ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་ལོ་ངོ་65འཁོར་བའི》དྲན་རྟེན་སྦྲག་འཛིན་དངོས་སུ་འགྲེམས་སྤེལ་བྱས།

སྤེལ་དུས 2019-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་10ཉིན།“བརྗིད་ཉམས་ལྡན་པའི་ལོ་ངོ་70དང་མཚོ་སྔོན་གསར་པ་བསྐྲུན་པར་འབད་འཐབ་བྱེད་ཅེས་2019ལོའི་རྒྱལ་ཡོངས་ཀྱི་གཙོ་གནད་དྲ་རྒྱའི་སྨྱན་སྦྱོར་གྱིས་མཚོ་སྔོན་ལ་བལྟ”ཞེས་པའི་བཅར་འདྲི་ཚོགས་པ་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་དུ་འབྱོར་ཞིང་། ས་ཚིགས་དང་པོ་ནི“ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་ལོ་ངོ65འཁོར་བའི་དྲན་རྟེན་སྦྲག་འཛིན་འགྲེམས་སྤེལ་མཛད་སྒོའི”ན་གོར་མོ་ཡན་ལག་ཚོགས་ར་ཡིན་པ་དང་། གནས་དེ་གར་ཐུན་མོང་སྒོས་དྲན་རྟེན་སྦྲག་འཛིན་འགྲེམས་སྤེལ་གྱི་བདེན་དཔང་བྱས་པ་རེད།

འདི་ནི་མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན།  ཁྲོན་བོད་གཞུང་ལམ་གྱི་ཤར་ནི་ཁྲེང་ཏུའུ་ནས་མགོ་བརྩམས་པ་དང་། མཚོ་བོད་གཞུང་ལམ་གྱི་བྱང་དེ་ཟི་ལིང་ནས་ཡིན་ཞིང་། གཞུང་ལམ་གཉིས་པོ་1954ལོའི་ཟླ་12པའི་ཚེས་25ཉིན་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་པ་དང་།  སྤྱིའི་རིང་ཚད་ལ་སྤྱི་ལེ་4360ཡོད་པ་རེད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་གསར་པས་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། མིའི་རིགས་ཀྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་རླབས་ཆེའི་བྱ་སྤྱོད་ཅིག་ཀྱང་ཡིན། 1954ལོའི་དབྱར་མགོར།  མཚོ་བོད་གཞུང་ལམ་གྱི་མེས་པོ་དམག་དཔོན་མུའུ་ཧྲེང་ཀྲུང་གིས་ལམ་བཟོ་དམག་མི་ཁྲི་བཅུ་ལྷག་ལ་བཀོད་འདོམས་བྱས་ཏེ་ཐོག་ཐོག་ཆུ་བོར་ཟམ་པ་འཛུགས་པ་དང་། གཉན་ཆེན་ཐང་ལྷའི་རི་བཤགས་པ། ཁུ་ནུ་ཟམ་པའི་ཉེན་ཁ་བརྒལ་བ། ཡངས་པ་ཅན་གྱི་དཀའ་ངལ་སེལ་ཏེ་ཉིན་183ནང་མིའི་རིགས་ཀྱི་ལམ་བཟོའི་ལོ་རྒྱུས་སྟེང་ངོ་མཚར་བའི་གཏམ་རྒྱུད་བསྐྲུན་ཏེ།  ཀུན་གྱིས་དོ་སྣང་བྱེད་སའི་སྐམ་ས་མཐོན་པོའི་སྟེང་དུ་སེམས་འགུལ་ཆེན་པོ་ཐེབས་སུ་འཇུག་པའི་ལམ་བཟོའི་ལྷག་བསམ་དཀར་པོའི་གཏམ་རྒྱུད་བྲིས་ཤིང་། འཛམ་གླིང་གི་གཞུང་ལམ་ལོ་རྒྱུས་སྟེང་ངོ་མཚར་བའི་ལོ་རྒྱུས་བསྐྲུན་ནས་བོད་དུ་གཞུང་ལམ་མེད་པའི་ལོ་རྒྱུས་དེ་མཇུག་འགྲིལ་བ་རེད། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་གོ་རིམ་ཁྲོད་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པར་བློ་ཁ་བརྟན་པོས་འབད་བརྩོན་བྱས་ཏེ་དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི“ལམ་གཉིས”ཀྱི་སྙིང་སྟོབས་ཆགས་པ་དང་དར་སྤེལ་བཏང་ཡོད། 
          ལོ་ངོ་65རིང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱིས་མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ཞིང་ཆེན་གསུམ་འཕེལ་རྒྱས་ཤུགས་སྣོན་གཏོང་བར་ནུས་པ་ཆེན་པོ་བཏོན་ཏེ་མཚར་སྡུག་འོད་སྟོང་འབར་བའི་ལེའུ་བརྩམས་ཡོད། ལོ་ངོ་65ཡི་རིང་ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཕེལ་རྒྱས་སུ་ཕྱིན་པ་དེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བདེན་དཔང་བྱས།

འདི་ནི་མཛད་སྒོར་ཞུགས་མཁན་གྱི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་བདག་སྐྱོང་མི་སྣའི་འཐུས་མི་རེད།
          ད་ཐེངས་འགྲེམས་སྤེལ་བྱས་པའི《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་ལོ་ངོ་65འཁོར་བའི》དྲན་རྟེན་སྦྲག་འཛིན་ཆ་ཚང་གཅིག་ལ་ནང་དོན་གཉིས་ཡོད་པ་དང་། སྦྲག་འཛིན་གྱི་རི་མོའི་མིང་ནི་ཁྲོན་བོད་གཞུང་ལམ་དང་། མཚོ་བོད་གཞུང་ལམ་ཡིན་ཞིང་། སྦྲག་འཛིན་ཆ་ཚང་གཅིག་གི་ངོས་རིན་སྒོར་2ཡིན་པ་རེད།

འདི་ནི《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་ལོ་ངོ་60འཁོར་བའི》དྲན་རྟེན་སྦྲག་འཛིན་གྱི་སྒོ་བྱང་ཕྱེ་བའི་རྣམ་པ་རེད།
          སྦྲག་འཛིན་འདིའི་ཇུས་འགོད་ཐད་གློག་ཀླད་ཀྱི་བར་བཅུག་རི་མོའི་བྱེད་ཐབས་སྤྱད་ཅིང་། པར་རིས་དང་པོས་“ཁྲོན་བོད་ཟམ་ཆེན་ཨང་དང་པོར”འབོད་པའི་ཤིན་ཁང་ཟམ་ཆེན་ཡིན་པ་དང་། དེའི་གཞོགས་གཅིག་ནི་བདག་སྐྱོང་བཟོ་པའི་འཇིམ་རྐོས་ཡིན་ཞིང་། དེས་བདག་སྐྱོང་བཟོ་པས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“ལམ་གཉིས”ཀྱི་སྙིང་སྟོབས་ལག་ལེན་དུ་བསྟར་ནས་ཟམ་མི་ཆད་པར་འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྡོ་རིང་གསར་པ་གསར་གཏོད་བྱེད་པའི་ནང་དོན་མཚོན་པ་དང་། པར་རིས་གཉིས་པས“གནམ་འོག་གི་ལམ་འཛིན་ཨང་དང་པོའི”རྡོ་རིང་ལྟེ་བ་བྱས་ཤིང་། དེའི་གཞོགས་གཅིག་ནི་རི་བོ་གདང་ལའི་རྡོ་རིང་དང་གཙོད་སོགས་ཀྱི་རི་མོ་ཡིན་པ་དང་། དེས་འགྲོ་འོང་གི་བྲེལ་བ་ཆེ་བའི་རླངས་འཁོར་ལ་གཞོགས་འདེགས་བྱས་ནས་མི་རབས་ནས་མི་རབས་བར་གཞུང་ལམ་པས་རྒན་རབས་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་དུ་གཏོང་བ་མཚོན་ ཏེ། “འཛམ་གླིང་ཡང་རྩེའི”སྟེང་ངོ་མཚར་ཆེ་བའི་བྱས་རྗེས་བཞག་སྟེ་འགྲིམ་འགྲུལ་སྟོབས་ཆེ་བའི་རྒྱལ་ཁབ་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་རེད།