ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

“ཏང་འཛུགས་སྐྱོང+གཞི་རྩའི་འཛུགས་སྐྲུན”གྱི་རྣམ་པ་གསར་པས་བོད་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་པ།

སྤེལ་དུས 2019-07-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཏེ། ཉི་མ་རྫོང་གི་ཆན་ཧྥུ110ཡི་གསར་སྐྲུན་གློག་སྒྱུར་ས་ཚིགས་འཛུགས་སྐྲུན་བྱ་ཡུལ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བའི་བརྗོད་དོན་གཙོ་བོའི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་། དེ་ནི་ཀུང་སི་དེས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་བ་གོ་སྐབས་སུ་བཟུང་སྟེ། ནུས་ཤུགས་ཡོད་རྒུས“ཏང་འཛུགས་སྐྱོང་+གཞི་རྩའི་འཛུགས་སྐྲུན”གྱི་རྣམ་པ་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་ནས“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་པའི་ལག་ལེན་ཐེངས་ཤིག་རེད།
            མིག་སྔར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“ཆུས་གསུམ་དང་ཁུལ་གསུམ”གྱི་གློག་དྲ་འཛུགས་སྐྲུན་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་བ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “མི་དམངས་གློག་ལས་མི་དམངས་ཀྱི་ཆེད་དུ་ཡིན་པའི”ཁེ་ལས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ནས་ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ཕུགས་བསམ་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱེད་དགོས།
            ཐེངས་འདིའི་བྱེད་སྒོའི་ཁྲོད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གི་མི་སྣའི་འཐུས་མི་བསྡོམས་པས་མི100ལྷག་ཙམ་ཞུགས་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“ཏང་འཛུགས་སྐྱོང+གཞི་རྩའི་འཛུགས་སྐྲུན”གྱི་རྣམ་པ་གསར་བར་སྐུལ་འདེད་བཏང་བའི་དམིགས་ཡུལ་ནི་ཏང་འཛུགས་སྐྱོང་ལས་དོན་དེ་ལས་གཞིའི་སྤུས་ཚད་དང་། བདེ་འཇགས། མྱུར་ཚད་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་ལས་གཞི་དོ་དམ་གྱི་ལེགས་ཆར་འགྱུར་བ་བྱ་རྒྱུ་དེ་རེད།
རྩོམ་སྒྲིག་པ། སངས་སྐྱབས།