་འགྱུར་རྒྱུ་དང་། སྡེ་དགེ་པར་ཁང་དུ་ཆུ་ཚོད་དགུའི་ལམ་ཐག་དེའང་ཆུ་ཚོད་བཞི་རུ་འགྱུར་རྒྱུ་རེད། ཉེ་འགྲམ་གྱི་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་། དེ་མིན་གསེར་རྟ་རྫོང་དང་སེར་ཤུལ་རྫོང་། ཉག་རོང་རྫོང་དང་དཔལ་ཡུལ་རྫོང་། རྟའུ་རྫོང་བཅས་སུ་ཕྱིན་པར་ཆུ་ཚོད5ལས་མི་དགོས། 



རྩོམ་སྒྲིག་པ། སངས་སྐྱབས།