ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་མཚོ་སྔོན་རྨ་ལྷོ་ཁུལ་དུ་འཚོགས་པ།

སྤེལ་དུས 2019-07-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྣང་རྡོ།

ཚོགས་འདུའི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་19ཉིན། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་འགོ་ཁྲིད་དང་ཆེད་མཁས་པ། སྨྱན་སྦྱོར་ལས་རིགས་སྡེའི་གྲོགས་པོ་བཅས་རེབ་གོང་གསེར་མོ་ལྗོངས་སུ་མཉམ་འཛོམས་བྱུང་སྟེ། མཚོ་སྔོན་རྨ་ལྷོ་ཚགས་པར་ཁང་གིས་གཉེར་འགན་འཁུར་ཞིང་རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་གནང་སྟེ་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་དངོས་སུ་ཚོགས་འགོ་ཚུགས་ནས་སྨྱན་སྦྱོར་གཉེར་བའི་ཉམས་མྱོང་མཉམ་སྤྱོད་དང་། དྲིལ་སྒྲོག་གསར་གཏོད་ལ་མཉམ་གྲོས་བྱེད་པ། མཉམ་འདྲེས་འཕེལ་རྒྱས་ལ་མཉམ་ཇུས་བཏོན་པ་རེད། 
          ཚོགས་འདུའི་ཐོག་བརྡ་ཆད་གསར་པའི་ཐད་བརྡ་ཁྱབ་ཀྱི་གསལ་བཤད་ཁྱབ་བསྒྲགས་བཏང་པ་དང་འབྲེལ་ཚོགས་ཆུང་ཁག་བགོས་ཀྱིས་བྲིས་རྩོམ་ལ་ཞིབ་དཔྱད་ཀྱང་སྤེལ་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བ་དེ་མཚོ་སྔོན་མཚོ་ལྷོ་ཚགས་པར་ཁང་གིས་གཉེར་འགན་འཁུར་རྒྱུ་དང་ཡོངས་འཛིན་དྲ་བས་རོགས་སྒྲུབ་གནང་པར་གཏན་འཁེལ་གནང་པ་རེད། 
ཚོགས་འདུར་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད།
          ཚོགས་འདུའི་ཐོག ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། 《རྨ་ལྷོའི་བོད་ཡིག་ཚགས་པར》སྤེལ་ནས་ལོ་20འཁོར་བའི་ལོའང་ཡིན་པ་མ་ཟད། ལྷག་པར་ཐེངས་འདིའི་ཚོགས་འདུ་ནི་2019ལོའི“མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན”སྐབས་དང་པོ་འགོ་ཚུགས་པའི་དུས་སྐབས་དང་འཁེལ་ཡོད་པས། པེ་ཅིང་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར་ལས་རིགས་ཀྱི་འགོ་ཁྲིད་དང་ཆེད་མཁས་པ། སྨྱན་སྦྱོར་ལས་རིགས་ཀྱི་གྲོགས་པོ་དག་རེབ་གོང་རིག་པ་འབྱུང་པའི་གྲོང་ཚོར་མཉམ་འཛོམས་ཀྱི་སྐལ་བ་ལྡན་པ་དང་། དེས་ནི་བོད་ཡིག་སྨྱན་སྦྱོར་ལས་དོན་གྱི་ཉམས་མྱོང་སྤེལ་རེས་དང་སྨྱན་སྦྱོར་མཐུན་སྦྱོར་གཏིང་ཟབ་གཏོང་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་བྱུང་། 
          ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱེད་པ། བོད་ཡིག་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། “རྐང་ཤུགས་དང་མིག་ཤུགས། ཀླད་ཤུགས། སྨྱུག་ཤུགས”བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། འདུ་ཤེས་འཛིན་སྟངས་ཀྱི་འཐབ་སར་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ། སྤྱོད་ལམ་དངོས་ཀྱི་སྟེང་ནས་“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྲུང་ཐུབ་པ་བཅས་བྱས་ཏེ། བོད་ཡིག་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་བྱེད་པའི་དུས་རབས་ཀྱི་ངེས་གནས་དང་ཁྱབ་སྤེལ་བྱེད་སྟངས་ཡག་ཤོས་འཚོལ་ཞིབ་བྱས་པ་བརྒྱུད། བོད་ཡིག་སྨྱན་སྦྱོར་ཚན་པས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་གང་ལེགས་བྱེད་རྒྱུ་དང་། སྔོན་ཐོན་རིག་གནས་ཁྱབ་སྤེལ་བྱེད་པ། ཚན་རིག་ཤེས་བྱ་ཁྱབ་སྤེལ་བྱེད་པ། གླེང་ཕྱོགས་ཀྱི་འཐབ་ས་ཡག་པོ་སྲུང་བ། སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་དང་བོད་རིགས་ས་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་གཏོད་དགོས་ཞེས་བསྟན།
ཚོགས་རའི་ཡུལ་དངོས།
          ཐེངས་འདིའི་ཚོགས་འདུར་ཕུལ་བྱུང་གསར་རྩོམ་བརྩམས་ཆོས་དང་སྒྱུར་རྩོམ། དཔྱད་རྩོམ་སོགས་བརྙན་འཕྲིན་དང་རླུང་འཕྲིན། སྨྱན་སྦྱོར་གསར་པ་འདུས་པའི་བརྩམས་ཆོས་290ལྷག་ཙམ་འབྱོར་ཡོད་ཅིང་། བོད་ཡིག་སྨྱན་སྦྱོར་ལས་ཁུངས་40དང་སྨྱན་སྦྱོར་ལས་གཉེར་པ་མི་70ལྷག་ཙམ་ཚོགས་འདུ་ཞུགས་ཡོད་པ་རེད། 
          ཚོགས་འདུའི་རིང་། ཚོགས་ཞུགས་འཐུས་མི་དག་གིས་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་གནང་རྒྱུ་དང་། རེབ་གོང་རྫོང་རོང་བོ་གྲོང་རྡལ་ས་དཀྱིལ་སྡེ་བའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེབ་གོང་གི“དྲུག་པའི་ཀླུ་རོལ”དང་རེབ་གོང་སྒྱུ་རྩལ་དཔེ་སྟོན་དུད་ཚང་། ཀླུ་སྒྲུབ་རི་མོ་གླིང་། རེབ་གོང་རིག་འབྱུང་སྒྱུ་རྩལ་ཁྲིད་སྦྱོང་ཁང་བཅས་སུ་ཡུལ་དངོས་བཅར་འདྲི་བྱེད་པ། ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོ་དང་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་སོགས་སུ་ཡུལ་དངོས་རྒྱུས་ལོན་གནང་རྒྱུ་རེད། 
          ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུ་ནི་ཟླ་7པའི་ཚེས་22ཉིན་གྲོལ་རྒྱུ་རེད།