ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཁྲ་གླིང་དགོན་གྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་ལྷིང་སྲུང་སྐྱོབ་ལ་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད།

སྤེལ་དུས 2019-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་སྐྱབས།

ཁྲ་གླིང་དགོན།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མགོ་ལོག་དར་ལག་རྫོང་གི་ཁྲ་གླིང་དགོན་ནི་རིག་གནས་ཆེ་ཆུང་ལྔ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བའི་སློབ་གླིང་ཞིག་ཡིན་ལ། དགོན་པ་ཡོངས་ཀྱི་གྲྭ་བཙུན་རྒྱ་ཆའི་གོ་ལྔ་ཡན་གྱིས་འདི་ནས་ནང་བསྟན་རིག་གནས་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་མཉམ་དུ། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ། རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། ད་དུང་དཔེ་ཆ་དང་དུས་དེབ། དྲྭ་རྒྱ། བརྙན་འཕྲིན་སོགས་ཀྱི་ལམ་ནས་དེང་རབས་རིག་གནས་ཤེས་བྱ་སློབ་སྦྱོང་བྱས་ནས་གྲྭ་བཙུན་གྱི་བསམ་བློའི་འདུ་ཤེས་དང་སྤྱོད་ལམ་སྟེང་འགྱུར་ལྡོག་འབྱུང་བ་དང་རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་བརྩི་སྲུང་གི་མཁའ་དབུགས་ལེགས་པོ་ཆགས་ཡོད།

དམར་དམག་ལ་རོགས་སྐྱོར་བྱེད་བཞིན་པ།
          ཁྲ་གླིང་དགོན་གྱིས་ནན་ཏན་སྒོས་ནང་བསྟན་གྱིས་སེམས་ཅན་ཐམས་ཅད་ལ་དགེ་བའི་ལས་སྒྲུབ་པའི་དམིགས་ཡུལ་ལྟར། དགོན་པའི་རང་ཁ་རང་གསོ་རྒྱུན་འཁྱོངས་དང་ཡུལ་བབ་དང་བསྟུན་ནས་ཚོང་ལས་སྣ་མང་གཉེར་བ་དང་ཡོང་སྒོའི་ལམ་བུ་བརྒྱ་བསྐྱེད་དེ། དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་། སྔ་གཞུག་ཏུ་སྒོར་ཁྲི་100ལྷག་བཏང་ནས་དགོན་པའི་ཚོང་ཁང་དང་ཟ་ཁང་། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱས། སྣ་མང་རོང་གཉེརལ་བརྟེན་ནས་དགོན་པའི་ཡོང་སྒོ་འཕར་བ་དང་དགོན་པའི་རང་ཁ་རང་གསོའི་ནུས་པ་ཇེ་མཐོར་སོང་ཡོད་ལ་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་སོང་བས་རྫོང་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་རང་ཁ་རང་གསོའི་དཔེ་མཚོན་དུ་འགྱུར་པར་འབད་པ་བྱེད་བཞིན་འདུག དེ་དང་མཉམ་དུ་དགོན་པས་རྒྱལ་ཁབ་བདེ་ཞིང་མི་དམངས་སྐྱིད་པའི་སྨོན་ལམ་འདེབས་བཞིན་ཧུར་ཐག་གིས་སྤྱི་ཕན་ལས་དོན་ཁྲོད་ཞུགས་ནས་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས་ཤིང་། དགོན་པས་མཐའ་འཁོར་གྱི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་18 ཁྱད་དབུལ་སློབ་མར་སྒོར་ཁྲི་10ཡིས་རོགས་སྐྱོར་བྱས་པ་དང་། དད་ལྡན་མང་ཚོགས་ལ་སྒོར་ཁྲི་8ཀྱི་རོགས་སྐྱོར་བྱས། གྲྭ་བཙུན་སྐུལ་སློང་བྱས་ནས་ཡུས་ཧྲུའུ་དང་བུན་ཁྲོན་གནོད་ཐེབས་ས་ཁུལ་ལ་དངོས་ཟོག་དམངས་སྒོར་ཁྲི་7གྱི་རིན་པ་ཞལ་འདེབས་གནང་ནས་སྨོན་ལམ་རྒྱ་ཆེར་གསུང་བ་དང་དུས་རབས་གསར་བའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་བཟང་དར་སྤེལ་བཏང་དང་གཏོང་བཞིན་ཡོད་དོ། དེ་ཡང་དགོན་སྡེ་འདི་ཉིད་དམར་དམག་དགའ་བས་བསུ་བ་དང་དམར་དམག་ལ་རོགས་སྐྱོར་བྱེད་པའི་བོད་ཁུལ་གྱི་དགོན་པ་ཐོག་མ་ཡིན་པར་བཤད།

གཟེངས་རྟགས་སྣ་ཚོགས།
          ཉེ་བའི་ལོ་འདི་དག་གི་རིང་ལ་གོང་རིམ་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྔ་གཞུག་ཏུ་ཐེངས་མང་པོར་དགོན་པར་ཟབ་ཞུགས་བྱས་ནས་དགོན་པའི་གནས་ཚུལ་ལ་རྟོག་ཞིབ་དང་དགོན་པའི་དོ་དམ་དང་མི་རིགས་མཐུན་སྒྲིལ་བྱ་བར་མཛུབ་སྟོན་དང་ཐུགས་ཁུར་གནང་བ་དང་། དགོན་པའི་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱས།།