ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

[བཀྲ་ཤིས་པའི་བདེ་ཆེན། བདེ་ཐང་གི་ཀྲུང་གོ] “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱིས་ཀླད་སྐྱོན་ཕོག་པའི་བྱིས་པར་བདེ་ཐང་སླར་གསོ་བྱས་པ་རེད།

སྤེལ་དུས 2019-07-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་7ཉིན་གྱི་མཚན་མོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གིས་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཏུང་ཀྲི་མོན་སྨན་ཁང་རུས་ནད་ཚན་ཁག་གི་དགེ་རྒན་ཆེན་མོ་ཞུས་ལིན་གྱིས་སྣེ་ཁྲིད་པའི་ཆེད་མཁས་ཚོགས་པར་སྣེ་ལེན་བྱས་ཤིང་། ཆེད་མཁས་ཚོགས་པས་གཟའ་འཁོར་གཅིག་གི་དུས་ཡུན་ནང་“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་བདེ་ཆེན་ཁུལ་གྱི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་དང་ལྷན་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སོགས་སུ་སྐོར་སྐྱོད་སྨན་བཅོས་དང་ཀླད་སྐྱོན་ཅན་འདེམས་བཤེར་སོགས་བྱེད་པའི་བྱ་འགུལ་སྤེལ།
པར་འདི་ནི་ཟླ་7པའི་ཚེས་7ཉིན་གྱི་དགོང་མོར་ཞུས་ལིན་སྨན་བཅོས་ཚོགས་པས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་ཀླད་སྐྱོན་ནད་པར་འདེམས་བཤེར་བྱེད་བཞིན་པ་ཡིན།
             དུས་ཚོད་ཀྱི་བྲེལ་བས་སྨན་པ་རྣམས་ས་བབ་མཐོ་ཚད་ལ་སྨི་3300ཡོད་པའི་ས་མཐོའི་ཁོར་ཡུག་དང་འཕྲོད་ལོང་མེད་པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སླེབས་པའི་དགོང་མོ་དེར་དེ་མ་ཐག་མགོ་བོ་ན་བ་དང་སྐྱུག་མེར་ལངས་པ་སོགས་བཟོད་བསྲན་སྒོས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བསྐྱོད། འདེམས་བཤེར་བྱས་པ་བརྒྱུད་ནད་ཕོག་པའི་བྱིས་པ་བཞི་ལ་གཤགས་བཅོས་བྱ་རྒྱུ་ཐག་བཅད་ཅིང་། དེ་ལས་ཆེས་ཆུང་བ་ལོ་དྲུག་ཡིན།
             ཕྱི་ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འོས་འགན་སྨན་བཅོས་བྱས་པའི་བྱེད་སྒོའི་ཁྲོད། ཨ་མ་ཞིག་གིས་རུས་ནད་ཚན་ཁག་གི་ནད་དཔྱད་སྟེགས་བུའི་མདུན་དུ་བྱིས་པ་ཆུང་ཆུང་དེའི་ནད་ལ་བརྟག་དཔྱད་བྱས་པའི་ཆེད་མཁས་པ་མུའུ་ཞའོ་ཧུང་གི་སྐད་ཆ་ལ་ཉན་རྗེས། ཡུན་རིང་ཞིག་ལ་ཅི་ཡང་མི་སྨྲ་བར་བསྡད། མ་གཞི་སྔ་ཉིན་དགོང་མོར་བུ་མཚེ་མ་ལས་ཕུ་བོར་འདེམས་བཤེར་བྱས་ནས་ཀླད་སྐྱོན་གྱི་ནད་ཡིན་པས་མྱུར་དུ་གཤགས་བཅོས་བྱས་པ་ལ། ད་ལྟ་ནུ་བོར་ཡང་དེ་དང་འདྲ་བའི་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་བས་དེ་ལྟར་སེམས་སྡུག་གིས་མནར་བ་རེད། 
             “ཀླད་སྐྱོན་ཕོག་པའི་བྱིས་པར་གཤགས་བཅོས་བྱེད་པའི་དུས་ཚོད་ཆེས་ལེགས་ཤོས་ནི་ལོ་གསུམ་ནས་དྲུག་གི་བར་ཡིན་པ་དང་བྱིས་པ་དེ་ལོ་བཅུ་བཞིར་སླེབས་འདུག  བྱིས་པ་འདི་འགུལ་བསྐྱོད་བྱ་ཆོག་མོད། འོན་ཀྱང་གོམ་པ་སྤོ་སྟངས་ཧ་ཅང་ཞན་ལ་སྐས་ཐོག་ཏུ་འགྲོ་བར་ཁག་དཀའ་ཡོད། གཤགས་བཅོས་ཀྱི་ཕྱོགས་སྟོན་གསལ་བོ་ཡོད། བྱིས་པའི་ལུས་ཕུང་བཟང་བས་ཕྱི་ནད་གཤགས་བཅོས་དང་། གཤགས་བཅོས་བྱས་རྗེས་ལུས་གསོ་སྦྱོང་བརྡར་བྱེད་པ་ལ་ཕན་འབྲས་ཐོན་ངེས་རེད།” སྨན་པ་མུའུ་ཞའོ་ཧུང་གིས་དེ་ལྟར་ཨ་མ་དེར་བྱིས་པའི་ནད་གཞི་དང་མ་འོངས་འབྱུང་འགྱུར་གྱི་གནས་ཚུལ་འགྲེལ་བཤད་རྒྱག་ཞོར་ཁོ་མོའི་གམ་ནས་ངང་རྒྱུད་རིང་པོས་སེམས་གསོ་བྱས། “ཐེངས་འདིའི་འོས་འགན་སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་ཁྱིམ་ནས་གཏོང་མི་དགོས་པ་མ་ཟད། གཤགས་བཅོས་བྱས་རྗེས་བྱིས་པ་མྱུར་དུ་དྲག་སྐྱེད་ཡོང་བས་སླར་ཕྱིན་ཕ་མར་དཀའ་ཚེགས་གཏད་ནས་བདག་སྐྱོང་བྱ་མི་དགོས། དེ་ལྟར་བྱས་ན་ཁྱེད་ཚང་གི་ཁུར་བོ་ཡང་དུ་འགྲོ་སྲིད། མིག་སྔར་ང་ཚོ་ཚོགས་པའི་སྨན་བཅོས་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་པས། ཁྱེད་ཀྱིས་སེམས་བདེ་མོ་བྱ་ཆོག་”ཅེས་སྨན་པ་མུའུ་ཞའོ་ཧུང་གི་འགྲེལ་བཤད་ལ་ཉན་རྗེས། ཨ་མ་དེ་མྱུར་དུ་བློ་དོགས་སངས་པ་དང་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་སྒྲུབ་ཚུལ་དྲིས། “འདི་འདྲའི་ཆེད་མཁས་པ་ཞིག་དང་འཕྲད་པ་དངོས་ནས་གོ་སྐབས་ཡག་པོ་རེད། འདི་ནི་བྱིས་པ་ཚོའི་གོ་སྐབས་ཀྱང་ཅི་ལ་མིན། ངེད་ཚང་གི་བསོད་ནམས་ཀྱང་རེད།”ཅེས་བཀའ་དྲིན་ཆེ་ཞུས། 
རི་མོ་ནི་སྨན་པ་མུའུ་ཞའོ་ཧུང་གིས་འོས་འགན་སྨན་བཅོས་ཀྱི་ཡུལ་དངོས་ནས་ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་བྱེད་བཞིན་པའི་ཚུལ།
             ས་བབ་མཐོ་བའི་ས་ཁུལ་དུ་མཁའ་རླུང་ཉུང་བ་དང་གསོ་རླུང་འདུས་ཚད་དམའ་བས། བདེ་ཐང་ས་ཁུལ་དུ་འཚོ་བ་སྐྱེལ་རྒྱུར་གོམས་པའི་སྨན་པ་ཚོར་རྟག་ཏུ་ས་མཐོས་བསླངས་པའི་གཟུགས་པོ་མི་བདེ་བ་སོགས་བྱུང་ནའང་དེ་དག་ཁྱད་དུ་བསད་བྱས་ནས་གཤགས་བཅོས་བྱས། ལོ་འདི་དག་གི་རིང་ལ་“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད“ཅེས་པའི་བྱེད་སྒོའི་ནང་ཞུགས་པའི་ཉམས་མྱོང་ཕྱིར་དྲན་བྱེད་སྐབས། མུའུ་ཞའོ་ཧུང་གིས“ལག་རྩལ་བྱང་ཆུབ་ཀྱང་གཤགས་བཅོས་ཐེངས་རེར་ཆུ་ཚོད་1ཙམ་བྱེད་དགོས་པ་མ་ཟད། ཐ་ན་གསོ་རླུང་རྔུབ་ནས་གཤགས་བཅོས་བྱེད་པའི་གནས་ཚུལ་ཐོན་སྲིད་པས་ང་ཚོའི་ལུས་ཤུགས་དང་སྙིང་སྟོབས་ལའང་ཚོད་བགམ་ཆེན་པོ་བྱེད་ཀྱིན་ཡོད། ”
པར་འདི་ནི་ཟླ་7པའི་ཚེས་9ཉིན་གྱི་སྔ་དྲོར་ཞུས་ལིན་གྱིས་ཚོགས་པ་ཁྲིད་དེ་ཀླད་སྐྱོན་བྱིས་པར་གཤགས་བཅོས་བྱེད་བཞིན་པ་ཡིན།
             “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་བྱེད་སྒོའི་ནང་སྔ་རྗེས་སུ་ཐེངས་ལྔ་ཞུགས་ནས་སླར་ཡང་སེམས་ཀྱི་ཉི་ཟླར་སླེབས་པའི་སྨན་པ་མུའུ་ཞའོ་ཧུང་གིས་འགྲིམ་འགྲུལ་དང་དཔལ་འབྱོར་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་ཀླད་སྐྱོན་ཕོག་པའི་བྱིས་པའི་ཁྱིམ་ཚང་མང་པོ་ཞིག་ཐག་ཉེ་སར་སྨན་པའི་ཚོགས་པ་ཡག་པོ་དང་བློ་ཡིད་ཚིམ་པའི་སྨན་བཅོས་ཆ་རྐྱེན་འཕྲད་དཀའ་བ་དང་། ཐག་རིང་འགྲུལ་བཞུད་ཀྱིས་ཁུན་མིང་སོགས་ས་ཁུལ་དུ་སྨན་པ་བསྟེན་པར་བསྐྱོད་ནའང་གཤགས་བཅོས་དང་དྲག་སྐྱེད་ཀྱི་འགྲོ་གྲོན་སྒོར་ཁྲི་བཅུ་ཕྲག་འཁུར་དཀའ་བ་རེད། ཁོ་མོས་ནམ་རྒྱུན་བྱིས་པ་དེ་དག་ལ་ཤ་ཚ་བ་དང་། དུས་མཚུངས་སུ་སྤྱི་ཕན་བྱ་འགུལ་ནང་ཞུགས་པས་སེམས་གསོ་ཡང་ལྡབ་འགྱུར་གྱིས་བྱེད་ཅིང་། “‘ཀྲུང་གོའི་སེམས་པ་མཉམ་གཏོད།ང་ཚོས་འགུལ་སྐྱོད་བྱེད་བཞིན་ཡོད’ཅེས་པ་དེ་འབོད་ཚིག་ཁོ་ན་ཙམ་མིན་པར་ལོ་ཤས་རིང་ང་རང་སྤྱི་ཕན་བྱ་འགུལ་ནང་ཞུགས་ཏེ་རང་ནུས་ཅི་ལྕོགས་ཀྱིས་བདེ་ཐང་སླར་གསོ་བྱེད་རོགས་བྱེད་ཀྱིན་ཡོད། ངའི་བསམ་པར་བྱིས་པ་དང་ཁྱིམ་ཚང་གི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་རེད།”