པར་འདི་ནི་མགོན་པོ་ཚེ་རིང་གི་ཁོ་ཧྥེ་ཁང་རེད།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཁོ་ཧྥེ་འཐུང་ཞོར་དཔེ་ཀློག་གནང་ཆོག་ལ། ཕྱི་དྲོའི་དུས་ཡུན་རིང་ཇ་འཐུང་ཞོརWi-Fiབཀོལ་ནས་གླེང་མོལ་བྱས་ཀྱང་ཆོག་པའི་ཁོ་ཧྥེ་ཁང་ཞིག་བཙུགས་ཡོད་པ་རེད། ཟླ་7ཚེས་15ཉིན་ཁོ་ཧྥེ་ཁང་གི་སྦྱིན་བདག་བོད་ཀྱི་ན་གཞོན་ལས་གཏོད་པ་མགོན་པོ་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
པར་འདི་ནི་མགོན་པོ་ཚེ་རིང་གིས་མགྲོན་པོར་ཟས་སྣ་འདེམས་ཏུ་འཇུག་བཞིན་པ་རེད།
ཕུགས་འདུན་རྨོངས་སེམས་ལས་བརྒལ་ཚེ་མི་ཚེར་རིན་ཐང་དེ་བས་ལྡན།
“སློབ་ཆེན་སྐབས་ངའི་ཆེད་ལས་ནི་གློག་རྡུལ་ཚོང་དོན་ཡིན་ཏེ།2012ལོར་སློབ་མཐར་ཕྱིན་རྗེས།རང་ཉིད་ཀྱིས་འབྱུང་འགྱུར་མི་ཚེ་ལ་ཁ་ཕྱོགས་དེ་འདྲའི་གསལ་པོ་མེད་པར། ང་རང་ཡང་ལོ་མཉམ་དག་འཕྲད་སྲིད་པའི་དོན་དག་མང་པོ་ཞིག་ལ་འཕྲད་པ་དང་། དཔེ་ཀློག་དང་ལས་ཀ་སྒྲུབ་པ། གཉེན་སྒྲིག་པ། ཕྲུ་གུ་སྐྱེས་པ་བཅས་ཀྱི་འཚོ་བའི་དུས་རིམ་ནི་ལྷན་སྐྱེས་ཀྱི་འཚོ་བ་ཞིག་ཏུ་སྣང་ཡང་སྐབས་དེར་ང་རང་འདི་ལྟ་བུའི་བརྒྱུད་རིམ་ལ་སུན་སྣང་སྐྱེས་གི་འདུག དེ་ལྟར་ནའང་ཕྱིས་ཀྱི་ལོ་ངོ་གསུམ་གྱི་ཉམས་མྱོང་གིས་བློ་སེམས་མི་བདེ་བའི་ཚོར་སྣང་དེ་རིམ་བཞིན་མེད་པར་གྱུར།
2012ལོར་སློབ་ཆེན་ནས་ཐོན་པའི་མགོན་པོ་ཚེ་རིང་ཡང་ན་གཞོན་མང་པོ་ཞིག་དང་འདྲ་བར་སྤྱི་ཚོགས་ཀྱི་གར་སྟེགས་ཆེན་པོའི་སྟེང་རང་ཉིད་ལ་འཚམ་པའི་ལས་གནས་ཤིག་རྙེད་ཐུབ་མེད་དེ། དང་ཐོག་ཁོས་ཟི་ལིང་གི་ཁོ་ཧྥེ་ཁང་ཞིག་ཏུ་ཞོར་ལས་བྱས་ཤིང་དེ་ག་ནས་རིམ་བཞིན་ཁོ་ཧྥེ་རིག་གནས་ལ་ཤེས་རྟོགས་བྱུང་ཞིང་། ལོ་ངོ་གཅིག་སོང་རྗེས་ཁོ་ཧྥེ་གསོ་སྦྱོང་དགེ་རྒན་ཞིག་ཏུ་གྱུར། 2015ལོར་མགོན་པོ་ཚེ་རིང་མཚོ་སྔོན་པོའི་འགྲམ་གྱི་རྨོག་རུ་སྤྲོ་གླིང་དུ་ཡོང་ནས་གྲོགས་པོའི་ཨར་ཁང་གི་ཚོམས་ཆེན་ཏུ་སྡོད་ཁུལ་ཞིག་གླས་ཏེ་ལས་གཏོད་ཀྱི་ལམ་བུའི་ཐོག་དངོས་སུ་བསྐྱོད་འགོ་བརྩམས་པ་རེད།
པར་འདི་ནི་མགོན་པོ་ཚེ་རིང་གིས་ཁོ་ཧྥེ་སྲན་མ་འདེམས་བཞིན་པ་རེད།
ཕ་ཡུལ་གྱི་བྲོ་བ་སྔར་བས་ཇེ་ཟབ་ཏུ་ཕྱིན་པ།
2016ལོར་མགོན་པོ་ཚེ་རིང་གིས་ལོ་ཤས་རིང་བསགས་པའི་གསོག་དངུལ་འཁྱེར་ནས་རང་ཉིད་ཀྱི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ལོག་ནས་རང་ཉིད་ཀྱི་ཁོ་ཧྥེ་ཁང་ཞིག་དངོས་སུ་བཙུགས་པ་དང་། མ་གཞི་རང་ཉིད་ཀྱི་བྱ་གཞག་དེ་ལྟར་འཕེལ་རྒྱས་འགྲོ་ངེས་སྙམ་པའི་མགོན་པོ་ཚེ་རིང་ལོ་གཉིས་ཀྱི་རྗེས་སུ་སླར་ཡང་ཟི་ལིང་དུ་ལོག “དང་ཐོག་ངའི་བསམ་པར་ཕྱི་རོལ་གྱི་འཇིག་རྟེན་དུ་ནུས་རྩལ་མང་པོ་སྦྱོང་ངེས་ལ་རང་ཉིད་ཀྱི་ཉམས་མྱོང་ཡང་མང་དུ་ཕྱིན་ཐུབ་ནས་དེ་དག་ཚང་མ་ཕྱིར་ཕ་ཡུལ་དུ་ཁྱེར་ཏེ་ཡུལ་མི་རྣམས་དང་མཉམ་དུ་ལོངས་སྤྱོད་བྱེད་བསམ་པ་ཡིན། ”
མགོན་པོ་ཚེ་རིང་གིས་གསར་འགོད་པར“ཕྱིས་སུ་ཟི་ལིང་ནས་རྨོག་རུ་དང་དེ་ནས་མདོ་ལ་བར། མཐར་ཟི་ལིང་དུ་ཕྱིར་ལོག་པའི་བརྒྱུད་རིམ་ཁྲོད། ངས་ཕྱི་རོལ་གྱི་འཇིག་རྟེན་ནས་ཕྱིར་ཁྱེར་པ་དེ་ནི་གྲུབ་འབྲས་སུ་བརྩི་མི་རུང་པར། ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་དངོས་མང་པོ་ཕྱི་རུ་ཁྱེར་ནས་གྲོགས་པོ་དག་དང་ལོངས་སྤྱོད་བྱས་ཚེ། དེ་ནི་ད་གཟོད་གྲུབ་འབྲས་ཡག་ཤོས་ཡིན་ཏེ། ངའི་ཕ་ཡུལ་དུ་ཁྱད་ལྡན་བཟའ་བཅའ་མང་པོ་ཡོད་པ་མ་ཟད་སྤུས་ལེགས་ཐོན་དངོས་དེ་ལས་ལྷག་པ་མང་པོ་ཡོད་པ་རེད། དེ་དག་ཕྱི་ལ་ཁྱེར་རྒྱུ་དང་གཞན་དག་གིས་ངའི་ཕ་ཡུལ་ལ་རྒྱུས་ལོན་དེ་ལས་ལེགས་པོ་བྱུང་ན་དེ་ནི་དོན་སྙིང་དེ་བས་གཏིང་ཟབ་ལྡན་པ་ཞིག་རེད”ཅེས་པའི་གནས་ལུགས་གསལ་པོར་རྟོགས།
པར་འདི་ནི་མགོན་པོ་ཚེ་རིང་གིས་ཁོ་ཧྥེ་བཟོ་བཞིན་པ་རེད།
གདོང་ཐུག་བྱུང་ཚེ་ཁྱད་ལྡན་ལ་དེ་བས་རིན་ཐང་ལྡན།
“ང་ནི་ཁོ་ཧྥེ་བཟོ་མཁན་ཞིག་ཡིན་ཏེ།ང་རང་ཉིད་འདུས་པའི་ངའི་ཐོན་དངོས་ཡོད་ཚད་ནི་ཁོ་ཧྥེ་དང་འབྲེལ་བ་དམ་ཟབ་ཡོད་མོད། དེ་ལྟར་ནའང་དེ་དག་ཚང་མ་མཉམ་དུ་སྦྱོར་དགོས་ཞེས་པ་མིན་པར་དེ་དག་ཚང་མ་གདོང་ཐུག་རྒྱག་དགོས་ཞེས་པ་ཡིན། ལས་གཏོད་ཀྱི་དུས་མགོར་ཐོན་རྫས་གསར་པ་བཟོ་དགོས་པ་གཅིག་པུ་བསམ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཅའི་རྒྱུ་ཆ་མང་པོ་ནུབ་ཟས་དང་རྒྱ་ཟས་ནང་བླུགས་ནས་ཐོན་རྫས་གསར་པ་ཁག་ཅིག་བཟོ་ཁུལ་བྱས་པ་ཡིན་ལ། ངས་ནི་བཟའ་བཅའི་རྒྱུ་ཆ་མི་འདྲ་བ་གཉིས་འཕྲུལ་ཆས་ཀྱིས་མཉམ་གཅིག་ཏུ་བསྲེས་པར་ཚོད་ལྟ་ཐེངས་མང་བྱས་པ་ཡིན་མོད། དེས་ཐོན་འབྲས་ནི་ཤིན་ཏུ་བློར་མི་རུང་པ་ཞིག་རེད། དེས་ནི་ངས་ད་གཟོད་བཟའ་བཅའི་རིག་གནས་ཀྱི་རང་རྐྱའི་རང་བཞིན་ལ་ཤེས་རྟོགས་བྱུང་པ་སྟེ། བཟའ་བཅའ་དང་བཟའ་བཅའི་བར་མཉམ་བསྲེས་བྱེད་པ་མ་ཡིན་པར་གདོང་ཐུག་རྒྱག་དགོས་ཤིང་། སྐད་ཅིག་མ་དེར་ང་ཚོའི་ལྕེ་རྩེའི་བཟའ་བཅའི་གདོང་ཐུག་གསལ་པོར་ཚོར་ངེས། དེའི་ཕྱིར་ད་ལྟ་ངས་ཅི་ཞིག་སྒྲུབ་ཀྱང་། ཕྱོགས་གང་རུང་གི་དངོས་པོ་དག་བཙན་གྱིས་མཉམ་དུ་སྦྱོར་མི་སྲིད་ཅིང་། རང་ཉིད་ཀྱི་ཁོ་ཧྥེ་ཁང་གི་ཐོན་རྫས་ཡིན་ནའང་འདྲ། ཡང་ན་དེའི་རྗེས་སུ་ངས་བསྒྲུབ་འདོད་པའི་བྱ་བ་ཡིན་ནའང་འདྲ། ངས་བསམ་པར་གདོང་གཏུག་དེ་ལས་མང་པོ་བྱུང་རྒྱུ་ལས་གང་འདོད་དུ་མཉམ་དུ་བསྲེས་མི་རུང་པར་འདོད།”
པར་འདི་ནི་མགོན་པོ་ཚེ་རིང་གིས་ཁོ་ཧྥེ་ཁང་ལ་གཙང་སྦྲ་བྱས་ཏེ་ལས་ཀ་གྲོལ་བར་གྲ་སྒྲིག་བྱེད་བཞིན་པ།
དེང་ཆར་ལོ་ན28ལ་སླེབས་པའི་བོད་ཀྱི་གཞོན་ནུ་མགོན་པོ་ཚེ་རིང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བོད་ལུགས་ཁྱད་ཆོས་ཀྱིས་ཕྱུག་པའི་ཁོ་ཧྥེ་ཁང་དེའི་ནང་འཚོལ་ཞིབ་དང་གདོང་ཐུག་གང་མང་བརྒྱབ་པ་བརྒྱུད། ཁྱད་ཆོས་མངོན་གསལ་དོད་ཅིང་དགའ་བསུ་ཆེན་པོ་ཐོབ་པའི་བོད་བཟོའི་ཁོ་ཧྥེ་ནས་ཀྱི་ཚིག་ཇ་དང་མར་གྱི་ཇ་ནག་ལྟ་བུའི་ཞིམ་ཟས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།