ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བོད་རིགས་རང་སྐྱོང་ཁུལ་བཅུ་ཡི་རྒྱན་གོས་འགྲེམ་སྟོན་སྤྲོ་ཚོགས་མི་འགྱངས་བར་མཚོ་ལྷོ་ནས་བསྡུ་རྒྱུ་རེད།

སྤེལ་དུས 2019-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་གྲུབ་ཚེ་རིང་།

            ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཞི་བའི་བོད་པའི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ་དེ་སྤྱི་ཟླ8པའི་ཚེས19ཉིན་དངོས་སུ་འཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། བོད་ཁུལ་ཆེན་མོ་བཅུ་ཡི་རྒྱན་གོས་འགྲེམ་སྟོན་སྤྲོ་ཚོགས་ཀྱི་བྱ་འགུལ་སྤེལ་ཏེ་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ཉམས་མངོན་རྒྱུ་ཡིན་པ་རེད།ཐེངས་འདིའི་བོད་ཀྱི་རྒྱན་གོས་འགྲེམ་སྟོན་གྱི་བྱ་འགུལ་སྟེང་། རང་ཁུལ་གྱི་རྫོང་ཁག་སོ་སོའི་རྒྱན་གོས་འགྲེམ་སྟོན་རུ་ཁག་ལས་གཞན་ད་དུང་བོད་རིགས་རང་སྐྱོང་ཁུལ་བཅུ་དང་ཞིང་ཆེན་ཕྱི་ནང་གི་ས་ཁུལ་སོ་སོའི་རྒྱན་གོས་འགྲེམ་སྟོན་རུ་ཁག་སྐོར་ཞིག་ཀྱང་གདན་ཞུ་ལྟར་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པས། མཚོ་ལྷོ་ཁུལ་གྱིས་སྔོན་འགྲོའི་སྟ་གོན་ལ་མཐོང་ཆེན་གནང་སྟེ། མིང་ཐོ་འགོད་པ་དང་གར་སྟེགས་ཇུས་འགོད། རོལ་མོ་སྒྲིག་བཟོ་བཅས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་འདུག མཚོ་ལྷོའི་རྨང་སྟུག་པོའི་རིག་གནས་དང་མི་རིགས་ལས་དོན་འཕེལ་རྒྱས་གཉིས་ཀྱི་རྣམ་པ་དང་གྲུབ་འབྲས་གསར་བ་དེ་ཕྱི་ཕྱོགས་ལ་མངོན་རྒྱུ་རེད།

            རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྐབས་བཞི་བའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་དང་དེང་རབས་རྒྱན་གོས་འགྲེམ་སྟོན།  བོད་ཀྱི་ཐོན་རྫས་འགྲེམ་འཚོང་ངོ་སྦྱོར། རྒྱན་གོས་ཁེ་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ་བཅས་ནང་དོན་ཆེན་མོ་བཞི་ཡིས་གྲུབ་ཡོད་པ་དང་། ཁུལ་དང་གྲོང་ཁྱེར་སོ་སོའི་འགྲེམ་སྟོན་རུ་ཁག་གདན་ཞུ་གནང་བ་དང་། མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་འགྲེམ་སྟོན་རུ་ཁག དེ་མིན་རྒྱན་གོས་ཁེ་ལས་སོགས་བྱ་འགུལ་ལ་ཞུགས་རྒྱུ་རེད།